User talk:Sazinkarpo

Page contents not supported in other languages.
ཡོང་ཁུངས་Wikipedia

ས་འཛིན་དཀར་པོའི་དྲ་ཚིགས།[རྩོམ་སྒྲིག]

ས་འཛིན་དཀར་པོ་གོ་ལའི་ཡང་རྩེ་འགྱིང༌། །ས་འཛིན་དཀར་པོ་ཆོས་སྲིད་ནོར་གྱིས་ཕྱུག ས་འཛིན་དཀར་པོ་གྲུ་འཛིན་གཉིས་པའི་ཞིང༌། །ས་འཛིན་དཀར་པོ་ཁྱོན་ནས་མི་ཕྱུགས་འཕེལ། ས་འཛིན་དཀར་པོ་བཙན་པོའི་ཁྱིམ་གཞི་དང༌། །ས་འཛིན་དཀར་པོས་འགྲོ་ཀུན་དེད་དཔོན་བསྲིངས། ས་འཛིན་དཀར་པོ་དལ་བབ་རྣམ་བཞི་ཁུངས། །ས་འཛིན་དཀར་པོ་གནའ་རབས་ལོ་རྒྱུས་མངའ། ས་འཛིན་དཀར་པོས་འགྲོ་མང་ཡིད་དབང་འཕྲོག །ས་འཛིན་དཀར་པོ་འཛམ་གླིང་རྒྱན་དུ་མཛེས། ས་འཛིན་དཀར་པོའི་མི་ལ་དགེ་བཅུ་ལྡན། །ས་འཛིན་དཀར་པོ་གདོང་ལྔའི་ཕ་ས་དང༌། ས་འཛིན་དཀར་པོ་རྒྱལ་བས་ལུང་གིས་བསྔགས། །ས་འཛིན་དཀར་པོར་རྒྱས་སྲས་ཞབས་ཀྱིས་བཅགས། ས་འཛིན་དཀར་པོའི་སྤང་ནས་རྒྱལ་བསྟན་དར། །ས་འཛིན་དཀར་པོའི་དབུ་འཕང་གཞན་ལས་མཐོ། ས་འཛིན་དཀར་པོའི་ཞི་བདེ་འོད་མདངས་འཕྲོ། །ས་འཛིན་དཀར་པོ་ལྟོ་བར་རིན་ཆེན་སྦྲུམ། ས་འཛིན་དཀར་པོ་ཡུལ་ལ་སྐྱེས་དུས་ནས། །ས་འཛིན་དཀར་པོ་ཁོ་བོ་མིང་དུ་གྲུབ། ས་འཛིན་དཀར་པོ་རིགས་གཅིག་སྤུན་རྣམས་ལ། །ས་འཛིན་དཀར་པོའི་གསོ་བ་རིག་པའི་སྐོར། ས་འཛིན་དཀར་པོའི་མིང་འཛིན་གུས་པ་ཡིས། །ས་འཛིན་དཀར་པོའི་ཡིག་ལམ་ཅི་སྤེལ་བར། ས་འཛིན་དཀར་པོ་དུང་བ་ཡོངས་ཀྱིས་གཟིགས། །ས་འཛིན་དཀར་པོས་སྔ་ནས་ད་བར་དུ། ས་འཛིན་དཀར་པོས་མཁས་དགུ་དགྱེས་པའི་གཞུང༌། །ས་འཛིན་དཀར་པོའི་ཞིང་ནས་སྣ་ཚོགས་བསྐྲུན༌། ས་འཛིན་དཀར་པོ་བཀའ་དྲིན་མི་བརྗེད་པར། །ས་འཛིན་དཀར་པོ་སྙིང་གི་དཀྱིལ་དུ་ཞོག ས་འཛིན་དཀར་པོ་ལྟ་བུ་ཡུལ་ལྗོངས་ཤིག །ས་འཛིན་དཀར་པོ་བརྒལ་ནས་འཚོལ་ན་ཡང༌། ས་འཛིན་དཀར་པོ་ཇི་བཞིན་རྙེད་མི་སྲིད། །ས་འཛིན་དཀར་པོ་ལས་རླུང་དགུང་དུ་བསྟོད། ས་འཛིན་དཀར་པོ་གནས་དེར་ངའི་མ་ཡུམ། །ས་འཛིན་དཀར་པོར་རང་དབང་བདེ་སྐྱིད་སྨོ

"https://bo.wikipedia.org/w/index.php?title=User_talk:Sazinkarpo&oldid=51552"ལས་སླར་རྙེད་སོང།