Jump to content

User talk:Loyaksamten

Page contents not supported in other languages.
བརྗོད་གཞི་ཁ་སྣོན།
ཡོང་ཁུངས་Wikipedia

མུན་ནག་གི་ལོ་ཟླ།

[རྩོམ་སྒྲིག]

རིག་གཞུང་དང་སློབ་གསོ་ནས་འགོས་པའི་ནད་ཡམ་ཞིག་གིས་མི་རིགས་འདི་འཆི་ལ་ཉེ། ལོ་རབས་ལྔ་བཅུ་པ་ནས་བཟུང་།མི་རིགས་ཆེན་པོའི་རིང་ལུགས་ཀྱིས་དབང་ཤུགས་དང་རིགས་གཞུང་གིས་ཤན་ཤུགས རབ་དང་རིམ་པ་ཐེབས་ཏེ།མི་གཞི་ལ་མི་ཆོས་ཀྱི་དྲི་མ་རིང་དུ་དོར་ཏེ་མི་སྤྱོད་ལས་འདས་པའི་བྱ་སྤྱོད་རིམ་ པར་འགོས་ཏེ་སྤྱི་ཚོགས་ཐོག་གི་མཐོ་རིམ་མི་སྣ་དང་།དམངས་ཁྲོད་ཀྱི་དགེ་རྒན་དང་ལས་བཟོ་བ་ཡོངས་ ནི་རྒྱ་མིན་བོད་མིན་ཞིག་ཏུ་གྱུར་པ་མ་ཟད།ལྐོག་ཟ་རུལ་སོང་དང་མ་རབ་ཐ་ཤལ་གྱི་བྱ་བར་འབད་པ་ནི། ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་རེད།དཔེར་མཚོན་ཙམ་ཞིག་བརྗོད་ན།ཁམས་ཁུལ་གྱི་སློབ་ཆུང་ཞིག གི་སློབ་གཙོ་ཞིག་གིས་རང་ལོ་བཅུ་གསུམ་ཡས་མས་ཡིན་པའི་སློབ་ཕྲུག་བུ་མོ་གཉིས་ལ་བཙན་གཡེམ་བྱས པས་སློབ་མའི་ཁྱིམ་བདག་གིས་ཞུ་གཏུགས་བྱེེད་རྩིས་བྱས་པས་སློབ་གཙོ་དེའི་སློབ་ཕྲུག་རེར་རྒྱ་གོར་ཁྲི་གསུམ་ རེ་སྤྲད་དེ་ཉེས་སྐྱོན་སྦས་གསང་བྱ་ཐབས་བྱས་འདུག།དེར་རྟེན་མི་རིགས་འདིའི་ནམ་ཡང་མགོ་བོ་འདེགས་ཐུབ་མི་ སྲིད།