User talk:Kyab1314

Page contents not supported in other languages.
ཡོང་ཁུངས་Wikipedia


ཝི་ཁི་རིག་མཛོད་འདི་རྒྱུ་ཆ་དང་ཡིག་ཁུངས་འཚོལ་བ་ལ་ཕན་ཐོགས་ཧ་ཅང་ཆེན་པོ་འབྱུང་བས། ང་ཚོ་བོད་པ་རྣམས་ཀྱིས་ཀྱང་ཆ་རྐྱེན་འདི་བེད་སྤྱད་དེ་བོད་ཀྱི་ནང་བསྟན་གྱི་སྐོར་དང་། མི་སྣ་གྲགས་ཅན་དང་ལོ་རྒྱུས། སྲོལ་རྒྱུན་ཡོ་བྱད། བོད་མིའི་རྒྱུན་སྲོལ་སོགས་ཀྱི་དཔྱད་གཞིའི་ཡིག་ཆ་ལ་སོགས་པ་རང་རང་གི་ལྕོགས་ཚོད་ཀྱིས་འདི་རུ་བཀོད་ན་ཀློག་མཁན་དང་དོན་གཉེར་ཅན་ཁྲི་ཕྲག་མང་བོར་སྨན་ངེས་པས་དེ་བཞིན་མཛད་རོགས་ཞེས་འབོད་སྐུལ་ལན་བརྒྱར་ཞུ་བཞིན་པ་ལགས།

སྤྱིར་འདི་ལྟ་བུ་ཞིག་ལ་རབ་ཡིན་ན་གཞུང་གིས་ཐབས་ཤེས་བྱ་བའམ་ཡང་ན་ཚོགས་པ་ཆེན་པོ་ཞིག་གིས་ལག་པ་འཆང་ན་སྙམ་ཡང་ད་བར་དེ་ལྟ་མ་བྱུང་། སེམས་ཤུགས་ཅན་འགའ་རེས་འདིར་ཡིག་ཚགས་གང་མང་མང་ཉར་འཇོག་བྱ་རྒྱུ་བདག་གི་རེ་བ་ཡིན།

ཞེས་གུས་པ་ཟླ་བ་གཞོན་ནུར་འབོད་པས།

"https://bo.wikipedia.org/w/index.php?title=User_talk:Kyab1314&oldid=85349"ལས་སླར་རྙེད་སོང།