Jump to content

User talk:Baimaluobu

Page contents not supported in other languages.
བརྗོད་གཞི་ཁ་སྣོན།
ཡོང་ཁུངས་Wikipedia

དགེ་ཆོས་ཀྱི་སྙན་རྩོམ།

[རྩོམ་སྒྲིག]

དགེ་ཆོས་ཀྱི་སྙན་རྩོམ།

༠ གཞོན་དུས་དགའ་བི་ཆུང་མ་ངས་མ་བླངས། །

རྒན་དུས་དགོས་པའི་རྒྱུ་ནོར་ངས་མ་བསགས། །

སྤྲང་པོ་མེ་ཚེ་ལྕགས་སྨྱུག་ལྷན་གཅིག་ཏུ། །

རྫོགས་པ་འདི་ནི་བདག་གི་སྣང་བ་སྐྱོ། ། ༡

བླུན་པོ་ངོ་མཚར་བསྐྱེད་པའི་ཧར་གྱི་གཏམ། །

ཆེན་པོའི་ངོ་བསྲུང་བརྩེགས་པ་གཅལ་བུའི་ཚིག །

དད་པའི་འཁུན་བུ་སློང་བའི་སྒྲུང་གཏམ་དག །

རིང་དུ་སྤངས་ཏེ་དྲང་པོའི་ལམ་ལ་ཞུགས། །

རོ་དང་མཚུངས་པའི་ལུས་པོ་འདི། །

ག་དུས་ཤི་ཡང་མི་འགྱོད་དེ། །

གསེར་དང་མཚུངས་པའི་རྣམ་དཔྱོད་དག །

མཉམ་དུ་ཤི་ན་ཤིན་དུ་ཕངས། །

སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར། །

ཤི་ཡང་ཕྱི་མིག་བལྟ་བའི་རེ་བ་ཡི། །

སྐྱེ་བོ་ཐམས་ཅད་རང་གི་ལག་རྗེས་ཙམ། །

ཤུལ་དུ་ལུས་པའི་འབད་པ་ངང་གིས་བྱེད། །

ཡང་དག་རིག་པ་ངེས་དོན་ལུང་ལས་རྙེད། །

དྲང་ངེས་ཁྱད་པར་དྲི་མེད་རིག་པས་བྱེད། །

རིག་པས་ཤེས་ན་ངེས་དོན་ཅི་ལ་འཚོལ། །

རིག་པས་མ་ཤེས་ངེས་དོན་ག་ལ་རྙེད། །

དྭངས་གསལ་དྲི་མ་མེད་པའི་རྒྱ་མཚོག་ན། །

ངང་པི་བུ་མོ་དལ་གྱི་རྒྱུ་བ་འདིས། །

སྤྲིན་བྲལ་སྟོན་གྱི་ནམ་མཁའ་དྭངས་པ་ལ། །

ཉ་གང་ཟླ་བ་བགྲོད་པའི་མཛེས་སྡུག་འཕྲོག །

སྲིད་པའི་འབྱོར་བ་ལ་ཁའི་ན་བུན། །

འདུས་པའི་སྙིང་གྲོགས་ཚོང་འདུས་མགྲོན་པོ། །

མ་ངེས་སྐྱིད་སྡུག་མདང་གི་རྨི་ལམ། །

བསམ་ཞིང་བསམ་ན་སྙིང་པོ་མི་འདུག །

གཅིག་གཅིག་གཉིས་སུ་མེད་པའི་དམ་པའི་ཆོས། །

གཉིས་གཉིས་བཞི་ཡི་དོན་རྟོགས་དེ། །

གསུམ་གསུམ་དྲུག་གི་ཕ་རོལ་ཕྱིན་པའི་ལམ། །

བཞི་བཞི་བརྒྱད་ཀྱི་མཐའ་རྣམས་དེ་ལ་འདུས། །

རིགས་ཀྱི་མི་ཏིག་ཆེ་བའི་འོད་ལྡན་འོད་གསལ་ལྷ་ཡི་གདུང་རྒྱུད་འཛིན། །

སྡེ་བཞའི་ལྷུན་ཆགས་སྲིད་ཀྱི་གངས་རི་གངས་ཅན་དབུས་ན་མཐོ་བར་བྱས། །

བཀས་ཡིས་བསྐྱངས་པའི་འབངས་ཀྱི་བདེ་སྐྱིད་བདེ་ལྡན་ཞིང་འགྲོར་མཛད། །

ཀུན་རིག་འཕྲུལ་མངའ་སྲིད་པའི་མེས་པོ་མེས་དབོན་རྣམ་གསུམ་རྒྱལ་གྱུར་ཅིག །

རང་སྡེ་རིགས་ལ་ཞེན་པ་དཀར་པོའི་མདངས། །

རང་བྱུང་སྙིང་གི་དབུས་ན་གནས་པ་འདིས། །

རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། །

རང་གི་ནུས་པས་སྲིད་ཞུ་ཅུང་ཟད་སྒྲུབ། །

༡༠

ཀ་བ་གདུང་ལྕམ་བཀྲ་བའི་ཁང་བཟང་གི་དབུས་སུ། །

ཁ་མངར་ཞིམ་དགུའི་ཟས་ཀྱི་མགྲོན་ཁ་ལ་བོས་ཚེ། །

ག་ལེར་ལོངས་སུ་སྤྱད་ནས་མགུར་དབྱངས་རེ་འཐེན་ནས། །

ང་རང་ཨ་མཆོད་ཚོ་ལས་སྐྱིད་པ་ཞིག་སུ་ཡོད། །

"https://bo.wikipedia.org/w/index.php?title=User_talk:Baimaluobu&oldid=18305"ལས་སླར་རྙེད་སོང།