User talk:སྨར་ཁམས་འབྲུག་རྒྱུལ།
བརྗོད་གཞི་ཁ་སྣོན།སྨར་ཁམས་ཀྱི་ཆས་གོས་ནི། ཕྱུ་པ། ཐེར་མ། ཤུ་ཕྲུག སྣམ་བུ། གྲུང་རྩེ། འབུ་རས། གཡི་ལྤགས། ཝ་ལྤགས། ཚ་རུ་བཅས་གྱོན་སྲོལ་ཡོད། བུད་མེད་རྣམས་ཀྱི་མགོ་ལ་ཚ་རུ་ལ་མགོ་སྣམ་རྒྱན་པ་དང་། གཡུ་དང་། བྱུ་རུ་སོགས་ཀྱི་མགོ་རྒྱན་སྤྲས་པ། དངུལ་གྱི་སྐུད་པ་སྤྲས་པའི་དར་ཕོད། ཆབ་མ། གློ་ཁུག ཁབ་ཤུབ། གྲི་ཆུང་། གསེར་དངུལ་ཁྲ་རྒྱན་གྱི་གའུ། རྣ་རྒྱན། གཟི་དང་བྱུ་རུ་སྤེལ་མའི་རྐེ་ཐག ཝ་ཞྭ། ལྷམ་ཤུལ་རྩེ་བཅས་གྱོན་སྲོལ་དར། ལག་རྩལ། ལྷ་བྲིས། འཇིམ་བཟོ། སྨན་པ། རྩིས་པ། གསེར་བཟོ། དངུལ་བཟོ། ལྕགས་བཟོ། ཤིང་བཟོང་། རྡོ་བརྐོས། བལ་སྤུ་འཁེལ་འཐག འཚེམ་བཟོ། ཀོ་མཉེད་ལྤགས་གཉེད། ལྷ་རྟེན་མཆོད་ཆས། རྒྱན་གོས་སོགས་སྒྱུ་རྩལ་ལྡན་པའི་རིགས་ཡོད།
ཚོང་ལས་དང་ཚོང་པ་ནི། མར་ཕྱུར་ར། བལ། གླ་རྩི། དོམ་མཁྲིས། བེ་སྨུག དབྱར་གྲོ། རྩྭ་སྨན་དང་རྡོ་སྨན། ལྤགས་རིགས་སོགས་ཚོང་ལས་བྱེད་ཅིང་། དར་གོས། གྲུང་རྩེ། ཁ་དར། སྣམ་བུ་རབ་འབྲིང་ཁག རྩེ་ཐེར་རབ་འབྲིང་ཁག སྣམ་ཐིག་མ། ཐིག་བཅད། འབུ་རས་སོགས་ཉོ་ཚོང་བྱས་སྲོལ་ཡོད། ཚོང་པ་བོད་ལ་གྲགས་ཆེ་བའི་སྤོམ་མདའ་ཚང་ལ་སོགས་པ་ཚོང་པ་ཆེ་ཆུང་སྣ་ཚོགས་བྱུང་ཞིང་།
ཡུལ་སྡེ་ནི། རྒྱས་ཚོགས་འབྲོག་པ། སྟག་ར་འབྲོག་པ། སྨད་པ་འབྲོག་པ། རྒྱས་འབྲོག་བ་ཡིན། གཞན་རྣམས་ཞིང་པ་དང་རོང་པ་ཡིན།
ཡུལ་སྲོལ་གོམས་གཤིས་ནི། སྐྱེས་པ་ཚོ་རྟ། མེ་མདའ། རལ་གྲི། དཔུང་ཤས། དཔའ་རྩལ་ངོམས་པ། གཏམ་བཤད་ལ་དགའ་བ་སོགས་བོད་རིགས་གཞན་དང་འདྲ་བོ་ཡོད།
གཉེན་སྒྲིག་ནི། བུ་མོ་གནའ་མ་གཏོང་བ་དང་བུ་མག་པ་ལན་པ་གང་བྱས་ཀྱང་ཁྱིམ་ཚང་གཉིས་ཀྱི་བར་ལ་བར་པ་ཟེར་བ་ཞིག་གིས་ཕན་ཚུད་སྐད་ཆ་བྱས་ནས་གྲོས་མཐུན་བྱུང་མཚམས་སུ་སློང་ནས་བག་སྟོན་བྱས་སྲོལ་ཡོད། བག་སྟོན་རྒྱས་བསྡུས་ལྟར་ཨ་འོང་མང་ཉུང་གང་ཡིན་གྱི་མི་རྟ་ཚང་མའི་རྒྱན་གོས་གཟབ་སྤྲོས་གང་ཡོང་བྱས་པར་བོད་ཡོངས་དང་འདྲ་བ་ཡིན། བག་མ་བསུ་མཁན་ཁྱིམ་ཚང་གིས་བསུ་ཆང་དང་པོ། གཉིས་པ། གསུམ་པ་བར་བསྒྲིགས་ནས་གསུམ་པ་དེ་ཁྱིམ་ཚང་སྒོ་འགྲམ་ལ་བབས་གདན་སྟེང་དུ་གཟབ་སྤྲོ་རྒྱན་པའི་གཏམ་བཤད་པ་ཞིག་ལང་ཞིང། ཨ་འོང་བགྲེས་པའི་ལག་གཡས་ཀྱིས་གྲིའི་མགོ་ལ་འཇུས་ཏེ། ང་ཡོང་ལམ་བར་དུ་རྡོ་ཕ་འབོང་མི་བསད་རྟ་བསད་འཕྲད་པ་ལ་ལག་རྒྱ་སྟ་ངེད་གཉིས་འགྲོས་ཤི་འོང་། བྱི་མ་མི་ནུབ་རྟ་ནུབ་འཕྲད་པ་ལ་རླུང་བསིལ་མ་ངེད་གཉིས་འགྲོས་ཤིང་འོང་། ཟེར་བ་སོགས་ལམ་འགྲོས་ངལ་བར་ཆེད་སེལ་བྱས་ནས་ཡོང་ལུགས་ཀྱི་གཏམ་བཤད་བྱས། དེ་ནས་ཨ་འོང་དང་མནའ་མ་འཁོར་ཅན་ནང་དུ་སླེབས་པ་དང་། དར་དཀར་པོ་ཞིག་འཇུས་ནས་ཀ་བཤད་དང་ཐབ་བཤད་བྱས་ཚར་བ་དང་མནའ་མ་དང་བག་རོགས་ཁང་ཆུང་ཞིག་ལ་བཞག་ནས། ཨ་འོང་དང་བར་པ་ལ་ཆང་རག་རྒྱག་པ་དང་དགའ་བྲོ་འཁྲམ་པ་སོགས་ལྟད་མོ་སྣ་ཚོགས་བྱས་སྲོལ་ཡོད།
ཤི་པོ་བྱེད་སྒོ་ནི། བླ་མ་གདན་དྲངས་ནས་འཕོ་བ་ལམ་སྟོན་དང་། བསྔོ་བ་སྨིན་ལམ་སོགས་ཆོས་བྱེད་དགེ་སྒྲུབ་བྱས་སྲོལ་ཡོད། ཉིན་གསུམ་གྱི་རིང་ཕུང་པོ་ཁྱིམ་ནང་དུ་བཞག་ནས་གཟའ་སྐར་དགེ་བའི་དུས་སུ་བྱ་ལ་སྦྱིན་པ། ཆུ་ནང་གཏོར་བ། མེ་ལ་བསྲིགས་པ་གང་རུང་བྱས་ཤིང་བཞག་བདུན་ཕྲག་ཞེ་དགུ་བར་འདས་མཆོད་དཀོན་མཆོག་ལ་སྙེན་བཀུར། སྤྲང་པོ་ལ་སྦྱིན་པ། མ་ཎི་རྡོ་བརྐོས། ཚྭ་ཚྭ་འདེབས་པ། གྲོང་རོགས་དང་སྤུན་གཉེར་རྣམས་སེམས་གསོ་ཆེད་དུ་ཡོང་ནས་རོགས་པོ་བྱས་པ་སོགས་ཡར་རབ་སྤྱོད་བཟང་གི་གོམས་སྲོལ་ཡོད།
Start a discussion with སྨར་ཁམས་འབྲུག་རྒྱུལ།
Talk pages are where people discuss how to make content on Wikipedia the best that it can be. Start a new discussion to connect and collaborate with སྨར་ཁམས་འབྲུག་རྒྱུལ།. What you say here will be public for others to see.