User talk:རླངས་སྔགས
བརྗོད་གཞི་ཁ་སྣོན།༄།ཝེ་ཁེ་རིག་མཛོད་ལ་བཀྲ་ཤིས་བདེ་ལེགས་དང་ལྷན་དུ་རང་ཉིད་ངོ་སྤྲོད་ཞུ་རྒྱུ། གུས་པ་བདག་ནི་བོད་ཆེན་པོའི་བྱང་རྒྱུད་མདོ་སྨད་རེ་སྐོང་རླངས་ཚངས་ཀྱི་སྡེ་སྐོར་ནས་སྔགས་ཁྱིམ་སྐྱོ་བོ་ཞིག་ནས་སྐྱེས་པས་རླངས་སྔགས་ཟེར་བཞིན་ཡོད། རང་ལོ་དྲུག་ནས་བཟུང་བོད་ཡིག་འབྲི་ཀློག་གི་སྦྱངས་བ་འགོ་བཙུགས་ཏེ། མཐར་རྒྱ་གཞུང་གི་སྒྲིག་གཞིའི་འོག་གི་མཐོ་རིམ་སློབ་གྲྭའི་སྦྱངས་གཞི་མཇུག་སྒྲིལ་ནས་རྒྱ་གར་དུ་ཡོང་ནས་སློབ་སྦྱོང་རྒྱུན་མར་བྱ་བཞིན་ཡོད། ལྷག་པར་དུ་ཚད་ལྡན་བཤེས་གཉེན་བགྲེས་པོ་འགའི་བཀའ་དྲིན་ལ་བསྟེན་ནས་ནང་དོན་རིག་པའི་གནས་ལ་ཐོས་བསམ་རང་མགོ་སངས་སེ་ཐོན་པ་ཞིག་བྱས་ཡོད། ནང་བའི་ཚད་མ་རིག་པ་དང་སེམས་ཁམས་རིག་པ་ནི་བདག་གི་ཚེ་སྲོག་དང་རྣམ་དཔྱོད་ལ་བསོན་ཤུགས་བསྐྱེད་པའི་བསམ་བློའི་སྙིང་བཅུད་ཡིན། དེ་རིང་འདིར་ཝེ་ཁེ་རིག་མཛོད་ནང་དུ་མཉམ་ཞུགས་བྱེད་པའི་སྐལ་བ་ཐོབ་པའི། ཕྲན་གྱི་རེ་སྙེགས་ནི་རང་རེའི་བོད་རིགས་སྤུན་ཟླ་ཕོ་མོ་བློ་རྒྱ་ཆེ་ཞིང་མཁྱེན་རྒྱ་ཡངས་བ་དག་གི་མེས་པོ་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་སད་དེ་བསྒྲུབས་པའི་ཤེས་རིག་འདི། དེང་དུས་དྲྭ་ལམ་གྱི་ཤེས་ཡོན་རྭ་བར་བེད་སྤྱོད་བྱེད་ཐུབ་པ་ལ་འབད་པ་ལྷུར་ལེན་བྱེད་དགོས། གཞན་ཡང་བོད་མིའི་རིག་གཞུང་ལ་དུང་ཞིང་སེམས་པ། དངོས་འབྲེལ་དང་ངེས་དོན་ལ་བློ་འཁེལ་བའི་་མི་ཚེའི་མྱོང་པ་དང་ཤེས་རིག་གི་དཔྱད་འབྲས་སུ་བརྙེད་པའི་དོན་ལྡན་གྱི་བསླབ་བྱ་འགའ་མིག་མཐོང་ལག་ཟིན་ཡོང་པར་སྨོན་འདུན་བྱེད། །། ཤིས་བར་གྱུར་ཅིག །།
Start a discussion with རླངས་སྔགས
Talk pages are where people discuss how to make content on Wikipedia the best that it can be. Start a new discussion to connect and collaborate with རླངས་སྔགས. What you say here will be public for others to see.