User talk:གཙང་སྨྱོན
བརྗོད་གཞི་ཁ་སྣོན།པཎ་ཆེན་སྐུ་ཕྲེང་བཅུ་གཅིག
ཉེ་བའི་དུས་སུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་མཆོག་ལ་ཡང་བསྐྱར་ཕྱོགས་སོ་སོས་ཡིད་འཇོག་བྱས་ཡོད། ཟླ༣པའི་ཚེས༢༧ཉིན་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་༥༠འཁོར་བའི་བགྲོ་གླེང་ཚོགས་འདུའི་སྟེང་། ཁོང་གིས་བྱང་ཆ་ཡོད་པའི་རྒྱ་སྐད་དང་བོད་སྐད་ཀྱིས་གསུང་བཤད་གནང་ཞིང་། ཚེས༢༨ཉིན་གྱི་སྔ་དྲོར། འཛམ་གླིང་ནང་བསྟན་བགྲོ་གླེང་གྲོས་ཚོགས་སྐབས་གཉིས་པ་ཚོགས་པའི་མཛད་སྒོའི་སྟེང་དུ་ཁོང་གིས་དབྱིན་སྐད་ཀྱིས་གསུངས་བཤད་གནང་པས། དགུང་ལོ་༡༩རུ་སོན་པའི་དམ་པ་ཁོང་ལ་འདི་ལྟ་བུའི་སྐད་རིགས་དུ་མ་བརྗོད་ཐུབ་པའི་ལྷན་སྐྱེས་ཀྱི་ནུས་པ་ལྡན་པ་ནི་ཀུན་གྱིས་ཡི་རངས་བྱ་ཡུལ་དུ་གྱུར།
ང་རང་ནི་བྱ་བའི་དགོས་མཁོའི་དབང་གིས་སྤྱི་ལོ༡༩༩༥ལོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་གསེར་བུམ་དཀྲུགས་འདོན་བྱས་པ་ནས་ཆོས་ཀྱི་ཁྲི་ལ་མངའ་གསོལ་བ་དང་སྐུ་ནར་སོན་པ། སྒྲུབ་སྦྱོང་ཆོས་སྤྱོད་བཅས་ཕྱོགས་གང་ཐད་ནས་ཡིད་འཇོག་བྱས་པ་ཡིན། སྐུ་གཞོན་དུས་ནས་དམ་པ་ཁོང་ནི་མི་སྤྱིར་བཏང་པ་ཞིག་མིན་པའི་ཚོར་སྣང་ཞིག་ངང་གིས་སྦྱིན་བྱུང་།
བོད་ལྗོངས་ནག་ཆུ་ས་ཁུལ་ལྷ་རི་རྫོང་གི་བསོད་ནམས་གྲགས་པ་ཚང་ལ་བྱིས་པ་གཉིས་ཡོད་ཅིང་། རྒྱལ་མཚན་ནོར་བུ་ནི་བུ་གཉིས་པ་ཡིན་ལ། ཁོང་ནི་ད་ལྟའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་རེད། ཆོས་ཀྱི་ཁྲིར་མངའ་གསོལ་བའི་ཉིན་དེར། ཞོགས་པའི་སྐྱ་རེངས་དང་མཉམ་དུ་ལོ་ན་༦ལས་སོན་མེད་པའི་བྱིས་པ་ཞིག་བཞུགས་ཁྲིའི་སྟེང་དུ་བཞུགས་ནས་ཆུ་ཚོད་ཁ་ཤས་ཀྱི་ཡུན་སོང་མོད། ཐུགས་བསུན་ཅི་ཡང་མེད་པར་ཆོ་ག་ཕྱག་ལེན་ཐམས་ཅད་རིམ་པ་བཞིན་དུ་དང་ལེན་གནང་བྱུང་། དེར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་མ་ཡུམ་གྱིས་ཀྱང་འདི་སྐད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་བྱ་སྤྱོད་དེ་དག་ནི་སྐུ་ཕྲེང་གོང་མ་སྟེ་པན་ཆེན་སྐུ་ཕྲེང་བཅུ་བ་དང་གཅིག་འདྲ་རེད་ཞེས་གསུངས་བྱུང་།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྤྲུལ་སྐུར་ངོས་བཟུང་རྗེས། ཁོང་གིས་སྒྲུབ་སྦྱོང་ཉམས་ལེན་བྱེད་འགོ་བརྩམས་ཤིང་། སྐུ་ན་ཕྲ་བའི་དམ་པ་ཁོང་ཉིད་ཀྱིས་སྒྲུབ་སྦྱོང་ཉམས་ལེན་བྱེད་པའི་ལོ་ངོ་༡༤ནི་དེ་འདྲའི་ཡུན་མི་རིང་ནའང་། ཉིན༥༡༡༠ཡི་རིང་ལ་ཁོང་གིས་གོམ་ཁ་རེ་རེ་བཞིན་བསྒྱུར་བའི་ཞབས་རྗེས་ཡིས་ཆོས་ལུགས་ཀྱི་རླབས་ཆེ་བའི་གཙོ་འཛིན་ཞིག་གི་ལས་ཀྱི་བགྱི་བ་མཐའ་དག་དོན་དུ་གཉེར་བར་རྨང་གཞི་བརྟན་པོ་བཏིངས་ཡོད་པ་དང་། ཁོང་གི་ཆོས་ལུགས་ཕྱོགས་ཀྱི་ཆོ་ག་ཕྱག་ལེན་ཐམས་ཅད་ནི་བཀྲ་ཤིས་ལྷུན་དགོན་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་ཁྲིམས་ནང་ལྟར་ཐག་བཅད་པ་རེད།
ཆོས་སྒོར་མ་ཞུགས་པའི་ཡར་སྔོན་དུ། ཁོང་གི་ཁྱིམ་ནི་དབེན་པའི་འབྲོག་ཁུལ་ཞིག་ཏུ་གནས་ཤིང་། དགུང་ལོ༥རུ་སོན་པའི་སྐབས་དེའི་པཎ་ཆེན་མཆོག་ལ་མཚོན་ན་དཔེ་དེབ་ཀྱི་ཤེས་བྱར་བག་ཆགས་ཏིལ་འབྲུ་ཙམ་ཡང་བཞག་མེད་པས། དགོན་པའི་ཆེད་ལས་དགེ་རྒན་ཆེད་དུ་གདན་དྲངས་ནས་གཟའ་འཁོར་རེར་ཉིན་ཕྱེད་གཉིས་ཀྱི་རིང་ལ་བོད་ཡིག་དང་རྒྱ་ཡིག། རྩིས་རིག་བཅས་སློབ་ཁྲིད་བྱེད་རྒྱུ་བཀོད་སྒྲིག་བྱས་པ་མ་ཟད། དགོང་ཟས་ཀྱི་སྔོན་དུ་རིག་གནས་ཤེས་བྱ་བསྐྱར་སྦྱོང་བྱེད་པ་དང་། ཉིན་རེར་འཁྲིད་སྦྱོང་གི་ལས་རྒྱུན་བསྐྱངས་ནས་ནམ་ཡང་མཚམས་ཆད་མ་མྱོང་།
༡༩༩༩ལོར་པཎ་ཆེན་མཆོག་པེ་ཅིན་ལ་ཕེབས་ནས་རྒྱལ་ཁབ་དབུ་བརྙེས་ནས་ལོ་༥༠འཁོར་བའི་མཛད་སྒོར་ཞུགས་ཤིང་། འབྲེལ་ཡོད་སྡེ་ཁག་གིས་པཎ་ཆེན་མཆོག་དང་བཀྲ་ཤིས་ལྷུན་དགོན་གྱི་དགེ་འདུན་པ་རྣམས་མཉམ་དུ་གདན་དྲངས་ཏེ་སྐབས་དེའི་མཛད་སྒོར་ཞུགས་པ་རེད། མཛད་སྒོའི་སྟེང་དུ་པཎ་ཆེན་མཆོག་གིས་མ་སྐུལ་རང་རྟོགས་ཀྱིས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚེ་རིང་མཆོག་གི་གསུང་ལ་ལོ་ཙཱ་མཛད་པ་རེད།
ཐེངས་ཤིག་ལ་མི་ཞིག་གིས་ངང་ལག་ཅིག་འཁྱེར་ནས་པཎ་ཆེན་མཆོག་ལ་དབྱིན་ཡིག་གི་ནང་དུ་འདིའི་མིང་ལ་“banana”ཟེར་ཅེས་སྨྲས་བྱུང་བ་ལ། ཐ་སྙད་དེའི་སྒྲའི་འདོན་སྟངས་དགོད་བྲོ་བ་ཡིན་ནམ་ཅི། ཁོང་བཞད་གད་གནང་ཞོར་དུ་རྗེས་ཟློས་ཀྱིས་ཞལ་འདོན་གནང་བྱུང་བ་མ་ཟད། ཁོའི་གམ་དུ་བཞག་པའི་སིལ་ཏོག་དང་ཅ་ལག་གཞན་དག་གི་དབྱིན་ཡིག་གི་མིང་ཡང་དྲིས་བྱུང་བ་རེད། དེར་གཞིགས་ནས་དགོན་པས་ནམ་རྒྱུན་ཉམས་མྱོང་ཕུན་སུམ་ཚོགས་པའི་དབྱིན་ཇིའི་དགེ་རྒན་ཞིག་གདན་འདྲེན་ཞུས་པ་དང་། དེ་ནས་བཟུང་ཁོའི་སློབ་གཉེར་ཀྱི་བསླབ་ཚན་ཁྲོད་གཟའ་རེར་དབྱིན་ཇིའི་སློབ་ཐུན་གཉིས་ཇེ་མང་དུ་སོང་ཡོད། དགེ་རྒན་གྱིས་འདི་སྐད། སློབ་ཐུན་གཉིས་ཀ་ཉིན་ཕྱེད་ཀྱི་དུས་ཚོད་ལས་མི་བརྒལ་མོད། པཎ་ཆེན་མཆོག་བློ་རིག་བཀྲ་ཞིང་རྣམ་དཔྱོད་མངའ་བས། ཁོའི་སློབ་སྦྱོང་གི་རང་རྟོགས་ཧ་ཅང་མཐོ་ལ་ལག་ལེན་དང་ཉམས་སུ་མྱོང་བར་དེ་ལས་སྤྲོ་བ་མ་ཟད། སྒྲ་གདངས་ཀྱི་ཀློག་སྟངས་དང་། ཀློག་འདོན་དང་གོ་བ་ལེན་སྟངས་ཀྱི་ཆ་ནས་ཀྱང་སྔར་ལས་ཡར་རྒྱས་བྱུང་ཡོད་པ་རེད་ཅེས་གསུངས།
ཟླ་༣པའི་ཚེས༢༨ཉིན་། འཛམ་གླིང་ནང་བསྟན་བགྲོ་གླེང་གྲོས་ཚོགས་སྐབས་གཉིས་པའི་སྟེང་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བློ་ཡིད་ལས་འདས་པའི་དབྱིན་སྐད་ཀྱིས་གསུངས་བཤད་གནང་རྗེས། གྲོས་ཚོགས་ཀྱི་སྐུ་མགྲོན་རྣམས་ཀྱིས་སྤྲོ་སྣང་དང་བཅས་ཡིད་འཇོག་ཆེན་པོ་བྱས། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་དྲུང་ཡིག་ཞའོ་ཁྲིན་གྱིས་ཤིན་ཧྭ་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་འདི་སྐད། པཎ་ཆེན་མཆོག་ནས་ཐེངས་འདིའི་གྲོས་ཚོགས་སྟེང་དབྱིན་སྐད་ཀྱིས་གསུངས་བཤད་གནང་བར་ཚོགས་ཕེབས་ཀྱི་དགེ་སློང་དང་མཁས་པ་རྣམས་ལ་ཡ་མཚར་བའི་ཚོར་སྣང་ཞིག་འཆར་དུ་བཅུག་པ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཁོང་གི་ནང་བསྟན་ཤེས་བྱ་དང་ནང་བསྟན་དར་སྤེལ་བྱེད་པའི་གདམས་ངག སྒྲུབ་སྦྱོང་ཉམས་ལེན་སོགས་ལ་བོད་བརྒྱུད་ནང་བསྟན་གྱི་སེར་སྐྱ་མང་ཚོགས་རྣམས་ཀྱི་དད་གུས་ཐོབ་པས། རིམ་བཞིན་དགེ་ལུགས་པའི་གྲུབ་མཐའི་གཙོ་འཛིན་གྱི་གོ་གནས་སུ་འདྲེན་པའི་དཔལ་ལ་བྲེལ་བཞིན་མཆིས། ཁོང་གི་དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་དང་སྦྱངས་བྱའི་གནས་ལ་བརྩོན་པ་ལྷོད་མེད་གནང་པའི་ཆོད་སེམས་དེ་ཡིས། དེང་སྐབས་ཀྱི་ན་གཞོན་རྣམས་ལ་འབད་བརྩོན་ལྷོད་མེད་བྱེད་པའི་མིག་དཔེར་ལྟ་ས་ཞིག་བསྐྲུན་ཡོད་དོ། །
དགེ་འདུན་ཆོས་འཕེལ།
[རྩོམ་སྒྲིག] ཁོང་ནི་མདོ་སྨད་རེབ་གོང་ཞོ་འཕང་ཞེས་བྱ་བ་ཡབ་སྔགས་འཆང་རྡོ་རྗེའི་མཚན་ཅན་ནམ་ཨ་ལགས་རྒྱལ་པོ་ཞེས་བྱ་བ་དང་ཡུམ་པད་མ་སྐྱིད་ཀྱི་སྲས་སུ་ཙོང་ཁ་སྐྱེས་རིར་རབ་བྱུང་བཅོ་ལྔ་ཆུ་མོ་ཡོས(༡༩༠༣) ལོའི་ཧོར་ཟླ་བརྒྱད་པའི་ནང་སྐུ་བལྟམས། དགུང་ལོ༥༡ལས་མ་བཞུགས།
དགུང་ལོ་བདུན་ཕེབས་སྐབས་ཡབ་གཤེགས་རྗེས་ཡ་མ་བཀྲ་ཤིས་འཁྱིལ་དུ་ཁོང་ཡུམ་སྲས་གསུམ་བཞུགས། དགུང་ལོ་བརྒྱད་ཕེབས་པར་ཡི་གེ་བསླབས་ནས་ལོ་བཅུའི་ཐོག་གྲྭ་གྲས་སུ་ཞུགས། དགེ་བཤེས་ཨ་ཁུ་ཚུལ་ཁྲིམས་ཀྱི་དྲུང་ནས་སུམ་རྟགས་དང་སྙན་ངག་སོགས་གསན། དགུང་ལོ་བཅུ་གཉིས་སྟེང་གཙོས་གཏེར་དགོན་གྱི་མདུན་ནས་རྩ་རླུང་འཁྲིད། དགུང་ལོ་བཅོ་ལྔ་སྟེང་རྡི་ཚ་དགོན་དུ་རིག་ལམ་གྱི་སྐོར་སོགས་སློབ་གཉེར་མཛད། དགུང་གྲངས་བཅུ་བདུན་ལ་ཕེབས་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་ཏེ་བསྡུས་གྲྭ་ནས་བརྩམས་ཏེ་མཚན་ཉིད་རིག་པ་སྦྱངས།
དགུང་གྲངས་ཉེར་ལྔའི་སྟེང་ལྷ་སར་ཕེབས། དེ་ནས་འབྲས་སྤུངས་སུ་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་མཁས་པ་དུ་མ་བསྟེན་ནས་ལོ་བདུན་ཙམ་བཞུགས། དགུང་ལོ་སུམ་ཅུ་སོ་གཉིས་ཕེབས་པ་ཤིང་ཁྱི(༡༩༣༤)ལོར་འཕན་ཡུལ་དང་། རྭྭ་སྒྲེང་། གཙང་ཁུལ་སོགས་ལ་གནས་གཟིགས་དང་སྦྲགས་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས། སཾསྐྲྀ་ཏའི་སྐད་ལ་སྦྱངས་མཐར་གནས་བརྟན་སྡེ་བའི་མདོ《ཆོས་ཀྱི་ཚིགས་སུ་བཅད་པ》ལ་སོགས་པ་ཐོགས་མེད་དུ་བསྒྱུར་བར་མཛད།
དེ་ནས་རབ་བྱུང་བཅུ་དྲུག་པའི་ས་སྟག(༡༩༣༨)ལོར་ཧུ་ལ་དང་རྒྱ་གར་རི་མོ་བ་གཅིག དཔར་འདེབས་མཁན་གཅིག་བཅས་ ལྷན་དུ་བོད་དུ་ཕེབས་ནས་དཔལ་ལྡན་ས་སྐྱའི་དགོན་པ་སོགས་དབུས་གཙང་གི་གནས་དགོན་རྙིང་པ་ཁག་ལ་རྒྱ་དཔེ་ཇི་ཙམ་བཞུགས་པ་གཟིགས་ཞིབ་ཐོག་དཔེ་ཐོ་དཀར་ཆག་ཞིབ་ཚགས་བཀོད་པར་མཛད་དེ་སླར་རྒྱ་གར་དུ་ཕྱིར་ཕེབས་གནང་། སྐབས་དེར་དབྱིན་ཡིག་སློབ་སྦྱོང་རྒྱུན་དུ་མཛད་མུས་ནས་ ཨུ་རུ་སུ་རོག་རིས་ཞེས་པ་དེའི་སར་བཞུགས་ཏེ་དེབ་ཐེར་སྔོན་པོ་དབྱིན་ཡིག་ཏུ་བསྒྱུར་བའི་རོགས་མཛད་དེ་ཀུ་ལུར་ལོ་གསུམ་ཙམ་བཞུགས།
བོད་ཤིང་བྱ(༡༩༤༥)ལོ་ནང་རྐྱེན་སྣ་ཚོགས་ཀྱིས་བོད་ལྗོངས་ལྷ་སར་ཞལ་ཕྱོགས་ཏེ། སྟོད་ལ་དྭགས་ག་ཤའི་རྒྱུད་དང་། དེ་ནས་རིམ་བཞིན་མོན་རྟ་དབང་བརྒྱུད་ལྷ་སར་ཕེབས། ལྷ་སར་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཞིབ་འཇུག་མཛད་དེ་ལྗགས་རྩོམ་མཛད་བཞིན་པའི་མུར་དབྱིན་ཇི་བཙན་རྒྱལ་པས་དེ་སྔའི་བོད་ཀྱི་སྲིད་གཞུང་ལ་ངན་སྐུལ་བྱས་ནས་མ་ཉེས་ཁ་གཡོགས་ཀྱིས་བོད་མེ་ཁྱི(༡༩༤༦)ལོའི་ཧོར་ཟླ་བཞི་བའི་ནང་ཙམ་ལ་གློ་བུར་འཛིན་བཟུང་གིས་ཁྲིམས་གཅོད་བྱས་ཐོག་ལོ་གསུམ་རིང་བཙོན་ཁང་དུ་བཞུགས་དགོས་བྱུང་ཞིང(༡༩༤༩)ལོར་བཙོན་གྲོལ་ཐོབ།
ཁོང་གི་རྩོམ་པར་མཛད་པའི་བསྟན་བཅོས་ལ།《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ》《སིང་ག་ལའི་ལམ་ཡིག》《རྒྱལ་པོ་ར་མ་ཎའི་རྟོགས་བརྗོད》《བྱ་ལེན་མའི་རྟོགས་བརྗོད 》ནག་མོ་ཁོལ་གྱིས་མཛད་པ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ《སྒྲའི་ཟིན་བྲིས》《གངས་རིའི་སྐོར》《ཞང་དགའ་བའི་བློ་གྲོས་ལ་བྲིས་ལན》《རྟུལ་ཆུང་དཔྱད་པའི་སྐོར》《དབུ་ཚད་དཀའ་བའི་གནད》《ལུ་བྱེད་མཐའ་དཔྱད》《འདོད་པའི་བསྟན་བཅོས》《རྡི་ཚ་སྐམ་པོས་ཕུལ་བའི་ཞུ་ཡིག》《རྒྱ་གར་གྱི་གནས་ཆེན་བརྒྱད་ཀྱི་ལམ་ཡིགསྔ་རྗེས་གཉིས》《ཀེ་ཏ་ཀ་སོགས་ཀྱི་བཤད་པ》《ཞབས་བརྟན་འཆི་མེད་དབྱངས་སྙན》《ལེགས་ལྡན་ནག་པོའི་གླུ》《རང་བཞིན་གསུམ་ངེས་པ》《གཏམ་གྱི་ཚོགས་ཉིན་མཚན་བདུན་པ》《སིང་ག་ལའི་གནས་བརྟན་སྡེ་བའི་མདོ་དྷརྨ་པ་དཱ་ཞེས་བྱ་བ》ཆོས་ཀྱི་ཚིགས་སུ་བཅད་པ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ། 《ལེགས་སྦྱར་བང་མཛོད》སུམ་རྟགས་ཀྱི་སྐོར་ཕྲན་བུ། སྙན་ངག་གི་དཀའ་གནད་ཕྲན་བུ་རྣམས་སོ། །དགུང་གྲངས་ཞེ་དགུར་ཕེབས་པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས(༡༩༥༡)ལོའི་ཧོར་ཟླ་བརྒྱད་ པའི་ཚེས༡༤དགོང་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་ལྷ་ས་དགའ་རུ་ཤར་དུ་སྐུ་གཤེགས།
དགེ་འདུན་ཆོས་འཕེལ།
[རྩོམ་སྒྲིག] ཁོང་ནི་མདོ་སྨད་རེབ་གོང་ཞོ་འཕང་ཞེས་བྱ་བ་ཡབ་སྔགས་འཆང་རྡོ་རྗེའི་མཚན་ཅན་ནམ་ཨ་ལགས་རྒྱལ་པོ་ཞེས་བྱ་བ་དང་ཡུམ་པད་མ་སྐྱིད་ཀྱི་སྲས་སུ་ཙོང་ཁ་སྐྱེས་རིར་རབ་བྱུང་བཅོ་ལྔ་ཆུ་མོ་ཡོས(༡༩༠༣) ལོའི་ཧོར་ཟླ་བརྒྱད་པའི་ནང་སྐུ་བལྟམས། དགུང་ལོ༥༡ལས་མ་བཞུགས།
དགུང་ལོ་བདུན་ཕེབས་སྐབས་ཡབ་གཤེགས་རྗེས་ཡ་མ་བཀྲ་ཤིས་འཁྱིལ་དུ་ཁོང་ཡུམ་སྲས་གསུམ་བཞུགས། དགུང་ལོ་བརྒྱད་ཕེབས་པར་ཡི་གེ་བསླབས་ནས་ལོ་བཅུའི་ཐོག་གྲྭ་གྲས་སུ་ཞུགས། དགེ་བཤེས་ཨ་ཁུ་ཚུལ་ཁྲིམས་ཀྱི་དྲུང་ནས་སུམ་རྟགས་དང་སྙན་ངག་སོགས་གསན།
དགུང་ལོ་བཅུ་གཉིས་སྟེང་གཙོས་གཏེར་དགོན་གྱི་མདུན་ནས་རྩ་རླུང་འཁྲིད། དགུང་ལོ་བཅོ་ལྔ་སྟེང་རྡི་ཚ་དགོན་དུ་རིག་ལམ་གྱི་སྐོར་སོགས་སློབ་གཉེར་མཛད། དགུང་གྲངས་བཅུ་བདུན་ལ་ཕེབས་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་ཏེ་བསྡུས་གྲྭ་ནས་བརྩམས་ཏེ་མཚན་ཉིད་རིག་པ་སྦྱངས།