User talk:ཀུན་བྱེད་རྒྱལ་བོ།

Page contents not supported in other languages.
ཡོང་ཁུངས་Wikipedia

ལན་གྲོ་ཞེས་པའི་མིང་དེ་ནི་མདོ་སྨད་ཆོས་འབྱུང་ནས་བྱུང་ཞིང་།ད་ལྟ་བོད་ཡུལ་མདོ་དབུས་ཁམས་གསུམ་དུ་དབྱེ་བའི་མདོ་སྨད་དམ་ཨ་མདོ་ཁྲི་ཀའི་འཕྲང་དམར་ལུང་བའི་ཡུལ་སྡེ་ཆེན་པོ་དྲུག་གི་སྤྱི་མིང་ལ་འབོད་ཅིང་།འདི་ལ་ཡུལ་སྡེ་དེའི་རྒན་པ་ཁ་ཤས་ལ་བཅར་འདྲི་བྱས་པ་བརྒྱུད་ཤེས་གསལ་ལྟར་ན།ལན་གྲོ་ཞེས་པ་དོན་ལ་ཡུལ་འདིར་དང་པོར་ལ་མར་ནང་ཞེས་པའི་ས་ནས་མི་སྐོར་ཞིག་གནས་སྤོས་ཡོང་སྟེ་གཞིས་བཅས་པའི་དུས་ན་ལྭ་བ་ཁ་དོག་གྲོ་གྲྭོ་ཅན་གྱོན་པའི་ཆ་ནས་ལྭ་གྲོ་ཞེས་ཡུལ་སྡེའི་དེའི་མིང་ལ་ཐོག་པ་ཡིན་ཟེར་ལུགས་ཡོད་པ་ཡིན། དངོས་གནས་ལོ་རྒྱུས་འདི་ལྟར་ཡིན་དུས་ལྭ་གྲོ་ཞེས་པ་ལས་ལན་གྲོ་ཞེས་ན་མི་འཚམ་པར་འདོད། ལན་གྲོ་ཞེས་པ་ལ་རྒྱུ་མཚན་གསལ་བོ་ཆོས་འབྱུང་ལས་བྱུང་བ་མ་མཐོང་ཡང་།རྗེས་སུ་དཔག་ན་མིང་འདི་སྐྲའི་ལན་བུ་གྲོ་གྲྭོ་ཡིན་པའི་ཆ་ནས་བཏགས་པ་ཡིན་ནམ་སྙམ་ཡང་དཔྱད་པར་བྱའོ།