Jump to content

User:Tsomo6564/sandbox/ལྷ་ཐོ་ཐོ་རི་གཉན་བཙན།

ཡོང་ཁུངས་Wikipedia

སྤྱི་ལོའི་དུས་རབས་ ༤ པའི་ནང་བྱུང་བར་གྲགས་ནི་བོད་ཀྱི་བཙན་པོའི་གདུང་རབས་ཉེར་བརྒྱད་པ་ཡིན། ཁོང་ནི་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་མཁན་དང་། བོད་ཀྱི་ཆོས་རྒྱལ་རྣམས་ཀྱི་ནང་ནས་གལ་འགངས་ཤིན་ཏུ་ཆེ་བའི་བཙན་པོ་ཞིག་ཏུ་བརྩི་བ་ཡིན།

[རྩོམ་སྒྲིག]

གཉན་པོ་གསང་བའི་བྱུང་བ།

[རྩོམ་སྒྲིག]

ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ། ཕོ་བྲང་ཡུམ་བུ་བླ་སྒང་གི་ཡང་ཐོག་ཏུ་ནམ་མཁའ་ནས་ཟ་མ་ཏོག་ཅིག་བབས་པར་གྲགས། ཟ་མ་ཏོག་དེའི་ནང་དུ་གཤམ་གསལ་གྱི་རྟེན་རྣམས་བཞུགས་ཡོད།

  • སྤང་སྐོང་ཕྱག་རྒྱ་པ།
  • གསེར་གྱི་མཆོད་རྟེན།
  • ཙིནྟཱ་མ་ཎིའི་གཟུངས་སྔགས།

བཙན་པོས་དེ་དག་གི་དོན་མ་མཁྱེན་ཀྱང་། ཤིན་ཏུ་དཀོན་པའི་ནོར་བུ་ཞིག་ཏུ་དགོངས་ནས་གུས་བཀུར་ཆེན་པོས་མཆོད་པ་མཛད། དེ་ལ་མཚན་**“གཉན་པོ་གསང་བ”**ཞེས་བཏགས་ཤིང་། དེ་ནི་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་དབུ་བརྙེས་པའི་རྟགས་སུ་ངོས་འཛིན་བྱེད་ཀྱི་ཡོད།

ལོ་རྒྱུས་ཀྱི་དོན་སྙིང་།

[རྩོམ་སྒྲིག]

ལོ་རྒྱུས་སྨྲ་བ་རྣམས་ཀྱིས་གསུངས་པ་ལྟར་ན། ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་བོད་ཀྱི་ཆབ་སྲིད་དང་རིག་གནས་ལ་འགྱུར་བ་ཆེན་པོ་བྱུང་ཡོད། ཁོང་གི་སྐུ་རིང་ལ་ཆོས་ཀྱི་གཞི་མ་ཚུགས་ཀྱང་། དེས་རྗེས་སུ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་དུ་ཆོས་དང་རིག་གནས་རྒྱས་པར་བྱེད་པའི་ས་བོན་ལྟ་བུ་གྱུར་ཡོད།

སྐུ་ཚེའི་སྨད་ཀྱི་ལོ་རྒྱུས།

[རྩོམ་སྒྲིག]

བོད་ཀྱི་ལོ་རྒྱུས་ལྟར་ན། བཙན་པོ་འདི་ཉིད་དགུང་ལོ་དྲུག་ཅུར་ཕེབས་སྐབས་གཉན་པོ་གསང་བའི་བྱིན་རླབས་ལ་བརྟེན་ནས། སླར་ཡང་ན་ཚོད་གཞོན་ནུ་ལྟར་གྱུར་ཅིང་དགུང་ལོ་བརྒྱ་དང་ཉི་ཤུའི་བར་བཞུགས་པར་གྲགས