User:Tsewang Norbu
དོལ་པོའི་སྐད་དུ། ཁྱོས་མ། དབུས་ཀྱི་སྐད་དུ། རྔན་པ།
༈ བོད་དབུས་སྐད་དང་དོལ་སྐད་བར་གྱི་མིང་ཚབ་ཀྱི་སྒྲ་རྣམས་ལ་དཔྱད་པ་བྱ་བའི་ས་བོན།
བོད་དབུས་སྐད། = དོལ་སྐད།
ང་། = ང་།
ངའི། = ངའི།
ང་རང་གི། = ང་རའི།(ངེ་རི།)
ང་རང་ཚོ། = འོ་རང་ཀྱགས།(འོ་རང་ཀྱའ།)
ང་རང་ཚོའི། = ༡། འོ་རང་ཀྱགས་ཀྱི།(འོ་རང་ཀྱའ་ཀྱི།) འུ་རའི།(འུ་རི།) ༢། ངེད་རའི།(ཉི་རི།)
ང་ལ། = ང་ལ།(ང་ལེ།)
ང་ཚོ། = ངེད། ངེད་ཀྱགས།(ཉེད་ཀྱའ)
ང་ཚོའི། = ༡། ངེད་ཀྱགས་ཀྱི།(ཉེད་ཀྱའ་ཀྱི།) ངེའི།(ཉིའི།) ༢། འུ་ཀྱགས་ཀྱི། འུའི།
ང་ཚོ་ལ། = ངེད་ཀྱགས་ལ།(ཉེད་ཀྱའ་ལེ།)
ཁོ། = ཁོ།
ཁོའི། = ཁོའི།(ཁུའི།)
ཁོ་རང་གི། = ཁོ་རའི།(ཁུ་རི།)
ཁོ་རང་ཚོ། = ཁོ་རང་ཀྱགས།(ཁོ་རང་ཀྱའ།)
ཁོ་ལ། = ཁོ་ལ།(ཁོ་ལེ།)
ཁོང་། = ཁོང་།
ཁོང་གི། = (ཁུན།)
ཁོང་ལ། = ཁོང་ལ།(ཁོང་ལེ།)
ཁོང་ཚོ། = ཁོང་ཀྱགས།(ཁོང་ཀྱའ།)
ཁོང་ཚོའི། = ཁོང་ཀྱགས་ཀྱི།(ཁོང་ཀྱའ་ཀྱི།) (ཁུན།)
ཁོང་ཚོ་ལ། = ཁོང་ཀྱགས་ལ།(ཁོང་ཀྱའ་ལེ།)
ཁྱེད། = ཁྱེད།
ཁྱེད་ཀྱི། =
ཁྱེད་ཚོའི། = ཁྱེད་ཀྱགས་ཀྱི།(ཁྱེད་ཀྱའ་ཀྱི།) ཁྱེའི།(ཁྱིའི།)
ཁྱེད་རང་ཚོ། = ཁྱེད་རང་ཀྱགས།
ཁྱེད་རང་ཚོའི། = ཁྱེད་རང་ཀྱགས་ཀྱི། ཁྱེད་རའི།(ཁྱི་རི།)
ཁྱོད། = ཁྱོད།
ཁྱོད་ཀྱི། = ཁྱོའི།(ཁྱུའི།)
ཁྱོད་རང་གི། = ཁྱོད་རའི།(ཁྱུ་རི།)
ཁྱོད་ལ། = ཁྱོད་ལ།
འདི། = འདི།
འདིའི། = འདིའི།
འདི་ཚོ། = འདི་བ། འདི་བ་ཀྱགས།(འདི་བ་ཀྱའ)
འདི་ཚོ་ལ། = འདི་བ་ལ།(འདི་བ་ལེ།) འདི་བ་ཀྱགས་ལ།(འདི་བ་ཀྱའ་ལེ།)
དེ། = དེ།
དེ་ཚོ། = དེ་བ།(དི་བ།) དེ་བ་ཀྱགས།(དི་བ་ཀྱའ།)
དེ་ཚོ་ལ། = དེ་བ་ལ།(དི་བ་ལེ།) དེ་བ་ཀྱགས་ལ།(དི་བ་ཀྱའ་ལེ།)