Jump to content

User:Thegtse Monastery

ཡོང་ཁུངས་Wikipedia

༅༅། །ཐེག་རྩེ་གསང་སྔགས་ཆོས་འཁོར་གླིང་རྙིང་མའི་དགོན་སྡེ་ནི། མོན་རྟ་དབང་གྲོང་ཁྱེར་ལྟེ་བའི་ཉེ་འདབས་ཀྱི་གྲོང་གསེབ་ཁྱི་ཉན་མས་ཞེས་པའི་སར་ཆགས་ཡོད་ཅིང་། དེ་ཡང་ཁྱི་ཉན་མས་ཞེས་པ་ནི་མོན་སྐད་ཀྱི་ཐ་སྙད་ཡིན་ལ། བོད་སྐད་ནང་ཁྱིའི་སྐད་ཉན་ས་ཞེས་པ་ཡིན་ཏེ། གཏམ་རྒྱུད་ལྟར་ན། སྔོན་ས་ཁུལ་འདིའི་ཕྱོགས་སུ་ཤིང་ནགས་སྟུག་པོས་ཡོངས་སུ་ཁྱབ་པས་རི་དྭགས་མང་པོའི་འཁྱམ་སར་གྱུར་ཅིང་། རྔོན་པ་རྣམས་ཀྱིས་ཤ་ཁྱི་རྣམས་སྔོན་དུ་བཏང་ནས་དེ་དག་ཟུག་པའི་སྐད་ཉན་སར་བགྱིས་པས་དེ་ལྟར་བཏགས།