Jump to content

User:Tenzlhun/sandbox/ལ་དྭགས་བསོད་ནམས་གླིང།

ཡོང་ཁུངས་Wikipedia

ལོ་རྒྱུས།

[རྩོམ་སྒྲིག]

ས་གནས་འདི་ནི་སྤྱི་ལོ་༡༩༦༠ ལྷག་ཙམ་ནས་བོད་ནས་རྒྱ་གར་ལ་བྲོས་བྱོལ་བྱས་པའི་བོད་མི་ཚོར་གནས་ཡུལ་གསར་པ་ཞིག་སྤྲད་པའི་དོན་ལས་བཙུགས་པ་ཡིན། ལ་དྭགས་བསོད་ནམས་གླིང་ནི་ཆོས་དད་དང་། རིག་གཞུང་། སྲོལ་རྒྱུན་བཅས་ཀྱི་སྐྱོང་སྲུང་དང་འཕེལ་རྒྱས་ལ་ནུས་པ་ཆེན་པོ་བྱས་པའི་གནས་ཆེན་ཞིག་ཡིན།

ཁོར་ཡུག་གི་བཀོད་པ།

[རྩོམ་སྒྲིག]

བསོད་ནམས་གླིང་ནི་ལ་དྭགས་ཀྱི་རི་ཁུལ་མཐོ་སྒང་དུ་གནས་ཡོད་པས། དུས་ཚོད་མང་པོར་གྲང་ངར་ཆེ་ཞིང་། དགུན་ཁར་གྲང་མོ་ཧ་ཅང་ཚབས་ཆེ་བ་ཡིན། འོན་ཀྱང་། དེའི་རང་བཞིན་ས་ཁུལ་ནི་མཛེས་ཤིང་སྐུལ་འདེད་ཆེ་བ་ཡིན་ཏེ། རི་རྩེ་ཁ་བས་བརྒྱན་པ། སེང་གེ་གཙང་པོ། དང་རྩྭ་ཐང་ཆེན་པོ་སོགས་ཀྱིས་གང་ཡོད།

གནམ་གཤིས།

[རྩོམ་སྒྲིག]

ལ་དྭགས་བསོད་ནམས་གླིང་གི་གནམ་གཤིས་ནི་རི་མཐོ་པོའི་ས་ཁུལ་དུ་གནས་པས་ ཁམས་སྐམ་པོ་དང་ གྲང་མོ་ཆེན་པོ་ཡིན།

དགུན་ཁ (ཟླ་ ༡༡ – ༣): ཧ་ཅང་གྲང་མོ་ཆེན་པོ་ཡིན། དྲོད་ཚད་ནི་ –༢༠°C ནས་ –༣༠°C བར་ཉམས་འགྲོ་སྲིད། ཁ་བ་མང་པོ་འབབ་པས་ ལམ་ཁག་མང་པོ་སྒོ་བརྒྱབ་འགྲོ་སྲིད།

དབྱར་ཁ (ཟླ་ ༦ – ༩): དྲོད་ཚད་འཇམ་པོ་ཡིན། ༡༥°C – ༢༥°C བར་ཡོད། གནམ་གཤིས་སྐམ་པོ་དང་ ཆར་པ་ཧ་ཅང་ཉུང་། སྐབས་འདི་ནི་འགྲུལ་བསྐྱོད་བྱེད་རྒྱུར་ཆེས་བཟང་།

དཔྱིད་དང་སྟོན་ཁ: གྲང་དྲོད་མཉམ་པོ་ཡིན། ཉི་མ་གསལ་ཞིང་ རླུང་ཆུང་།

མི་དམངས།

[རྩོམ་སྒྲིག]

ཁོང་ཚོ་ནི་སེམས་པ་བཟང་། བརྩེ་སེམས་ཆེ། ཕན་ཚུན་རོགས་རམ་བྱེད་མཁན། ཆོས་ལ་དད་པ་ཆེ། ཞི་བདེ་ལ་དགའ་བ། ལས་ལ་བརྩོན་པ། མགྲོན་པོ་ལ་གུས་ཞབས་ཆེ་བའི་གཤིས་ཀ་ལྡན་པ་རེད།