Jump to content

User:Ten-Choesang/SANDBOX/ངའི་མ་ལོ།

ཡོང་ཁུངས་Wikipedia

མ་ཉིད་ཀྱི་གོ་ས་ནི་མི་རིགས་ཀྱི་ཀུན་ལ་ཁྱབ་པའི་ཉམས་མྱོང་གལ་ཆེ་ཤོས་ཡིན་ནའང་། དེ་ནི་རིག་གནས་དང་ས་ཁུལ། གནས་སྟངས་སོགས་ཀྱི་ངོས་ནས་མཛེས་སྡུག་ལྡན་པའི་སྣ་ཚོགས་ཀྱི་ངང་ནས་མངོན་གྱིན་ཡོད། མ་ཤིན་ཏུ་བརྩེ་བའི་ངོ་བོ་ནི་མཐའ་མཚམས་ལས་འདས་ཀྱང་། མ་ཞིག་ཏུ་གྱུར་པའི་ཉིན་རེའི་དངོས་དོན་གྱི་གནས་སྟངས་ནི་འཛམ་གླིང་གང་དུ་ཁྱེད་ཀྱིས་ཞུགས་སའི་གནས་བབ་དང་བསྟུན་ནས་ཧ་ཅང་ཆེན་པོའི་ཁྱད་པར་ཡོད།

1 ངའི་མ་ལོ།

[རྩོམ་སྒྲིག]

ཆེས་ཐོག་མའི་དྲན་ཡུལ་དུ་འཁོར་བ་ནི།

རིན་ཐང་ཆེ་བའི་ནོར་བུ་ཞིག

འོད་དུ་འཚེར་བའི་ཉི་མའི་འོད་ཟེར་ཞིག

ཀྱེ་ཀྱེ།  ངའི་མ་ལོ་ལགས།

ཁྱོད་ཀྱི་བརྩེ་དུང་གི་ཞིང་ཁམས་ཉུལ་རྩིས་ཀྱི་ཆེས་ཐོག་མའི་ཚོར་བ་དེ་འདི་ན་ཡོད་སྲིད།

ཁྱོད་ཀྱི་སྦྲང་བུ་ཡི་སྦྲང་རྩི་སྲུང་བ་ལྟར་ཆེས་ཐོག་མའི་མངར་ཁ་དེ་འདི་ན་ཡོད་སྲིད།

ཁྱོད་ཀྱི་ཡིད་ཆེས་དང་རེ་བ་ཅོལ་པའི་ཆེས་ཐོག་མའི་ཚོར་བ་དེ་འདི་ན་ཡོད་སྲིད།

ཀྱེ་ཀྱེ།  བདག་གི་ཆེས་ཐོག་མའི་དྲན་ཡུལ་འཛིན་འོས་པའི་སྙིང་གི་མ་ལོ་ལགས།

ཞིབ་ཏུ་ཉོན་དང་ཆེས་ཐོག་མའི་གླུ་ཆུང་སྙན་མོ་དེར་་་་་་

2 ཆེས་ཐོག་མའི་མེ་ཏོག།

[རྩོམ་སྒྲིག]

དེ་ནི་འདམ་པ་ནང་འཚར་ཡང་སྙིང་གི་གཅེས་ནོར་དུ་ཉར་ཞིང་།

དེ་ནི་འཇིག་རྟེན་ནང་སྐྱེས་པའི་ཆེས་ཐོག་མའི་གནམ་མཁའི་ལྷ་མོ་ཞིག་ཀྱང་རེད།

དེ་ནི་མཉམ་རྒྱུས་མེད་པའི་དྲི་མེད་ཀྱི་ལྷ་མོ་ཞིག་ཀྱང་རེད་ལ།

དེ་ནི་ཞི་བདེ་ཡོང་སའི་ཡུལ་ལྗོངས་མཛེས་པོ་ཞིག་ཀྱང་ཡིན།

ང་རང་མེ་ཏོག་འདི་ལྟར་ནམ་ཡང་འབྲལ་མེད་ཤོག།

སྐབས་དེར་གལ་ཏེ་ངས་ཡིག་འབྲུ་འགའ་ཤེས་ན་དེ་ལྟར་བྲིས་ཡོད་ངེས་ཡིན།

མེ་ཏོག་ལས་ཀྱང་མཛེས་པའི་བདག་གི་མ་ལོ།

མེ་ཏོག་ལས་ཀྱང་མཛེས་པའི་མ་ལོ་བརྩེ་སེམས།

ཕྱིར་འདང་གི་སེམས་པ་སྤྲོ་བྱེད་ཀྱི་ཆེས་ཐོག་མའི་འབུལ་བ།