Jump to content

User:Sangpe/Sandbox/བློ་བཟང་རྒྱ་མཚོ།

ཡོང་ཁུངས་Wikipedia

༸རྒྱལ་དབང་སྐུ་འཕྲེང་ལྔ་པ་ཆེན་པོ་མཆོག་ནི་ཕྱི་ལོ་ ༡༦༡༧ ལོར་སྐུ་འཁྲུངས་ཤིང་ཕྱི་ལོ་ ༡༦༨༢ ལོར་སྐུ་གཤེགས།[]

སྐུ་ཚེ་སྟོད།

[རྩོམ་སྒྲིག]

༸རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ་མཆོག་ནི་མེ་སྦྲུལ་ ༡༦༡༧ ལོར་འཕྱོངས་རྒྱས་འཕྱིང་དབར་སྟག་རྩེར་ཡབ་བདུདུ་འདུལ་རྡོ་རྗེ་དང་ཡུམ་ཀུན་དགའ་ལྷ་མཛེས་ཀྱི་སྲས་སུ་སྐུ་འཁྲུངས། ཕྱི་ལོ་ ༡༦༢༢ ལོར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་༸རྒྱལ་དབང་སྐུ་འཕྲེང་བཞི་པའིི་ཡང་སྲིད་དུ་ངོས་འཛིན་མཛད་དེ་མཚན་ལ་ངག་དབང་བློ་བཟང་རྒྱ་མཚོ་ཞེས་མཚན་གསོལ། པཎ་ཆེན་ཁོང་གིས་དྲུང་ནས་མདོ་རྒྱུད་རིག་གནས་ཀྱི་སྐོར་གསན་བསམ་རྒྱ་ཆེར་གནང་།

སྐུ་ཚེ་བར།

[རྩོམ་སྒྲིག]

ཕྱི་ལོ་ ༡༦༤༢ ལོར་གཙང་པའི་སྡེ་སྲིད་ཕབ་ཉེས་བྱུང་སྟེ་གུ་ཤྲིར་ཁཱང་གིས་༸རྒྱལ་དབང་མཆོག་དབུས་སུ་གདན་དྲངས་ཏེ་བོད་ཡོངས་རྫོགས་ཕུལ་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས། ཕྱི་ལོ་ ༡༦༥༡ ལོར་༸རྒྱལ་དབང་མཆོག་པེ་ཅིན་དུ་ཕེབས། དེར་ཟླ་གཉིས་ཙམ་བཞུགས་ནས་སླར་དབུས་གཙང་དུ་ཕྱིར་ཕེབས། ཕྱི་ལོ་ ༡༦༦༧ ལོར་རྒྱ་སོག་དབར་འཁྲུག་ཟིང་བྱུང་བའི་༸རྒྱལ་དབང་མཆོག་གིས་ཆིངས་འདུམ་མཛད་དེ་བདེ་འཇགས་སུ་བྱུང་།

སྐུ་ཚེ་སྨད།

[རྩོམ་སྒྲིག]

༸རྒྱལ་དབང་མཆོག་ནས་དགའ་ལྡན་ཕོ་བྲང་གི་གཞུང་ལེགས་པར་བསྐྱངས་གནང་སྟེ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ཕྱི་ལོ་ ༡༦༨༢ ལོར་ཞི་བར་གཤེགས།


ལུང་ཁུངས་ཞབས་མཆན་དུ་འགོད་པ།

[རྩོམ་སྒྲིག]
  1. སྲིད་དོན་རྒྱལ་རབས།