User:Pemsel17
མཐོང་རིས་
| User language | ||
|---|---|---|
| ||
| Users by language |
༈ས་རཱ་རུ་བོད་ཡིག་སྦྱོང་བཞིན་པའི་སློབ་མ་པདྨ་འཕྲིན་ལས་ཀྱིས་མཚམས་འདྲི་གྲངས་མེད་ཞུ།
གུས་མོ་ང་རང་ཀྲུ་ཀྲིང་གཞིས་ཆགས་ཆུང་ཆུང་ནས་ཡིན། གུས་མོ་ང་རང་སྔོན་འགྲོ་ནས་འཛིན་གྲྭ་ལྔ་པ་བར་ཤི་ལོང་སམ་བྷོ་སློབ་གྲྭ་ལ་སློབ་སྦྱོང་བྱེད་པ་ཡིན། དེ་ནས་ཕྲན་འཛིན་གྲྭ་དྲུག་པ་ནས་བཅུ་གཉིས་བར་མ་སུ་རི་བོད་ཁྱིམ་སློབ་གྲྭ་ལ་ཡི་གེ་སྦྱངས་པ་ཡིན། གུས་མོ་ང་རང་བོད་ཡིག་ལ་དོ་སྣང་ཆེན་པོ་ཡོད་པས། ས་རཱ་མཐོ་སློབ་ནི་བོད་པའི་རིག་གཞུང་སྐོར་ལ་དོ་སྣང་ཡག་པོ་བྱེད་ཀྱི་ཡོད་པའི་ཕྲན་ང་རང་དེ་ལ་གོ་སྐབས་བཟང་པོ་ཡོད་པ་མཐོང་ནས་ང་རང་དེ་རུ་སློབ་སྦྱོང་བྱེད་དུ་སླེབས་པ་ཡིན།