Jump to content

User:Pecha-Tsewang/sandbox/བདུན་ཟུར།

ཡོང་ཁུངས་Wikipedia

ངོ་སྤྲོད།

[རྩོམ་སྒྲིག]

བདུན་ཟུར་ཞེས་པ་ལོ་རྟགས་གཉིས་ཀྱི་བར་ན་ལོ་བདུན་གྱི་བར་ཁྱད་ཡོད་པར་བཞེད། དེ་ཡང་དཔེར་ན་བྱི་བ་ཡི་བདུན་ཟུར་རྟ། གླང་གི་ལུག སྟག་གི་སྤྲེལ། ཡོས་ཀྱི་བྱ། འབྲུག་གི་ཁྱི། སྦྲུལ་གྱི་ཕག་བཅས་སུ་འདོད། ཇི་སྐད་དུ་འབྱུང་རྩིས་ཟླ་ཟེར་སྔོན་འགྲོའི་ལེའུ་ལས། "གཅིག་པ་རང་ཀེག་གཉིས་ནད་དགྲ།། གསུམ་པ་བྱེ་བྲལ་བཞི་བཞི་གཤེད།། ལྔ་པ་ལྔ་མཐུན་དྲུག་དྲུག་འབྲས།། བདུན་པ་བདུན་ཟུར་ཤེས་པར་བྱ།།"[]ཞེས་གསུངས་སོ།། གཞན་ཡང་དེ་ཉིད་ཀྱི་ཀེག་རྩིས་ལེའུ་ལས་རྩུབ་རྡེལ་བདུན་གསུངས་པར། "རང་ལོ་གནམ་ཤར་རང་ཀེག་རྩུབ།། བདུན་ཟུར་ཤར་ན་དགྲ་གཤེད་རྩུབ།།"[]ཞེས་གསུངས་སོ།།

བྱུང་ཚུལ།

[རྩོམ་སྒྲིག]

དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་རྩིས་གཞུང་བཻ་དཀར་ལས། "བདུན་ཟུར་ལོ་དཀར་བྱུང་བའི་ཚུལ།། རྟ་ཡིས་བང་བཏང་བྱི་རུ་བཅག ། གླང་གིས་རྭ་གོང་ལུག་རྡོ་བཀལ།། སྟག་གིས་སྤར་མོར་སྤྲེའུ་བཅུག ། ཡོས་ཀྱི་ཕྲུ་གུ་བྱ་ཡིས་ཁྱེར།། ཁྱི་ཡི་རྐེད་པ་འབྲུག་གིས་བཅག ། གདུག་པ་སྦྲུལ་དེ་ཕག་གིས་ཟོས།།"[]ཞེས་གསུངས་སོ།།

ཤུགས་རྐྱེན།

[རྩོམ་སྒྲིག]

བཅོས་ཐབས།

[རྩོམ་སྒྲིག]
  1. ལོ་ཆེན་དྷརྨ་ཤྲཱི། འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར། Pg.5
  2. ལོ་ཆེན་དྷརྨ་ཤྲཱི། འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར། Pg.22
  3. སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཕུག་ལུགས་རྩིས་ཀྱི་ལེགས་བཤད་བཻ་ཌྷཱུར་དཀར་པོ། Pg.235