Jump to content

User:Pecha-Tsewang/sandbox/བགྲང་ཕྲེང་།

ཡོང་ཁུངས་Wikipedia

ཕྲེང་བ་ཟེར་བ་གང་རེད།

[རྩོམ་སྒྲིག]

ཕྲེང་བ་ནི་གཟུངས་སྔགས་བགྲང་བྱེད་ཀྱི་ཡོ་བྱད་གལ་ཆེན་ཞིག་རེད། འདི་ནི་རྒྱུ་ཆ་གང་ཞིག་གཟུགས་ཟླུམ་པོར་བྱས་ནས་གྲངས་ངེས་ཅན་ཞིག་སྐུད་པ་ལ་བརྒྱུས་ཏེ་བཟོས་པ་ཞིག་རེད། དད་པ་ཡོད་མཁན་ཚོས་བླ་མར་སེམས་ཕྲེང་ནས་གསོལ་བ་བཏབ། ཡི་དམ་ལྷ་ལ་སེམས་ཕྲེང་ནས་བསྙེན་སྒྲུབ། མཁའ་འགྲོ་མ་ཚོར་སེམས་ཕྲེང་ནས་འཕྲིན་ལས་བཅོལ། རྡོ་རྗེ་སྤུན་གྲོགས་རྣམས་ཕན་ཚུན་སེམས་ཕྲེང་ནད་དམ་ཚིག་སྲུང་བ་བཅས་ཀྱི་རྟེན་འབྲེལ་གྱི་རྗས་སུ་གྱུར་པའི་ཕྱིར་འདི་ལ་ཕྲེང་བ་ཞེས་བྱའོ།།

རྒྱུ་ཆའི་རིགས་དང་ཁ་དོག་གི་དབྱེ་བ།

སྤྱིར་ཕྲེང་བའི་རྒྱུ་ཆ་སྣ་ཚོགས་ལས་བསྒྲུབས་པ་དཔེར་ན། དུང་དང་། ཤེལ། ཉ་ཕྱིས། མུ་ཏིག བེ་ཌཱུར། བྱང་ཆུབ་ཤིང་གི་འབྲས་བུ། གསེར། དངུལ། ཟངས། པདྨའི་སྙིང་པོ། ལུང་ཏང་། ཨ་རུ་ར། བྱི་རུ། པདྨ་རཱ་ག ཙནྡན། སེང་ལྡེང་། རུ་དྲཱ་ཀྵ། ལྕགས། རུས་པ། རྔ་མོང་གི་སོ། བོ་དེ་ཙེ། གཟི་མཆོང་། རིན་པོ་ཆེ་སྣ་ཚོགས་སོགས་སྒྲུབ་པ་ཡིན། གཞན་ཡང་ཁ་དོག་གི་ཆ་ནས་དབྱེ་ན།

  • ཞི་བའི་ལས་གྲུབ་པར་དཀར་པོ།
  • རྒྱས་པའི་ལས་གྲུབ་པར་སེར་པོ།
  • དབང་གི་ལས་གྲུབ་པར་དམར་པོ།
  • དྲག་པོའི་ལས་གྲུབ་པར་ནག་པོ།
  • ལས་སྣ་ཚོགས་གྲུབ་པར་ཁྲ་བོ་དགོས་པར་གསུངས་སོ།།

ཕྲེང་བའི་ཆ་ཤས།

ཕྲེང་བར་ཐོག་མར་གོང་དུ་བཤད་པའི་རྒྱུ་ཆ་གང་ཡིན་གི་ཕྲེང་རྡོག་བུ་ག་ཅན་དགོས་པ་དང་། དེའི་གྲངས་ནི་ལས་སོ་སོར་མི་འདྲ་བར་གསུངས་ཡོད་ཀྱང་སྤྱིར་བརྒྱ་དང་བརྒྱད་ཡོད། དེ་ཐམས་ཅད་གི་དབུ་ལ་མདོ་འཛིན་ཞེས་པ་མཆོད་རྟེན་གྱི་གཟུགས་སུ་ཡོད་པ་མདོ་འཛིན་གཉིས་ཀྱིས་ཐབས་ཤེས་ཟུང་འཇུག་མཚོན། དེ་ཀུན་ཀྱང་སྲད་བུའམ་རྒྱུན་སྐུད་ཀྱིས་འཆིང་དགོས།

ཕྲེང་བའི་ཕན་ཡོན།

  • ཡི་དམ་ལྷའི་ཕྱག་རྟགས་མི་བརྗེད་པའི་རྟེན།
  • གཉེན་པོའི་ཡེ་ཤེས་སེམས་ལ་འཕྲེང་བ།
  • བསྐྱེད་རྫོགས་ཀྱི་ཏིང་འཛིན་གསལ་བ།
  • མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པ།
  • ཚེ་རིང་ནད་མེད་གཟུགས་མཛེས་པ།
  • གདོན་བགེགས་ཐམས་ཅད་ཞི་བ།
  • སངས་རྒྱས་བྱང་སེམས་ཀྱིས་བྱིན་གྱིས་བརླབས་པ།
  • མཁའ་འགྲོ་མ་རྣམས་འདུ་ཞིང་བསྲུང་བ།
  • ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་འགྲུབ་པ།

ཕྲེང་བ་འཆང་བ་དང་བགྲེང་བའི་ཚུལ་མདོར་བསྡུས།

ཕྲེང་བ་ལག་པ་གཡོན་པས་འཆང་ཞིང་། མཐེ་བོང་གིས་རྡོག་པ་རེ་རེ་བཞིན་འགྲིལ། སྔགས་རེ་ལ་རྡོག་པ་རེ་སྟེ། རང་གི་མཐེ་བོང་ལ་ལྕགས་ཀྱུར་བསམ་ཞིང་། དེས་གང་སྒྱུབ་པར་བྱ་བའི་ཡི་དམ་གྱི་ལྷ་དེ་འགུགས་པའི་དམིགས་པས་ཐབས་ཤེས་ཟུང་འབྲེལ་གྱི་བློ་རྩེ་གཅིག་པས་ཕྲེང་བ་བགྲང་དགོས་པར་གསུང་། རབ་བྱུང་ན་ལུས་དྲོད་དང་མི་བྲལ་བ་དགོས་ལ་གཅེས་སྤྲས་བྱ། མ་སྤྱོད་པའི་ཚེ་གཙང་མའི་གནས་སུ་མཐོ་སར་བཞག གཞན་ལ་མི་སྟོན་ཞིང་མ་གཡར། སྔགས་གསོག་སྒྲུབ་མ་བྱེད་གོང་ལ་རབ་གནས་ངེས་པར་བྱ་དགོས། གལ་ཏེ་ཕྲེང་བ་ཉམས་གས་སུ་གྱུར་ན་མེ་ལ་བསྲེག་པའམ་ཆུ་ལ་དོར་བ་ལས་གང་བྱུར་བོར་མི་རུང་ངོ་།། སརྦམངྒལཾ།། །།

Introduction to Malas

[རྩོམ་སྒྲིག]

Malas are an important tool for counting mantras and dharanis. They are objects made by shaping materials into round forms and stringing a fixed number of them on thread. A devotee directs his mind through the beads to the lama and make supplications. He directs his mind through the beads to the meditation deity for accomplishment. He directs his mind through the beads to the dakinis to request fulfilment of activities. Vajra brothers and sisters mutually direct their minds through the beads to maintain samaya. Because they become objects of auspicious connection for these purposes, they are called "Malas."

Types of Materials and Color Classifications

[རྩོམ་སྒྲིག]

Various type of materials are used to make mala beads such as conch, glass/crystal, coral, pearl, beryl, bodhi tree seeds, gold, silver, copper, lotus seeds, agate, myrobalan, red coral, carnelian, sandalwood, rosewood, rudraksha, iron, bone, camel teeth, bodhi seed, onyx, various precious stones, etc. are used. Furthermore, when classified by color:

  • White for accomplishing peaceful activities
  • Yellow for accomplishing enriching activities
  • Red for accomplishing magnetizing activities
  • Black for accomplishing subjugating activities
  • Multicolored is said to be needed for accomplishing various activities.

Components of Malas

[རྩོམ་སྒྲིག]

Malas first need round beads made from any of the materials mentioned above. Though different numbers are taught in various traditions, generally there are one hundred and eight. At the head of all these is what's called the "guru bead" in the form of a stupa. The two guru beads represent the union of method and wisdom. All these must be bound with thread or string.

  • Support for not forgetting the meditation deity
  • Reminiscing antidotal wisdom in the mind
  • Illuminating the meditation of generation and completion stages
  • Swiftly obtaining supreme and common accomplishments
  • Long life, freedom from illness, beautiful form
  • Pacifying all demons and obstacles
  • Being blessed by buddhas and bodhisattvas
  • Dakinis gathering and protecting
  • Accomplishing all peaceful, enriching, magnetizing and subjugating activities

Brief Instructions on the Use of Ritual Practice Malas

[རྩོམ་སྒྲིག]

Hold the Malas in the left hand, rolling each bead with the thumb. One bead per mantra. Visualizing one's thumb as an iron hook, with the visualization of drawing in the meditation deity to be accomplished, count the beads with a single-pointed mind on the union of method and wisdom. Best if not separated from body warmth and treated with care. When not using, place in a clean elevated place. Do not show to others or lend out. Before doing mantra accumulation practice, consecration must definitely be done. If Malas become damaged, they should be burned in fire or thrown in water rather than discarded carelessly. Sarva Mangalam.