Jump to content

User:སྨར་ཁམས་འབྲུག་རྒྱལ།

ཡོང་ཁུངས་Wikipedia

སྨར་ཁམས་འབྲུག་རྒྱལ་ནི་སྤྱི་ལོ་༡༩༨༠་ལོ་༡༢་པའི་ཚེས༡་ལ་བོད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་སྨར་ཁམས་སྒང་གི་བྱང་བརྒྱུད་ཁྱུང་འབུམ་གྲོང་དུ་ཕ་པདྨ་རྒྱ་མཚོ་དང་མ་ཨ་འཛོམས་ལྷ་མོ་གཉིས་ལས་སྐྱེས་ཤིང་། ཆུང་དུས་ཨ་ཁུ་འཇམ་དབྱངས་རྩ་ནས་འབྲི་ཀློག་སོགས་ལ་སྦྱངས་པར་བྱས། ལོ་ལྔ་ལ་སོན་དུས་ཁྱུང་འབུམ་ཀླུ་རྭ་དགོན་དུ་སྐྲ་ཕུད་བཅད་དེ་ཆོས་ཕྱོགས་ལ་སྦྱངས་པར་བྱེད་འགོ་འཚུགས། ལོ་བཅུ་གསུམ་སོན་དུས་གཅེན་པོ་དགེ་བཤེས་ངག་དབང་མཆོག་དང་ལྷན་དུ་རྒྱ་གར་དུ་ཡོང་ནས་༧་རྒྱལ་བའི་ཞལ་མཇལ་གསུང་ཐོས་ཐོབ་སྟེ། དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་ལོ་བཞི་ཡི་རིང་སློབ་གྲྭ་འགྲིམ་ཞིང་ཞོར་དུ། རིག་ལམ། ཚད་མ་དང་གཞུང་གསར། དྲང་ངེས་དང་སེམས་སྐྱེད་སོགས་ལ་སྦྱངས་པར་བྱེད་དོན་འབྲས་མི་དམན་པ་བྱུང་། དེ་ནས་རྡ་ས་ཡི་ཉེ་འདབས་སུ་ཆགས་པའི་སྰ་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ལོ་བཞི་ཡི་རིང་མཐུན་མོང་བོད་ཀྱི་རིག་གནས་ལ་སྦྱངས་པར་བྱས་ཏེ་མཐོ་རིམ་རིག་གནས་རམ་འབྱམས་པའི་ལག་འཁྱེར་ལེན། སྤྱི་ལོ་༢༠༠༤་ལོ་ཐེ་ཝན་དུ་ཡོད་པའི་གཅེན་པོ་གངས་རི་ཀརྨ་རིན་པོ་ཆེས་བཀའ་དགོངས་བཞིན་ཐེ་ཝན་དུ་སློབ་གྲྭ་སོང་། 中国文化大学 རྒྱ་ཡི་རིག་གཞུང་མཐོ་སློབ་ནང་དུ་རྒྱ་ཡིག་གཙོས་པའི་སློབ་གྲོགས་བརྒྱུད་ནས་འཛམ་གླིང་མི་རིགས་སོ་སོས་ལྟ་སྤྱོད་དང་མདུན་ལམ་འཚོལ་སྙེགས་ཀྱི་གནད་དོན་ངེས་ཤེས་རྙེད། བོད་ཀྱི་གསར་འགྱུར་དྲ་རྒྱ་དང་ཚགས་ཤོག་དུས་དེབ་སོགས་ལ་སྙན་རྩོམ་མང་པོ་ཟིན་སྤེལ་བྱས། ད་ལྟ་ཨ་རིས་སུ་ལས་གནས་སྡོད་བྱ་བཞིན་ཡོད།