User:བསྟན་འཛིན་དབང་རྒྱལ།

ཡོང་ཁུངས་Wikipedia
   ༼པདྨ་བཀོད་ཀྱི་གནས་བཤད་མདོར་བསྡུས་ནི།༽

ཾ༄༅༔  ༔དེ་ཡང་ཆོས་རྒྱལ་ཆེན་པོས་གསོལ་པ༔ མ་ཧཱ་གུ་རུ་རིན་པོ་ཆེ༔ མ་འོངས་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཅན༔ མ་འོངས་སེམས་ཅན་སྐྱབས་མེད་རྣམས༔ སྐྱབས་ཡུལ་པདྨ་བཀོད་ཞེས་པ༔ དེ་ཡིས་ཆག་ཚུལ་ཇི་ལྟ་བུ༔ དེར་ཕྱིན་ཕན་ཡོན་ཇི་ལྟ་བུ༔ ཆོས་གཏེར་ནོར་གཏེར་ཇི་ལྟར་ཡོད༔ མ་ཧཱ་གུ་རུའི་གསུང་དུ་གསོལ༔ ཅེས་པས་དེ་སྐད་ཞུས་པ་དང་༔ མ་ཧཱ་གུ་རུའི་བཀའ་སྩལ་པ༔ རྒྱལ་པོ་ཆེན་པོ་ལེགས་པར་གསོན༔ དུས་གསུམ་རྒྱལ་བའི་བྱིན་བརླབ་ཅིང་༔ མ་དང་མཁའ་འགྲོ་འདུ་བའི་གླིང་༔ ཨྱོན་སྤྲུལ་པའི་ཞིང་ཁམས་དང་༔ གཉིས་མེད་པདྨ་བཀོད་ཅེས་པ༔ དབྱིབས་ནི་པདྨ་འདབ་བརྒྱད་ཚུལ༔ ལུང་ཕྲན་བརྒྱ་དང་རྩ་བརྒྱད་དང་༔ སྦས་ལུང་ལྔ་བཅུ་རྩ་བརྒྱད་སོཊ༔ མཆོག་དུ་ལུང་ཆེན་ཞེ་གཉིས་དང་༔ རྩ་བའི་ལུང་པ་བརྒྱད་དང་བཅས༔ རི་རྩེ་ཐམས་ཅད་གངས་གྱིས་བསྐོར༔ སེང་གེ་བསྣོལ་བ་ལྟ་བུ་ཡོད༔ དེ་འོག་ཐམས་ཅད་བྲག་གིས་བསྐོར༔ སྟག་མོ་རྩལ་འདྲ་ལྟ་བུ་ཡོད༔ དེ་འོག་ཐམས་ཅད་རྫ་སྤངས་འདྲེས༔ གཟིཊ་ཐང་རོལ་བ་ལྟ་བུའི་བསྐོར༔  དེ་འོག་ཐམས་ཅད་ནག་ཚལ་བསྐོར༔ དོམ་ནག་འཁྲོས་པའི་སྤུ་བསླང་འདྲ༔ དེ་འོག་རི་ཐང་སྤང་ལྗོང་སྟོ༔ སྐྱེད་མོས་ཚལ་དང་མེ་ཏོག་བསྐོར༔ ལུང་འཐིལ་པདྨའི་འཐིལ་ལྟ་བུ༔ ཤིང་ཐོག་འབྲུ་ཐོག་སྣ་ཚོཊ་སྐྱེ༔ དགོས་འདོད་ཟད་མེད་གཏེར་དང་ལྡན༔ ཆུ་བོ་ཡན་ལག་བརྒྱད་ལྡན་འབབ༔ སྒྲ་སྐད་ཞི་ཁྲོའི་སྔཊ་སྒྲ་སྒྲོཊ༔ ཉིན་མོ་འཇའ་འོད་གུར་དུ་སྟིབས༔ མཁའ་འགྲོ་དཔའ་བོ་དངོས་སུ་རྒྱུ༔ ནུབ་མོ་འོད་ལྔའི་མེ་དཔུང་འབར༔ ཆོས་སྐྱོང་དམ་ཅན་སྤྲིན་ལྟར་སྟིབ༔ ཕྱི་ནས་མི་འགྱུར་གཟིར་བཞིར་ལྡན༔ ནང་ན་གཏེར་ཆེན་བརྒྱད་དང་ལྡན༔ བར་དུ་མི་འགྱུར་རྟཊ་གསུམ་ལྡན༔ བླ་མེད་མཆོག་ཐུན་ཀུན་འབྱུང་བའི༔ རྫས་ཀྱི་རྩ་མཆོག་ལྔ་ཡོད་དེ༔ རྫུ་འཕྲུལ་འགྲུབ་པའི་རྩ་མཆོག་དང་༔ མཆན། ལུས་མ་སྤངས་བར་ཞིང་ཁམས་བགྲོད་པར་ནུས། བདེ་དྲོས་རྒྱས་ཅིང་ཚེ་འཕེལ་རྩ༔ མཆན། རྒན་པོ་གཞོན་ནུར་འགྱུར་པར་ནུས། མངལ་སྒྲིབ་ཉོན་མོངས་སྦྱོང་བའི་རྩ༔ མཆན། སྐྱེ་བ་བདུན་ཚུན་དྲན། རྣམ་རྟོག་དུག་ལྔ་འགག་པའི་རྩ༔ མཆན། བཟའ་བཏུང་སོཊ་ཀྱི་རྟོཊ་པ་ཐམས་ཅད་འགཊ་ནས་ཞག་བདུན་གསུམ་སོཊ་རང་བཞིན་དུ་གནས། རྩ་མདུད་གྲོལ་ཅིང་ཡེ་ཤེས་བསྐྱེད༔ གྲུབ་པ་ཐོབ་པའི་རྩ་མཆོག་ཡོད༔ དེ་ཡང་ཕྱི་ལུང་བརྒྱ་རྩ་བརྒྱད༔ ཞི་ཁྲོ་ཁྲག་འཐུང་བཀོད་པ་ལྡན༔ སྒྲུབ་ཆེན་བཀའ་བརྒྱད་ལ་སོཊ་པ༔ མ་ཧཱ་ཡོ་གའི་རྒྱུད་ལུང་དང་༔ བསྟན་སྲུང་དྲག་སྔཊ་གཏེར་ཁ་ཡོད༔ ནང་དུ་ལུང་ཕྲན་ལྔ་བཅུ་བརྒྱད༔ ཁྲག་འཐུང་ལྔ་བཅུའི་བཀོད་པ་ཚང་༔ འདུལ་བ་མདོ་སྡེ་ཀྲི་ཡ་ཡོད༔ རྩ་བའི་ལུང་ཆེན་བརྒྱད་པོ་ལ༔ ཞིང་ཁམས་བརྒྱད་ཀྱི་བཀོད་པ་ཚང་༔ ཨ་ཏི་སྙིང་ཐིག་གཏེར་མང་ཡོད༔ དབུས་ཀྱི་ལྟེ་བ་སྐྱེས་མོའི་ཚལ༔ ཡིད་འོད་པདྨ་བཀོད་པ་རུ༔ ཤེལ་གྱི་ཕ་ཝང་གུར་ཕུབ་འདྲ༔ ཧེ་རུ་ཀ་ཡི་འདུ་ཁང་ཡིན༔ མ་མོ་མཁའ་འགྲོ་འདུ་བའི་གླིང་༔ མཇལ་ཙམ་བདེ་ཆེན་ཐོབ་པའི་གནས༔ ལོག་རེར་འདོམ་པ་ཉི་ཤུར་ལྡན༔ ཕ་ཝང་དེའི་ཕྱོཊ་མཚམས་སུ༔ ནོར་གཏེར་ཆེན་པོ་བརྒྱད་དང་ལྡན༔ ཆོས་གཏེར་ཆེན་པོ་ཉེར་ལྔ་ཡོད༔ ཤར་ཕྱོཊ་གླང་ཆེན་འགྱིང་འགྲོས་ལུང་༔ གླང་ཆེན་ཉལ་འདྲའི་ལྟེ་བ་རུ༔ ཟབ་གཏེར་ལྔ་དང་ཐུཊ་གཏེར་གསུམ༔ རི་དེ་ཤེལ་དང་དངུལ་ལས་གྲུབ༔ ལྷོ་ཕྱོཊ་རིན་ཆེན་ལྔ་བརྩེག་ལུང་༔ བྲག་རི་རིན་ཆེན་བྷྲཱུྃ་བརྩེག་འདྲ༔ དེས་དཀྱིལ་ཚེ་ནོར་བསོད་ནམས་སོཊ༔ རིཊ་རྒྱུད་སྤེལ་ཐབས་གཏེར་ཁ་ཡོད༔ རི་དེ་གསེར་གཡུ་ཟངས་ལྕཊ་ཡིན༔ ནུབ་ཕྱོཊ་རྨ་བྱ་འགྱིང་བསྣོལ་ལུང་༔ བྲག་ནི་རྨ་བྱ་བསྣོལ་འདྲ་ཡོད༔ དེ་རུ་མཁའ་འགྲོའི་ཟབ་གཏེར་ལྔ༔ བདུད་རྩི་དམ་རྫས་སྣ་ཚོཊ་དང་༔ དབང་གི་ཕྲིན་ལས་བསྒྲུབ་ཐབས་ཡོད༔ བྱང་ཕྱོཊ་མེ་རླུང་འཁྲུག་འདྲའི་ལུང་༔ བྲག་རི་མཚོན་ཆ་གཟེར་འདྲ་ན༔ བསྟན་སྲུང་མཐུ་ཡིས་གཏེར་ཁ་ཡོད༔ ཤར་ལྷོར་ཡེ་ཤེས་ལྔའི་ཚལ༔ སྨན་སྣ་ཛ་ཏིའི་ནག་ཅེས་ཡོད༔ གསོ་དཔྱད་རྩིས་ཀྱིས་གཏེར་ཁ་ཡོད༔ ལྷོ་ནུབ་གསེར་ཉ་འཁྱིལ་འདྲའི་ལུང་༔ བཟོ་རིཊ་སྣ་ཚོཊ་གཏེར་ཁ་ཡོད༔ ནུབ་བྱང་ལྷ་མོ་བྱེ་བའི་ཚལ༔ བྲག་རི་དར་དཀར་གཡོལ་འདྲ་ལ༔ ལྷ་མོ་ཁ་དོཊ་ལྔ་ལྡན་ཡོད༔ དེ་ན་པད་འབྱུང་བདག་ཉིད་ཀྱིས༔ གསང་སྔཊ་ཕྱི་ནང་གསང་གསུམ་སོཊ༔ གཏེར་རྫས་སྒྲུབ་རྫས་མང་པོ་དང་༔ སངས་རྒྱས་འཕེལ་གདུང་བྱ་སྒོང་ཙམ༔ དེ་ལ་མང་དུ་འཕེལ་བ་ཡོད༔ བུམ་པ་གཡུ་ཡི་བཀང་བ་ཡིས༔ ཁ་རྒྱན་མཚོ་རྒྱལ་གཙུག་གཡུ་ཡོད༔ བྱང་ཤར་རླུང་ནག་འཚུབ་མ་འདྲ༔ མཐུ་འབུམ་རྫས་སྔཊ་མང་དུ་ཡོད༔ ཧོར་དམག་བཟློག་པའི་ཐབས་སོཊ་ཡོད༔ ལན་ཚྭ་ཆུའི་སྙིང་པོ་ཡོད༔ དེ་དག་ཀུན་གྱིས་ལྡེ་མིག་ནི༔ བྲག་དཀར་ཤེལ་ལེ་དཀར་དུ་ཡོད༔ ལས་ཅན་རྣམས་ཀྱི་རིམས་པར་ཐོན༔ མ་རྨོས་ལོ་ཐོག་འབྲུ་ལྡ་དང་༔ ཤིང་ཐོག་རིཊ་ནི་བརྒྱ་རྩ་ཡོད༔ ཁྱད་པར་ཤིང་མཆོག་ཏ་མན་ཏ༔ ཞེས་བྱ་རོ་མཆོག་འབྲས་བུ་ནི༔ རེ་རེར་མི་ལྔའི་ལྟོ་འགྲེང་ཡོད༔ ཆོས་དར་རས་སོཊ་བཏུབ་པ་ཡིས༔ ལྷུམ་བུ་ཤིང་རས་གསུམ་དུ་ཡོད༔ དབུས་ཀྱི་ཤེལ་བྲག་ནང་དུ་ནི༔ སངས་རྒྱས་རབ་བདུན་གདུང་འབུམ་མཆོག༔ འོད་ཀྱི་མཆོད་རྟེན་པུ་རིའི་ནང་༔ རྒྱལ་པོ་ཨིནྡྲ་བྷོ་ཏི་ཡིས༔ ཀླུ་ཡིས་ཡུལ་ནས་གདན་དྲངས་པའི༔ ཡིད་བཞིན་ནོར་བུའི་གཏེར་ཁ་ཡོད༔ གསོལ་བ་གང་བཏབ་དངོས་གྲུབ་འབྱུང་༔ བྲག་དེས་ལྷོ་ཕྱོཊ་རྡོ་རྗེའི་རྟཊ༔ འཆི་མེད་ཚེ་ཆུ་ཚེ་བུམ་དང་༔ དགོས་འདོད་འབྱུང་བ་མང་དུ་ཡོད༔ གནས་དེར་གནས་པའི་དུད་འགྲོ་ཡངས༔ རྩ་ཟོས་ཆུ་དེས་བྱིན་རླབས་ཀྱིས༔ རྡོ་ལ་ཕྱག་རྗེས་བཞག་པ་དང་༔ རང་བཞིན་ཏིང་འཛིན་སྐྱེ་བ་ཡོད༔ གཞན་ཡང་ཕྱོཊ་བཞི་མཚམས་དག་ཏུ༔ མཚོ་ནི་དཀར་པོ་དམར་པོ་དང་༔ སེར་པོ་ལྗང་ཁུ་མཐིང་ཀ་ཡོད༔ རེ་རེ་ལའང་རང་མདོག་དང་༔ མཐུན་པའི་མཚོ་གཡོག་བརྒྱ་བརྒྱས་བསྐོར༔ གནས་དེར་བདག་ཉིད་པདྨ་འབྱུང་གནས་ཀྱང་༔ ལོ་གསུམ་ཟླ་བ་གསུམ་དང་ཞག་བདུན་བཞུཊ༔ མནྡྷ་ར་བས་འཇའ་ལུས་འོད་སྐུ་གྲུབ༔ ཡེ་ཤེས་མཚོ་རྒྱལ་མཆོག་གིས་དངོས་གྲུབ་ཐོབ༔ ཞིང་མཆོག་པདྨ་འོད་དང་གཉིས་སུ་མེད༔ གནས་འདིར་ཕྱིན་ཚད་ཕྱིར་མི་ལྡོག་བར་ངེས༔ ཅེས་གསུངས་སོ༔ གུ་རུ་རྡོ་རྗེ་གྲོ་ལོད་ཀྱིས་ལོ་རྒྱུས་གསེར་གྱི་ཕྲེང་བ་ཀུན་ནས་མཛེས་པ་ལས༔ སྦས་གནས་པདྨ་བཀོད་ཀྱི་ཆག་ཚུལ་དུ་གསུངས་པའི་ལེའུ་སྟེ་བཅོ་ལྔ་པའོ༔ སྟག་ཤམ་པས་གཏེར་མའོ༔ ༔