User:བསོད་ནམས་གངས་རྒྱན།

ཡོང་ཁུངས་Wikipedia

ངོ་སྤྲོད་མདོ་བསྡུས།[རྩོམ་སྒྲིག]

དངོས་མིང་ལ་བསོད་ནམས་ཚེ་རིང་བྱ་ཞིང་། ༡༩༩༤ལོའི་ཟླ་བཅུ་གཅིག་པར་བོད་ཡུལ་མདོ་སྨད་ཁག་གི་གནའ་བོའི་བཙན་རྫོང་གི་ཡ་གྱལ་ཡ་རྫི་ནས་སྐྱེས། སྐྱེལ་ཡུལ་གྱི་ལུང་པ་ནི་རྡོ་སྦིས་རོང་སྡེ་འདན་མ་ཟེར་ལ་རུས་ཁྱུང་ཚང་ཡིན།

སློབ་གཉེར་གྱི་གོ་རིམ།[རྩོམ་སྒྲིག]

སྔ་རྗེས་སུ་ཡ་རྫི་ས་ཆའི་རིམ་པ་སོ་སོའི་སློབ་གསོ་གཉེར་སྐལ་བ་ཐོབ་ཅིང་། ༢༠༡༣ལོ་ནས་༢༠༡༧ལོར་བོད་ཀྱི་རིག་གནས་གསར་བའི་རྦ་རླབས་འཕྱུར་ས་སྟེ་ནུབ་བྱང་མི་རིགས་སློབ་ཆེན་ནས་བོད་སྐད་ཡིག་གི་རྩོམ་རིག་དང་ལོ་ཙྰ་སོགས་སྦྱངས།

ལས་ཞུགས་ཀྱི་གོ་རིམ།[རྩོམ་སྒྲིག]

སློབ་མཐར་ཕྱིན་རྗེས་སློབ་གཙོ་གཞུང་ལས་ཁང་གི་མངགས་པ་དང་བཅས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་སློབ་གཞི་རྩོམ་སྒྲིག་གི་ལས་སུ་ཞུགས། རྗེས་སུ་ལས་གནས་ནས་བབས་སྟེ་ཀྲུང་གོ་ཚན་རིག་ཁྱབ་སྤེལ་མཐུན་ཚོགས་ཀྱི་གཙོ་སྒྲིག་དུས་དེབ་༼ཤེས་བྱ་ནི་སྟོབས་ཤུགས་ཡིན༽ཞེས་པ་དེའི་བོད་ཡིག་གི་རྩོམ་སྒྲིག་པ་དང་ལོ་ཙྰ་བའི་འགན་བཞེས།

སྤྱི་ཚོགས་ལས་དོན།[རྩོམ་སྒྲིག]

གཞན་ཡང་ད་ལྟ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐད་ནས་རྩོམ་འབྲི་བྱ་བཞིན་ཡོད་ཤིང་། རང་ནུས་ནས་བོད་ཡིག་གི་ཆ་འཕྲིན་དར་སྤེལ་ཀྱི་ཕྱོགས་ལ་འབད་པ་ལྷོད་མེད་བྱ་བཞིན་ཡོད། ད་ལྟ་བོད་ཡུལ་དུ་དར་ཁྱབ་ཆེ་བའི་དྲ་ཚིགས་བཅུ་ལྷག་བཟོས་ཡོད་ལ། བོད་ཀྱི་འཕྲིན་སྟེགས་ཆེས་ཆེ་ཤོས་ལུག་ཚང་དཔལ་ཡོན་གྱི་གཙོ་འགན་པའི་འགན་བཞེས་ཡོད། བོད་ཡིག་དོན་དུ་གཉེར་ཟེར་བའི་ཁ་གཡང་སྒྲོག་ནས་ད་ཆ་མུ་མཐུད་དུ་རྒྱལ་སྤྱིའི་དྲ་རྒྱའི་ལག་རྩལ་རང་སྦྱོང་བྱེད་བཞིན་ཡོད་ལ། ད་སྔ་བར་དུ་འཛམ་གླིང་ན་རྒྱུགས་ཆེ་བའི་དྲ་རྒྱའི་མཉེན་ཆས་མང་པོ་བོད་བསྒྱུར་བཏང་ཡོད། རྗེས་མར་ཆ་འཕྲིན་ལག་རྩལ་གཉེར་ཞོར་དུ་བོད་རང་གི་མི་ཆོས་རིག་གནས་དར་སྤེལ་གཏོང་བའི་ལས་སུ་ཞུགས་ངེས།

མ་འོངས་བའི་བསམ་འདུན།[རྩོམ་སྒྲིག]

རྗེས་མར་ད་དུང་བོད་ཀྱི་སྤྱི་བྱིངས་ཤེས་ཡོན་པ་དང་བོད་ཡིག་ཆ་འཕྲིན་ཅན་གྱི་གཏོང་བར་ཧུར་ཐག་འབད་བརྩོན་བྱ་རྒྱུའི་འདུན་པ་བཅོལ་ཡོད།

དྲ་རྒའི་འབྲེལ་ལམ།[རྩོམ་སྒྲིག]

བོད་ཡིག་གི་དྲ་ཚིགས་ནི། http://www.khangey.com/bo

རྒྱ་ནག་ཡིག་གི་དྲ་ཚིགས་ནི།http://www.khangey.com/cn

དབྱིན་ཡིག་གི་དྲ་ཚིགས་ནི། http://www.khangey.com