Tenzinchemisutzey/sandbox/ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་།

༄༅། །རྡ་ས་རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོའི་ཆེད་དུ་བཙུགས་པའི་ཤེས་ཡོན་གྱི་བསྟེ་གནས་ཁང་ཞིག་ཡིན།
དེ་ཡང་ཞིང་གཤེགས་དབུ་དགེ་དམ་པ་བློ་བཟང་རྒྱ་མཚོ་དཔལ་བཟང་པོ་མཆོག་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གནས་བབ་དང་བཙན་བྱོལ་སྤྱི་ཚོགས་ཀྱི་དགོས་མཁོར་གཟིགས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཇལ་བཅར་སྐབས་དགོངས་ཚུལ་རྣམས་སྙན་སེང་བསྒྲོན་པའི་བཀའ་ལན་དུ། "ང་དེ་འདྲ་ཞིག་དྲན་བསྡད་ཡོད། དེ་ཞེ་དྲག་གལ་ཆེན་པོ་རེད། ངེས་པར་དུ་ས་ཆ་རྒྱ་མ་ཅུང་བ་ཞིག་ཐབས་འཚོལ་དགོས།" ཞེས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་སློབ་ལམ་སྟོན་གནང་བ་ལྟར། ཕྱི་ལོ་༡༩༩༣ ལོར་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་འགྲོ་གྲོན་མཐུན་འགྱུར་སྩལ་གནང་གིས་གསར་བསྐྲུན་དབུ་འཛུགས་ཞུས།།


ཞིང་གཤེགས་དབུ་དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་མི་ཚེ་ལོ་རྒྱུས་སྙིང་བསྡུས།
[རྩོམ་སྒྲིག]མཚན། བློ་བཟང་རྒྱ་མཚོ།
འཁྲུངས་ལོ། 1928
འཁྲུངས་ཡུལ། ཁམས།
འདས་ལོ། 1997-02-04
རབ་བྱུང་། གུང་ལོ་༡༡ཐོག་རབ་ཏུ་བྱུང་།

ཤེས་ཡོན་སློབ་གཉེར།
[རྩོམ་སྒྲིག]དང་པོ། གཙུག་ལག་རབ་འབྱམས་པའི་སྡེ་ཚན།
[རྩོམ་སྒྲིག]༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འབྲེལ་བའ་བཀའ་སློབ་སྔ་ཕྱི་རིམ་པ་སྩལ་བའི་ནང་། རིགས་གཅིག་རྐང་འཛིན་གསོ་སྐྱོང་དགོས་པའི་ནན་ཆེའི་བཀའ་སློབ་ཕེབས་དགོངས་བཞིན། ཕྱི་ལོ་༢༠༡༤ ལོར་བོད་ཀྱི་རིག་གནས་ཐོག་རིགས་གཅིག་རྐང་འཛིན་འཛིན་གྱི་མི་སྣ་གསོ་སྐྱོང་སླད། གཙུག་ལག་རབ་འབྱམས་པའི་ཞིབ་འཇུག་སྡེ་ཚན་(M.A)གསར་འཛུགས་ཞུས་ཤིང་། ད་ལྟའི་ཆར་གཙུག་ལག་རབ་འབྱམས་པའི་འཛིན་གྲྭར་བོད་ཀྱི་ལོ་རྒྱུས་གཙུག་ལག་རབ་འབྱམས་པའ་དང་། བོད་ཀྱི་རྩོམ་རིག་གཙུག་ལག་རབ་འབྱམས་པ། བོད་ཀྱི་སྐད་བརྡ་རིག་པའི་གཙུག་ལག་རབ་འབྱམས་པ་བཙད་སྡེ་ཚན་མི་འདྲ་བའི་འཛིན་གྲྭ་གསུམ་ཡོད།
གཉིས་པ། མཐོ་རིམ་རིག་གནས་འཛིན་གྲྭ།
[རྩོམ་སྒྲིག]དབུ་དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་ནས་ཕྱི་ལོ་༡༩༩༥ ཟླ་ ༤ ཚེས་ ༡ ནས་མཐོ་རིམ་རིག་གནས་འཛིན་གྲྭ་སྐབས་དང་པོ་དེ་དབུ་འཛུགས་གནང་མོད། བཙན་བྱོལ་བོད་ྱིའི་གཞི་རིམ་སློབ་གྲྭ་ཁག་གི་ནང་བོད་དགེས་མ་འདང་བའི་དཀའ་ངལ་སེལ་ཆེད། རང་གཞུང་ིཤེས་རིག་ལས་ཁུངས་ཀྱི་རོ་སྐུལ་བཞིན་བམཐོ་རིམ་རིག་གནས་འཛིན་གྲྭ་དེ་དུས་ཡུན་ལོ་གཉིས་ཅན་གྱི་བོད་དགེ་འོས་སྦྱོང་དུ་བསྒྱུར།
གསུམཔ། ལས་བྱེད་འོས་སྦྱོང་དང་ཟབ་སྦྱོང་།
[རྩོམ་སྒྲིག]བཞི་པ། དགེ་རྒན་འོས་སྦྱོང་དང་ཟབ་སྦྱོང་།
[རྩོམ་སྒྲིག]ལྔ་པ། མཚམས་སྦྱོར་དང་ཟུར་སྦྱོང་འཛིན་གྲྭ།
[རྩོམ་སྒྲིག]