Template talk:Main Page text

Page contents not supported in other languages.
ཡོང་ཁུངས་Wikipedia

ང་ཚོ་བོད་མི་ཚོས་ད་ལྟ་གང་ཞིག་བྱ་དགོས་ཀྱི་ཡོད་པ་རེད་དམ། གནས་ཚུལ་འདི་ནི་ཧ་ཅང་གི་དྲི་བ་ཆེན་པོ་ཞིག་རེད། འདས་པོའི་ལོ་གཅིག་གི་གོང་སྟེ་ཕྱི་ལོ་ ༢༠༠༨ ༗༗ཟླ་ ༣ ཚེས་ ༡༠ ནས་་བཟུང་བོད་ཆོལ་གསུམ་ཁྱོན་དུ་སླར་ཡང་ཞི་རྒོལ་ཤུགས་ཆེ་བྱུང་རྗེས་ད་ལྟ་བོད་ས་ཡོངས་མིང་དོན་མཚུངས་པའི་བཙོན་ར་ཞིག་ཏུ་གྱུར་ཡོད། རྒྱལ་ཞེན་ཅན་དང་ནུས་པ་ཡོད་མཁན་ཚོས་བཙོན་བཅུག་དང་རྡུང་རྡེག་ཕོག་གི་ཡོད་ལ། ཤེས་ཡོན་ཅན་དང་དགེ་བཙུན་ཚོ་དེ་བས་ཀྱང་དགྲ་བོ་ལྟར་དུ་ངོས་འཛིན་བྱ་གི་ཡོད། ལྷག་པར་བོད་མི་མང་དག་ཞིག་ལ་སྲོག་ཐོག་ནས་ལོ་གཅིག་ཡན་གྱི་བཙོན་བཅུག་དང་ཁྲིམས་ཆད་འདྲ་མིན་བཏང་སྟེ་འཛམ་གླིང་སྟེང་སྐད་རྒྱག་ས་མེད་པར་གྱུར་ཡོད། དེ་གང་འདྲ་བྱས་ཏེ་མེད་པ་བཟོ་དགོས་སམ་ཞེ་ན། དེ་ནི་ང་ཚོ་ཆོལ་གསུམ་བོད་མི་ཚོས་ལུང་ཚན་ཆུང་ངུ་ཞིག་དང་སྒེར་གྱི་ཁེ་ཕན་ཆུང་ངུ་ཞིག་ལ་མ་བསམ་པར་ངེས་པར་དུ་གདུང་ཤུགས་གཅིག་་བསྒྲིལ་གྱི་སྒོ་ནས་རྣམ་འགྱུར་ཞིག་བཏང་ཐུབ་ཚེ་བར་ལྡིང་དུ་ཁེ་བཟང་ལེན་མཁན་གྱི་བོད་མི་དེ་དག་ཀྱང་རང་བཞིན་དུ་འཇའ་ཡལ་བ་ལྟར་དུ་གྱུར་སྲིད་པ་ལས། དེ་མིན་བོད་མི་ནང་ཁུལ་དུ་དཀའ་བ་སྤྱད་མཁན་མུ་མཐུད་རྒྱུན་མཐུད་རྒྱུན་མཐུད་དུ་དཀའ་བ་སྤྱད་རྒྱུ་དང། ཁེ་བཟང་ལེན་མཁན་གྱི་མགོ་གཉིས་མ་འཁྲབ་སྟེ་ད་ལྟ་ཁེ་བཟང་ཆེ་ཤོས་ལེན་གྱི་ཡོད་ལ། ཁོང་ཚོའི་ལུས་སེམས་ཐོག་ཏུ་རྒྱུ་འབྲས་དང་ལ་ཞེན་གྱི་དྲི་མ་མེད་པར་དེ་དག་འགོག་ཐབས་ལ་ང་ཚོ་བོད་མི་ ཚོས་ངེས་་པར་འཆར་གཞི་ཞིག་དགོས་ཀྱི་འདུག