Talk:ཤམ་བྷ་ལའི་རྒྱན།

Page contents not supported in other languages.
ཡོང་ཁུངས་Wikipedia

སྙན་ངག་གི་བསྟན་བཅོས་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།

དངུལ་ཆུ་ཆོས་བཟང་གི་གསུང་རྩོམ་ལས། བེ་རི་འཇིགས་མེད་ཀྱིས་བཏུས་བསྒྲིགས་ཞུས།

༄༅༅། །རྒྱ་གར་སྐད་དུ། ཀ་བེཿ ཤཱསྟྲས་མུ་དྲ་སྱ་གརྦྷ་ནཱ་མ། བོད་སྐད་དུ། སྙན་ངག་གི་བསྟན་བཅོས་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།ལེགས་བཤད་རྒྱ་མཚོའི་སྙིང་པོའི་བཅུད། །རྣམ་དཔྱོད་བུམ་པར་འཁྱིལ་པ་གང༌།།གཟུང་གནས་ལེགས་བྲིས་ཉེར་འཚོར་སྤྱན། །ཕྱག་བདེ་དྲི་ཟའི་བུ་མོས་མཛོད། །འདི་ལ་ལུས་རྒྱན་སྐྱོན་གསུམ་སྟེ། །ལུས་ལའང་བཅད་ལྷུག་སྤེལ་མ་གསུམ། །ཚིགས་སུ་བཅད་པའི་དབྱེ་བ་ནི། །ཡི་གེ་བགྲང་བ་བྲྀཏྟ་དང༌། །ཕྱི་མོ་བ་གྲང་བ་ཛཱ་ཏི་སྟེ། །སྡེབ་སྤྱོར་སྒོ་ནས་གཉིས་སུ་དབྱེ། །ཚིགས་བཅད་གཅིག་གིས་བརྗོད་བྱ་ཀུན། །རྫོགས་པར་སྟོན་པ་གྲོལ་པ་དང༌།།བརྗོད་བྱ་གཅིག་ལ་ཤློཀ། །དུ་མ་ཡོད་པ་བྱ་ཚིག་ནི། །གཅིག་གིས་གསལ་བར་རིགས་ཞེས་བྱ། །གཅོད་མཚམས་དུ་མས་ཤློཀ། །བྱ་ཚིག་ངེས་མེད་བརྗོད་བྱ་ནི། །དུ་མས་ཕྱུག་པར་མཛོད་ཅེས་བྱ། །བརྗོད་བྱ་གཅིག་ལ་ཚིགས་བཅད་དང༌། །བྱ་ཚིག་དུ་མ་ཡོད་པར་ནི། །འདུས་པ་ཞེས་བྱ་དེ་བཞི་ནི། །རིགས་ཀྱི་སྒོ་ནས་དབྱེ་བའོ། །ལེའུ་གཉིས་ཡན་གྱིས་བཅིངས་པ། སརྒྷ་ཆེན་པོའོ་དེ་ལ་ཡང༌། །སྒོ་ནི་ཤིས་བརྗོད་ཕྱག་བྱ་དང༌། །དངོས་པོ་ངེས་པར་བསྟན་པ་གསུམ། །སྲོག་ནི་གཏམ་དང་སྡེ་བཞི་སྟེ། །ཆོས་དོན་འདོད་དང་ཐད་པའི་སྡེའོ། །རྩོམ་ལུགས་དངོས་གཞི་རྐང་རེང་འབྲུ། །ཉེར་གཅིག་བྱད་ཚེ་བཅོ་ལྔ་དགུ། །བདུན་དུ་མར་འབེབས་བདུན་བསྒྲིགས་ཚེ། །དགུ་དང་བཅུ་གཅིག་སོགས་ཡང་འཕེལ། །བཅད་མཐར་ལྷུག་དང་ལྷུག་མཐར་བཅད། །བྱས་པས་དཀྱུས་ལས་ཐ་དད་མཛེས། །ལྷུག་པར་བརྗོད་པ་དང་གཏམ་ཞེས། །མིང་གི་དབྱེ་བ་གཉིས་སུ་འདོད།།སྦེལ་མར་ཟློས་གར་ཙམྦཱུ་གཉིས། །རྒྱན་ལ་ལྷོ་ཕྱོགས་བཻ་དརྦྷ། །ཤར་ཕྱོགས་གོ་ཊ་མཐུན་མོང་མིན། །མཐུན་མོར་རྒྱན་གཉིས་དང་པོ་ནི། །སྦྱར་བ་རབ་དྭངས་མཉམ་ཉིད་དང༌། །སྙན་དང་ཤིན་ཏུ་གཞོན་པ་དང༌། །དོན་གསལ་བ་དང་རྒྱ་ཆེ་དང༌། །བིརྗད་དང་མཛེས་དང་ཏིང་འཛིན་བཅུ།།ལྷོ་པའོ་དེ་དག་ཕལ་ཆེར་ལྡོག །ཤར་པའི་ལམ་སྲོལ་ཡིན་པར་གསུངས། །ཐུན་མོང་རྒྱན་ལ་དོན་རྒྱན་དང༌། །སྒྲ་རྒྱན་གབ་རྒྱན་དང་པོ་ལ། །རང་བཞིན་བརྗོད་དང་ དཔེ་དང་ནི། །གཟུགས་ཅན་གསལ་བྱེད་བསྐོར་བ་དང༌། །འགོག་དང་དོན་གཞན་བཀོད་པ་དང༌། །ལྡོག་པ་ཅན་དང་སྲིད་པ་ཅན།།བསྡུས་དང་ཕུལ་བྱུང་རབ་བརྟགས་དང༌། །རྒྱུ་དང་ཕྲ་མོ་ཆ་དང་རིམ། །དགའ་དང་ཉམས་ལྡན་གཟི་བརྗིད་ཅན། །རྣམ་གྲངས༷་བརྗོད་དང་ཀུན་ཏུ་ཕན། །རྒྱ་ཆེ་བསྙོན་དང་སྦྱར་བ་དང༌། །ཁྱད་པར་མཚུངས་པར་སྦྱོར་བ་དང༌།།འགལ་དང་སྐབས་མིན་བསྟོད་པ་དང༌། །ཟོལ་བསྟོད་ངེས་པར་བསྟན་པ་དང༌། །ལྷན་ཅིག་བརྗོད་དང་ཡོངས་བརྗེས་དང༌། །ཤིས་བརྗོད་རབ་སྤེལ་དགོངས་པ་ཅན། །སོ་ལྔའོ་ནང་བསྲེས་ཀྱིས་དབྱེ་ན། །རིགས་དང་བྱ་བ་ཡོན་ཏན་རྫས། །རང་བཞིན་བརྗོད་རྒྱན་རྣམ་བཞིའོ། །ཆོས་དཔེ་དངོས་པོ་ལྡོག་པ་དང༌།།ཕན་ཚུན་ངེས་པ་ངེས་མེད་དང༌། །བསྡུས་པ་ཕུལ་བྱུང་དབ་བརྟགས་དང༌། །རྨད་བྱུང་རྨོངས་པ་ཐེ་ཚོམ་དང༌། །གཏན་ཕེབས་སྦྱར་བ་མཉམ་ཉིད་དང༌།།སྨད་པ་བསྔགས་པ་བརྗོད་འདོད་དང༌། །འགལ་བ་དགག་པ་ངོ་བསྟོད་དང༌། །དེ་ཉིད་བརྗོད་པ་ཐུན་མོང་མིན། །བྱུང་མིན་སྲིད་མིན་མང་བ་དང༌། །རྣམ་འགྱུར་ཕྲེང་བ་ངག་དོན་གཉིས། །ཟླ་བོ་དངོས་པོ་མཚུངས་སྦྱོར་དང༌།།རྐྱུ་སྟེ་དཔེ་རྒྱན་སུམ་ཅུ་གཉིས། །རྟགས་དང་ཚིག་དང་མཆོག་དམན་ལ། །ཡོན་ཏན་དང་ནི་སྐྱོན་འགྱུར་དང༑ ༑བཞིན་སོགས་གཞུང་གིས་དངོས་བསྟན་པའི། །མཚུངས་པ་གསལ་བྱེད་དྲུག་ཅུ་གསུམ། །ཆ་དང་གྲོགས་དང་སྤུན་ཟླ་དང༌། །མཐོང་ཐོས་དྲན་ངག་ཕམ་པ་དང༌། །སྙེག་དང་འཛེག་དང་སེམས་པ་སྟེ།།བཅུ་གཅིག་ངག་གི་ དབང་ཕྱུག་བསྣན། །བསྡུས་དང་མ་བསྡུས་བསྡུས་མ་བསྡུས། །མཐའ་དག་ཆ་ཤེས་ཆ་ཤས་ཅན། །ཡན་ལག་གཅིག་སོགས་ལྡན་མི་ལྡན། །མི་མཉམ་ཁྱད་པར་དང་བཅས་པ། །འགལ་བ་རྒྱུ་དང་སྦྱར་བ་དང༌། །དཔེ་དང་ལྡོག་པ་ཅན་འགོགཔ༑ ༑མཉམ་འཇོག་གཟུགས་ཅན་བསྙོན་དོར་ཏེ། །གཟུགས་ཅན་རྒྱན་ནི་ཉི་ཤུ་འོ། །རིགས་དང་བྱ་བ་ཡོན་ཏན་རྫས། །ཐོག་མའི་གསལ་བྱེད་རྣམ་བཞི་དང༌། །དེ་བཞིན་རིགས་དང་བྱ་བ་ལ། །བར་གྱི་གཉིས་དང་ཐ་མའི་གཉིས། །ཕྲེང་བ་འགལ་དོན་དོན་གཅིག་དང༌།།སྦྱར་ཏེ་གསལ་བྱེད་རྒྱན་བཅུ་གཉིས། །ཚིག་བསྐོར་དོན་བསྐོར་ཚིག་དོན་ནི། །གཉིས་ཀ་བསྐོར་རྒྱན་རྣམ་པ་གསུམ། །འདས་པ་ད་ལྟ་མ་འོངས་པ། །ཆོས་དང་ཆོས་ཅན་རྒྱུ་དང་འབྲས། །རྗེས་གནང་དབང་དང་མ་གུས་པ། །ཤིས་བརྗོད་རྩུབ་མོ་གྲོགས་འབད་པ། །གཞན་དབང་ཐབས་ཁྲོ་མྱ་ངན་འགྱོད། །ཐེ་ཚོམ་སྦྱར་བ་དོན་གཞན་རྒྱུ། །འགོག་རྒྱན་ཉེར་གསུམ་དང་པོ་བདུན། །དགག་བྱ་དེ་མན་འགོག་བྱེད་མང༌། །ཀུན་ཁྱབ་ཁྱད་པར་ལ་གནས་དང༌། །སྦྱར་བ་འགལ་བ་མི་འོས་འོས། །འོས་ཤིང་མི་འོས་མི་འོས་ཤིང༌། །འོས་བའི་དོན་གཞན་བཀོད་པ་བརྒྱད། །གཅིག་དང་གཉིས་དང་སྦྱར་བ་ཅན། །འགོག་པ་ཅན་དང་གཏན་ཚིགས་དང༌། །རྟེན་དང་དཔེ་ལས་དཔེ་ཅན་ལྷག།མཚུངས་ཆོས་འབྱེད་བྱེད་སྒྲས་དངོས་ཟིན། །མཚུངས་ཆོས་མ་ཟིན་འབྱེད་བྱེད་ཟིན། །རིགས་མཐུན་འབྱེད་དེ་ལྡོག་རྒྱན་བཅུ༑ ༑ཡོངས་གྲགས་རྒྱུ་བཀག་ཕྱི་རོལ་རྒྱུ། །ཅུང་ཟད་སྟོན་དང་ཡོངས་གྲགས་རྒྱུ། །བཀག་ནས་ནང་རྒྱུ་ཅུང་ཟད་སྟོན། །ཡོངས་སུ་གྲགས་དང་མ་གྲགས་རྒྱུ། །གཉིས་ཀ་བཀག་ནས་རང་གི་ནི། །ངོ་བོ་སྟོན་པའི་སྲིད་རྒྱན་གསུམ། །སྤྱི་དང་ཁྱད་གཞི་ཐ་དད་ཅིང༌། ཁྱད་ཆོས་མཚུངས་དང་ཁྱད་གཞི་ནི། །ཐ་དད་ཁྱད་ཆོས་མཚུངས་མི་མཚུངས། །སྔོན་མེད་བསྡུས་པ་བརྗོད་རྒྱན་བཞི། །ཁྱད་འཕགས་ཐེ་ཚོམ་ངེས་པ་དང༌། །ངོ་མཚར་ཕུལ་བྱུང་རྒྱན་ཡང་བཞི། །སེམས་ལྡན་སེམས་མེད་ཏིང་འཛིན་ཏེ། །རབ་བཏགས་གསུཾ་མ་དེ་གསལ་བྱེད། །སྒྲ་ནི་སྙམ་དོགས་ངེས་འདྲ་དང༌། །མིན་ནམ་བཞིན་དྲུག་ཡིན་པར་གསུངས། །སྐྱེད་བྱེད་འགྲུབ་དང་ཉམས་བྱེད་འགྲུབ། །རྣཾ་འགྱུར་ཐོབ་བྱ་ཕྱི་ཤེས་བྱེད། །ནང་ཤེས་བྱེད་དང་སྔ་ན་མེད། །ཞིག་ནས་མེད་དང་ཕན་ཚུན་མེད། །སྤངས་ནས་མེད་དང་རྒྱུ་མེད་ལས། །འབྲས་མེད་བསྐྱེད་དང་རིང་འབྲས་དང༌། །རྒྱུ་འབྲས་ལྷན་ཅིག་འབྲས་བུ་སྔ། །རིགས་མིན་རིགས་པའི་རྒྱུ་བཅུ་དྲུག།ཟུར་དང་རྣམ་པའི་ཕྲ་མོ་གཉིས། །འོས་དང་མི་འོས་སྨད་དང་བསྟོད། །ཆ་རྒྱན་བཞི་དང་རིམ་ཅན་གཅིག །དངོས་ཐོབ་གཟུགས་བརྙན་དགའ་རྒྱན་གཉིས། །སྒེག་དང་དྲག་ཤུལ་དཔའ་བོ་དང༌། །སྙིང་རྗེ་མི་སྡུག་བཞད་གད་དང༌། །རྨད་བྱུང་འཇིག་རུང་ཉམས་ལྡན་བརྒྱད། །གཟི་བརྗིད་ཅན་དང་རྣམ་གྲངས་བརྗོད། །ཀུན་ཕན་རྒྱན་གསུམ་རེ་རེ་འོ། །བསམ་དང་འབྱོར་བ་རྒྱ་ཆེ་གཉིས། །ཆོས་དང་ཡུལ་དང་རང་བཞིན་ལ། །བསྙོན་དོར་རྒྱན་ནི་རྣམ་པ་གསུམ། །ཚིག་ནི་ཐ་དད་མིན་པ་དང༌། །ཐ་དད་ཚིག་འདྲ་བྱ་བ་ནི། །ཐ་དད་མིན་དང་བྱ་བ་ནི། །འགལ་བ་མིན་དང་འགལ་ལས་ཅན། །ངེས་པ་ཅན་དང་ངེས་པ་འགོག །འགལ་མེད་འགལ་བ་ཅན་གྱི་ནི། །སྦྱར་རྒྱན་རྣམ་པ་དགུ་ཉིད་དོ། །ཡོན་ཏན་རིག་དང་བྱ་བ་རྫས། །རྒྱུ་མ་ཚང་སྟེ་ཁྱད་པར་ལྔ།།བསྟོད་དང་སྨད་པའི་མཚུངས་སྦྱོར་གཉིས། །གཞི་ཐ་དད་པའི་བྱ་བ་འགལ། །གཞི་གཅིག་བྱེད་འགལ་གཞི་གཅིག་གི །ཆོས་ནི་དུ་མ་ ༄༅།།འགལ་བ་དང༌། །རྫས་འགལ་གཞི་གཅིག་གི་ལས་འགལ།།སྦྱར་བའི་འགལ་ཏེ་འགལ་རྒྱན་དྲུག །སྐབས་མིན་བསྟོད་པའི་རྒྱན་གཅིག་དང༌། །མཐུ་དང་དཔའ་བ་སྟོབས་རྣམས་ནི། །ཕུན་སུམ་ཚོགས་པའི་ཟོལ་བསྟོད་གསུ།།མཆོག་དང་མཆོག་མིན་ངེས་བསྟན་གཉིས། །ཡོན་ཏན་བྱ་བ་ཐ་དད་པ། །བྱ་བ་གཅིག་སྟེ་ལྷན་གཅིག་བརྗོད། །གསུམ་དང་སོང་བརྗེས་ཤིས་བརྗོད་དེ། །གཅིག་ལ་གཅིག་ལྟོས་སྟོབས་མཚུངས་པའི། །རབ་སྤེལ་གཉིས་དང་དགོངས་ཅན་གཅིག །དེ་དག་དོན་རྒྱན་དབྱེ་བའོ། །སྒྲ་རྒྱན་ལ་ཡང་སོ་གཉིས་ཏེ། །ཡི་གེའི་གཟུགས་འདྲ་ལན་གཉིས་བསྐོར། །ཟུང་ལྡན་དེ་ཡང་བྱ་སླ་ནི།།ཚིག་རྐང་དང་པོར་ཡོད་པ་སྟེ། །ཚིག་རྐང་དང་པོ་གཉིས་པ་དང༌། །གསུམ་པ་བཞི་པ་དང་པོ་གཉིས། །དང་པོ་གསུམ་པ་དང་པོ་བཞི། །གཉིས་པ་གསུམ་པྀ་གཉིས་པ་བཞིན་11 གསུམ་པ་བཞི་པ་10 དང་པོ་གསུམ། །13 སྔ་མ་གཉིས་དང་བཞི་པ་དང༌།།13 ཕྱི་མ་གཉིས་དང་དང་པོ་དང༌། །1 ཕྱི་མ་གཉིས་དང་དང་པོ་དང༌། །1 ཕྱི་མ་གསུམ་དང་16 བཞི་ག་ཡི། །ཐོག་མར་ཡོད་པ་བཅོ་ལྔ་ནི། །བར་མཆོད་པའོ་དང་པོ་གཉིས། །2 དང་པོ་གསུམ་པ་དང་2 པོ་བཞི། །4 གཉིས་པ་གསུམ་པ་5གཉིས་པ་བཞི། །6 ཕྱི་མ་གཉིས་དང་7 སྔ་མ་གསུམ། །གཉིས་པ་བོར་བ་9 ཕྱི་མ་གསུམ་10 བཞི་11 ག་བཞི་གའི་ཕྱེད་སྔ་ཕྱི།།མི་འདྲ་12 མཉམ་གཉིས་མི་མཉམ་གཉིས། །13 ཐོག་མཐའ་གཉིས་དང་བར་གཉིས་འདྲ། །ཡིག་ཚིག་གཞན་གྱིས་བར་ཆོད་ཅིང༌། །ཐོག་མར་ཡོད་པ་བཅུ་གསུམ་མོ། །སྔ་མ་གཉིས་དང་ཕྱི་གཉིས་འདྲ། །ཐོག་མཐའ་གཉིས་དང་བར་གཉིས་འདྲ། །བཞིག་འདྲ་སྟེ་བར་དུ་ནི། །ཆོད་ཅིང་མཆོད་ཟུང་ལྡན་གསུམ། །བྱ་དཀའ་གནས་ གཞན་དུ་ཡོད་པ། །1 རྐང་བཞིའི་དབུས་ཡོད་མཐའ་ན་ཡོད། །3བར་མཐར་ཡོད་དང་ཐོག་པར་ཡོད། །ཐོག་མཐར་ཡོད་དང་གསུམ་གང་ཡོད། །དྲུག་སྟེ་རེ་རེའང་ཆོད་པ་དང༌། །ཆོད་ཅིང་མ་ཆོད་གཉིས་སུ་དབྱེ། །རྐང་གཉིས་མཐའ་ཐོག་སྦྱར་བ་གཅིག །ཀུན་ཏུ་ཟུང་ལྡན་ལས་གྱེས་པ། །ཚིག་རྐང་དང་པོ་གསུམ་པར་དང༌། །གཉིས་པ་བཞེ་པར་བཟླས་པ་དང༌། །དང་པོ་གཉིས་པར་གསུམ་པ་ནི། །བཞི་པར་བཟླས་དང་དང་པོ་བཞིར། །གཉིས་པ་གསུམ་པར་བཟླས་པ་གསུམ། །ཕྱེད་བཟླས་དང་པོ་གཉིས་པར་བཟླས། །དང་པོ་གསུམ་པར་3 དང་པོ་བཞིར། །4 གཉིས་པ་གསུམ་པར་གཉིས་པ་བཞིར། །གསུམ་པ་བཞི་པར་བཟླས་དྲུག་ནི། །ལན་གཅིག་བཟླས་པའོ་1 དང་པོ་ནི། །གཉིས་དང་གསུམ་པར་བཟླས་པ་དང༌། །དང་པོ་གསུམ་དང་བཞི་པར་བཟླས། །2 གཉིས་པ་གསུམ་དང་བཞི་པར་བཟླས། །གསུམ་ནི་ལན་གཉིས་བཟླས་པའོ། །དང་པོ་ལན་གསུམ་བཟླས་གཅིག་སྟེ། །རྐང་པ་བཟླས་པའི་ཚིགས་བཅད་ནི། །ལན་གཅིག་བཟླས་པ་ཚིགས་བཅད་བཟླས། །རྐང་བཞི་རྣམ་པ་གཅིག་པ་ནི། །ཟུང་ལྡན་ཆེན་པོའོ་དེ་ནི་གཅིག །དེ་དག་ཀུན་ཏུ་ཟུང་ལྡན་ནོ། །འདྲེས་པའི་ཟུང་ལྡན་གཅིག་ཡིན་ནོ། །རྐང་པ་ལྡོག 1 དང་ཚིག་བཅད་ཕྱེད། །ལྡོག་དང་3ཚིགས་བཅད་ལྡོག་པ་སྟེ། །ལྡོག་པའི་ཟུང་ལྡན་རྣམ་པ་གསུམ། །བྱ་དཀའི་ཁྱད་པར་གཞན་ཡང་ནི། །བ་ལང་གཅིན་དང་ཕྱེད་འཁོར་དང༌། །ཀུན་ཏུ་བཟང་པོ་ཞེས་པ་གསུམ།།གཞན་ཡང་ངེས་པའི་བྱ་དཀའ་ནི། །དབྱངས་དང་གནས་དང་ཡི་གེ་གསུམ། །བཞི་དང་གསུམ་དང་ གཉིས་དང་རེར། །དེས་ཏེ་བསྡོམས་པའི་བཅུ་བཞི་སྟེ། །དེ་དག་སྒྲ་རྒྱན་དབྱེ་བའོ། །གབ་ཚིག་རྒྱན་ནི་ཀུན་ཏུ་ཚོགས། །སླུ་བྱེད་རིམ་བྲལ་རབ་བཅོམ་དང༌། །མཐུན་གཟུགས་རྩུབ་མོ་གྲངས་རབ་བརྟགས། །མིང་ལུས་སྒྲིབ་པ་མཐུན་པའི་སྒྲ། །རྨོངས་པ་ཡོངས་ཕྲོགས་གཅིག་བསྒྲིབས་པ།།གཉིས་བསྒྲིབས་ཡོངས་འདྲེས་བཅུ་དྲུག་གོ །སྐྱོན་ནི་དོན་ཉམས་དོན་འགལ་དང༌། །དོན་གཅིག་ཐེ་ཚོམ་རིམ་པ་ཉམས། །སྒྲ་ཉམས་གཅོད་མཚམས་ཉམས་པ་དང༌། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། །ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང༌། །ལུང་རིགས་དང་འགལ་བཅུ་ཡིན་ཏེ། །དམིགས་གསལ་སྐྱོན་མེད་དག་ཀྱང་ཡོད། །མདོར་ན་སྡེ་བཞིའི་སྲོག་ལྡན་པའི།།བཅད་ལྷུག་སྤེལ་མའི་ལུས་མཛེས་མ། །སྒྲ་དོན་གབ་རྒྱན་གྱིས་སྤུད་ནས། །སྐྱོན་བཅུའི་ར་རིས་དབེན་ལྟར་བརྩམ། །འདི་ནི་མཁས་དབང་དཎྜཱིའི་གཞུང༌། །སྙན་ངག་མེ་ལོང་རྩ་འགྲེལ་ལས། །མིང་ཙམ་བསྡོམས་སུ་བསྡུས་པ་ཡིན།།རྒྱས་པར་གཞན་དུ་མཁྱེན་པར་མཛོད། །འདིར་དབང་རྣམ་དཀར་འོང...རྣོན་གྱིས། །རང་གཞན་རྨོངས་མུན་ལགས་བསལ་ནས། །སྙན་ངག་པུཎྜཱ་རི་ཀའི་བཅུད། །བདག་བློའི་རྐང་དྲུག་སོས་སུ་གྱུར། །ཅེས་པ་འདི་ནི་སྙོམ་ལས་མཁན་གྱི་དགེ་སློང་སུ་དྷརྨེ་ཤྭ་རས་23 ཀུན་དགའི་ལོ་དཀའ་ཐུབ་ཟླ་བའི་དམར་ཕྱོགས་ཀྱི་སྟོང་པ་དང་པོ་གཟའ་སྣང་མ་སྐྱེས་ཀྱི་ཕྱེ་མ་རེད་ཀྱི་དུས་སུ་བཞད་དུལ་ཆུ་རི་ཁྲོད་དགའ་ལྡན་རྩེར་བྲིས་པ་དགེ་ལེགས་འཕེལ།། །།