Talk:རྒྱལ་ཁང་རྩེ་སྤྲུལ་སྐུ་རིན་པོ་ཆེའི་འཁྲུངས་རབས་གསོལ་འདེབས་ཞུ།

Page contents not supported in other languages.
ཡོང་ཁུངས་Wikipedia

༈ རྒྱལ་ཁང་རྩེའི་སྤྲུལ་སྐུ་བསྐལ་བཟང་བསྟན་པ་ཡར་འཕེལ་གྱི་ཞབས་བརྟན་གསོལ་འདེབས་ཞུ།། །[རྩོམ་སྒྲིག]

༄༅།། །རྒྱལ་ཁང་རྩེའི་སྤྲུལ་སྐུ་བསྐལ་བཟང་བསྟན་པ་ཡར་འཕེལ་གྱི་ཞབས་བརྟན་གསོལ་འདེབས་ཞུ། །།

               ༈རྒྱལ་བ་སྐལ་བཟང་གི་གསུང་འབུམ་ཁ་པ་ནས་ཟུར་ཕབ་ཞུས། 
༄༅།། །ཨོཾ་སྭ་སྟི། །རྣམ་དག་བདེ་ཆེན་ཡེ་ཤེས་རོལ་པའི་གཟུགས། །འཇིགས་བྲལ་མཚན་དཔེར་ཤར་བའི་བླ་མ་རྗེ། །འཁོར་ལོ་སྡོམ་པ་ཚེ་སྦྱིན་སྒྲོལ་མ་སོགས། །བརྩེ་བས་དེང་འདིར་དངོས་གྲུབ་ཆར་ཆེན་ཕོབ། །བསྐལ་བཟང་རྣམ་འདྲེན་བཞི་པའི་མདོ་སྔགས་ཀྱི། །བསྟན་པ་ཡར་ཟླ་ཇི་བཞིན་འཕེལ་མཛད་པའི། །བཤེས་གཉེན་རྡོ་རྗེའི་ཁམས་སུ་ཞབས་བརྟན་ཅིང་། །གཞན་ཕན་འཕྲིན་ལས་མི་ཉམས་རབ་རྒྱས་ཤོག །ཚེ་རབས་ཀུན་ཏུ་བླ་མ་ཡི་དམ་ལྷས། །མཉེས་བཞིན་རྗེས་གཟུང་ཐེག་ཆེན་གདམས་ངག་གི །བདུད་རྩི་གཏན་བདེའི་སྲོག་གི་ཟུངས་ཐོབ་ནས། །གནས་སྐབས་མཐར་ཐུག་བསམ་དོན་ལྷུན་གྲུབ་ཤོག །ཅེས་པ་འདི་ནི་ཁལ་ཁ་ནས་ཧོ་ཐོ་གོད་ཆོས་འཁོར་རབ་བརྟན་གླིང་གི་ཨེར་ཏེ་ནེ་སློབ་དཔོན་དགེ་སློང་བློ་བཟང་རིན་ཆེན་གྱིས། རྒྱལ་ཁང་རྩེའི་སྤྲུལ་སྐུ་བསྐལ་བཟང་བསྟན་པ་ཡར་འཕེལ་གྱི་ཞབས་བརྟན་འདི་ལྟ་བུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་སྐལ་བཟང་རྒྱ་མཚོས་སྦྱར་བའོ། །།