Talk:དཔལ་འབར་རྒྱལ་སྟོན་ཕོ་བྲང་དགོན།

Page contents not supported in other languages.
ཡོང་ཁུངས་Wikipedia

དཔལ་འབར་རྒྱལ་སྟོན་ཕོ་བྲང་དགོན་ལ་དགག་པ། གྲོགས་པོ་ཚོ་ངས་འདི་དེ་རིང་དཔལ་འབར་རྒྱལ་སྟོན་ཕོ་བྲང་དགོན་ཟེར་བ་འདི་མཐོང་དུས་ངོ་མ་ཡ་མཚན་སྐྱེས་སོང་གང་ཡིན་ཟེར་ན་དཔལ་འབར་རྒྱལ་སྟོན་ཕོ་བྲང་དགོན་ཟེར་བ་ཞིག་ཡོད་པ་མ་རེད་གང་ཡིན་ཟེར་ན་དཔལ་འབར་དང་རྒྱ་སྟོན་ཁག་སོ་སོ་ཡིན་པས་རྒྱུ་མཚན་གྱི་དཔལ་འབར་རྒྱལ་སྟོན་ཞེས་བརྗོད་པ་ཧམ་པ་ཆེ་དྲགས་པ་རེད།དཔལ་འབར་ནི་ཤོ་སྟར་ལྷོ་གསུམ་གྱི་ནང་ནས་དཔལ་འབར་སྟར་རྫོང་ཞེས་པ་དེ་ཡིན་ལ་རྒྱལ་སྟོན་འདིང་ཁག་དགུ་ཞེས་ཁག་ཁག་ཡིན། སྤྱིར་སྟངས་ས་སྟེང་ཞེས་པ་འདི་སྔོན་དུས་སུ་རྒྱན་སྟོན་ཁོངས་ཡིན་མིན་དོགས་གནད་རང་ལས་སུ་ལ་ཡང་ཡིད་ཆེས་ཁེལ་བའི་རྒྱུ་མཚན་འདྲེན་རྒྱུ་མེད། དེ་བརྟེན་རྒྱལ་སྟོན་ཡིན་ན་རྒྱལ་སྟོན་ཕོ་བྲང་དགོན་དང་དཔལ་འབར་ཡིན་ན་དཔལ་འབར་ཕོ་བྲང་དགོན་ཟེར་དགོས་པ་ལས་གང་བྱུང་ཐམས་ཅད་བསྲེ་མི་ཉན། བྱས་ཙང་དྲ་བདག་སུ་ཡིན་ན་དོན་ཆུང་རེད་སྙམ་ནས་སྣང་ཆུང་མ་ཤོར་བ་ངེས་པར་དུ་འདི་ལ་བཀག་སྡོམ་དང་ནན་བཤད་དགོས། ཕྲན་ཞུ་སྦྱོར་བ་དཔལ་གུང་ཟླ་བས་༢༠༡༢་༡༠་༢༡་ཉིན་རྡ་ས་ནས་བྲིས།sandaganre@yahoo.com

ལན་སློག་པ།[རྩོམ་སྒྲིག]

༡) དཔལ་འབར་རམ་རྒྱ་སྟོན་འགལ་བ་གང་ཡང་མེད་དེ། ༡༩༥༩ ལོ་དམངས་གཙོ་བཅོས་བསྒྱུར་མ་གོང་ས་སྟེང་ཕོ་བྲང་དགོན་པ་དེ་རྒྱ་སྟོན་རྫོང་ཁོང་ཡིན་པ་དངོས་ཡོད་ཡིན། རྒྱ་སྟོན་རྫོང་གི་རྫོང་ཁང་ཤུལ་ཡང་སྐབས་དེར་ད་ལྟའི་ས་སྟེང་གྲོང་གི་ལྟེ་བ་དེར་ཡོད། དེ་ཙམ་དུ་མ་ཟད་ད་ལྟའི་དཔལ་འབར་ཤན་ཆགས་སའི་ས་ཆ་རྡོ་དམར་ཐང་དེ་ཡང་སྐབས་དེར་རྒྱ་སྟོན་རྫོང་གི་ཁོང་སུ་ཡོད། ཕོ་བྲང་དགོན་པ་དང་རྒྱ་སྟོན་རྫོང་གཉིས་མཉམ་དུ་གནས་ཡོད་ཅིང། དཔེར་ན། དཔལ་འབར་རྫོང་དང་དཔལ་འབར་དགོན་བཞིན་ནོ། དེང་གི་དུས་སུ་དཔལ་ འབར་རྫོང་དེ་དཔལ་འབར་རྙིང་པ་ནས་རྫོང་ཁང་དེ་རྡོ་དམར་ཐང་དུ་མར་སྤོས་ཡོད། དེ་རྗེས་ས་སྟེང་ཕོ་བྲང་དགོན་དེ་ཡང་རང་བཞིན་གྱི་དཔལ་འབར་རྫོང་གི་མངའ་འོག་ཏུ་གྱུར་ཡོད། དེ་ཡང་སྔ་དུས་རྡོ་མར་ཐང་གི་རྨེ་ཆུའི་ཕར་ཁ་ཀྲ་མར་ཁྲང་ཞེས་པ་དེར་སྟར་རྫོང་ཁོང་དང་། ཚུར་ཁ་ད་ལྟའི་ཤན་ཆགས་ཡུལ་རྡོ་མར་ཐང་འདིར་སྔ་དུས་རྒྱ་སྟོན་གི་ཁོངས་སུ་གཏོགས་པ་ཡོངས་གྲགས་ཡིན་པ་ལ་ཁྱེད་རང་ཐོས་རྒྱ་ཆུང་བ་དང་། བསམ་བློ་གུ་དོག་སྐྱོན་ཅན་གྱི་སྒོ་ནས་གནས་ཚུལ་དགོད་བྲོ་སློང་བྱེད་འདི་ལྟ་བུ་བྱུང་བ་ལས་གཞན་སུ་གང་གི་ཡང་ལྐུགས་རྟགས་ཅན་གྱི་དྲི་བ་འདི་འདྲ་ཁ་ནས་ནམ་ཡང་ཐོན་མི་སྲིད།

ལྷ་སར་གནས་སྡོད་ཤོག་དྲུག་གཞེས་གཉེས་ཚང་བློ་ཚེའམ་མདོ་སྤྲུལ་སྐུས།།

ལག་ཐོག་ཁ་པར། 18998887720