Jump to content

Rockརོལ་མོ་

ཡོང་ཁུངས་Wikipedia

rockརོལ་མོ་ཞེས་པ་ནི་དུས་རབས20པའི་ལོ་རབས50ནས70པར་ཨ་རི་ནས་བྱུང་ཞིང་དར་བའི་ཀུན་ཁྱབ་རོལ་མོའི་རིགས་ཤིག་ཡིན། དང་ཐོག་བྱུང་བའིrockརོལ་མོ་ནི་ཨ་རིའི་མི་ནག་གི་པི་ལུའུ་སི་རོལ་མོས་རྨང་གཞི་བྱས་པ་དེ་ལ་འགྲོས་ལྡན་པི་ལུའུ་སི་ཟེར། ལོ་རབས30པར་བྱུང་བའི་གློག་གི་ཀེ་ཐ་དང་གློག་གི་རླུང་སྦྲེང་སོགས་གློག་གི་རོལ་ཆས་ཀྱིསrockརོལ་མོ་ལ་སྒྲའི་འབྲས་བུ་བཟང་པོ་བསྩལ་ནས་རིམ་གྱིས་ལྗེ་ཟི་རོལ་མོ་ཁག་ཅིག་ཚབ་བྱས་པ་རེད།


ངོ་སྤྲོད།

[རྩོམ་སྒྲིག]

rockརོལ་མོ་ཞེས་པ་ནི་དུས་རབས20པའི་ལོ་རབས50ནས70པར་ཨ་རི་ནས་བྱུང་ཞིང་དར་བའི་ཀུན་ཁྱབ་རོལ་མོའི་རིགས་ཤིག་ཡིན། དང་ཐོག་བྱུང་བའིrockརོལ་མོ་ནི་ཨ་རིའི་མི་ནག་གི་པི་ལུའུ་སི་རོལ་མོས་རྨང་གཞི་བྱས་པ་དེ་ལ་འགྲོས་ལྡན་པི་ལུའུ་སི་ཟེར། ལོ་རབས30པར་བྱུང་བའི་གློག་གི་ཀེ་ཐ་དང་གློག་གི་རླུང་སྦྲེང་སོགས་གློག་གི་རོལ་ཆས་ཀྱིསrockརོལ་མོ་ལ་སྒྲའི་འབྲས་བུ་བཟང་པོ་བསྩལ་ནས་རིམ་གྱིས་ལྗེ་ཟི་རོལ་མོ་ཁག་ཅིག་ཚབ་བྱས་པ་རེད། རོལ་མོའི་ཁྱད་ཆོས་ཀྱི་ཐད་དུrockལ་མི་ནག་གི་པི་ལུ་སི་དང་ཨ་རིའི་གྲོང་གསེབ་རོལ་དབྱངས་ཀྱི་ཁྱད་ཆོས་ཟུང་དུ་ལྡན་ཡོད་པ་དང་། རོལ་ཚིག་རིང་ཐུང་གི་འགྱུར་ལྡོག་དང་བསྡུར་བའི་ཐད་དུ་པི་ལུའུ་སི་དང་གྲོང་གསེབ་རོལ་མོའི་ངེས་སྲོལ་ཅན་གྱི་ཚན་ཆུང་བཞི་ལྡན་གྱི་གྲུབ་ཚུལ་ཐོད་བརྒལ་བྱས་ཡོད་པ་རེད། དམིགས་བསལ་ཡོད་པའི་འགྲོས་རྡེབ་ཞན་པའི་སྟེང་གི་གདངས་དྲག་པོ་ནི་སྤྱིར་བཏང་འགྲོས་ཚིགས་རོལ་ཆས་ཏེ་དཔེར་ན་རྔ་དང་གདངས་དམའ་ཀེ་ཐ་སོགས་ཀྱིས་འབུར་དུ་འདོན་པས་འགྲོས་ཚིགས་གསལ་པོ་ལྡན་ཡོད་པ་རེད། རྗོད་ཐབས་ཀྱི་ཕྱོགས་སུrockརོལ་མོ་དང་ཀུན་ཁྱབ་རོལ་མོ་གཞན་པའི་བར་ལ་ཁྱད་པར་ཡོད་པ་སྟེ། དང་ཐོགrockརོལ་མོས་གླུ་ལེན་རྒྱུ་རྣམ་པ་གཙོ་བོར་བྱེད་པ་ལས་ལྗད་ཟི་རོལ་མོ་ལྟར་དུང་ཆུང་དང་ས་ཁོ་སི་ཡིས་དཀྲོལ་རྒྱུ་གཙོ་བོར་མི་འཛིན་པ་རེད། གཉིས་པrockརོལ་མོའི་རོལ་ཆས་གཙོ་བོ་ནི་གློག་གི་ཀེ་ཐ་ཡིན་པ་དང་། གློག་སྐྱེས་རོལ་མོ་ཚོགས་པའི་སྒྲིག་གཞི་ཆུང་ངུ་ཡིན་པ་སྤྱིར་བཏང་དབྱངས་རྟ་རོལ་ཆས་དང་འགྲོས་ཚིགས་རོལ་ཆས་ཀྱིས་གྲུབ་ཡོད་པ་རེད། གསུམ་པrockརོལ་མོས་གང་དགར་དཀྲོལ་རྒྱུ་རྣམ་པ་གཙོ་བོ་མི་བྱེད་པ་རེད། rockརོལ་མོ་བར་སྤྱིར་བཏང་རང་ཉིད་ཀྱིས་དཀྲོལ་བ་བཅས་ཀྱི་ནུས་པ་ལྡན་པ་དང་། སྔོན་ལ་བརྩམས་ཚར་བའི་བརྩམས་ཆོས་ལྟར་དུ་འཁྲབ་སྟོན་བྱེད་པ་རེད།

ནུབ་ཕྱོགས་ཀྱིrockརོལ་མོ།

[རྩོམ་སྒྲིག]

ནུབ་ཕྱོགས་ཀྱིrockརོལ་མོ་ལ་དུས་རིམ3ཙམ་བྱུང་ཡོད་པ་སྟེ། ཨ་རིའི“བྱི་མའི་རྒྱལ་པོ”ཞེས་པའིE.ཕུ་རེ་སི་ལའེ་ནི་སྔ་དུས་ཀྱིrockརོལ་མོའི་དཔེ་མཚོན་ཡིན། ཨ་རིའིrockརོལ་མོ་བ་གཞན་ཞིག་སྟེ། པོ་པི.ཏི་གི་བརྩམས་ཆོས་ལས་བརྩེ་དགའ་དང་། སྐྱོ་གདུང་། ཡིད་མུག རེ་སྨོན་བཅས་ཀྱི་བསམ་བག་མཚོན་ཡོད་པ་རེད། ལོ་རབས60ནངJ.ལེ་ནོན་ལ་སོགས་ཀྱིས་གྲུབ་པའི་དབྱི་ཇིའི་སྦུར་པ་རོལ་མོ་ཚོགས་པསrockརོལ་མོ་ཉིད་དར་རྒྱས་ཀྱི་ཡང་རྩེར་སྤེལ་ནས་འཛམ་གླིང་ཡོངས་སུ་དར་བར་བྱས་པ་བཅས་ཡིན། rockརོལ་མོ་ལ་ཕྱིས་སུ་ད་དུང་ཁྱད་ཆོས་དང་ལུས་མི་འདྲ་བའི་ལུགས་དུ་མ་བྱུང་ཡོད་པ་སྟེ། འགྲོས་ལྡན་པི་ལུའུ་སི་ཕུད་ད་དུང་གྲོང་གསེབrockདང་། གློག་སྒྲrock ལྗད་ཟིrock སྒྱུ་རྩལrock མཉམ་དཀྲོལrock གླུ་དབྱངས་ཟློས་གརrock ཚད་མའིrock སྲ་འཐསrock སྐྱུར་བགrockལ་སོགས་བྱུང་ཡོད།