Jump to content

Pemsel17/sandbox/རཱཇ་པུར་བོད་ཁྱིབ་སློབ་གྲྭ།

ཡོང་ཁུངས་Wikipedia

རཱཇ་པུར་བོད་ཁྱིམ་སློབ་གྲྭ་ནི་མ་སུ་རི་བོད་ཁྱིམ་སློབ་ཀྱི་ཡན་ལག་ཤིག་ཡིན། སློབ་གྲྭ་དེ་ཡང་ཕྱི་ལོ་༡༩༧༧ལོར་༧གོང་ས་༸སྐྱབས་མགོན་ཆེན་མོ་རང་ཉིད་བཙན་བྱོལ་ལ་ཕེབས་པའི་དུས་ནས། ཐུགས་རྗེ་ཆེན་པོའི་དབང་གིས། བོད་ཀྱི་མི་རིགས་གསར་པ་ཞིག་ལ་བསྐྱེད་སྲིང་བྱེད་པའི་དམིགས་ཡུལ་དང་བཅས། རཱཇ་པུར་གྱི་བོད་ཕྲུག་ཁྱིམ་ཚང་གི་སློབ་གྲྭ་(Tibetan Home School, Rajpur) གསར་འཛུགས་མཛད་པ་རེད། སློབ་གྲྭ་དེ་ནི་ཨུ་ཏར་ཁན་(Uttarakhand)གྱི་མངའ་སྡེ་དེ་ར་དྷུན་(Dehradun)གྱི་རཱཇ་པུར་ལ་ཆགས་ཡོད། ར་ཇ་པུར་གྱི་བོད་ཕྲུག་ཁྱིམ་ཚང་སློབ་གྲྭ་ནི་ CBSE དང་འབྲེལ་བའི་སློབ་གྲྭ་ཞིག་ཡིན།

ཁོར་ཡུག།

[རྩོམ་སྒྲིག]

རཱཇ་པུར་བོད་ཁྱིམ་སློབ་གྲྭ་ནི་ས་ཆ་དམའ་ཆགས་ཡོད་པས་དབྱར་ཁའི་དུས་སུ་ཚ་བ་ཧ་ཅང་ཚ་པོ་ཡོད། ཡིན་ཡང་དགུན་ཁའི་སྐབས་སུ་གནམ་གཤིས་དེ་འདྲ་ཡང་གྲང་མོ་མེད། སློབ་གྲྭ་དེ་རུ་ཚོང་ཁང་སྣ་ཚོགས་ཡོད་པས་སློབ་ཕྲུག་རྣམས་ལ་དགོས་པའི་ཡོ་ཆས་རྣམས་མགྱོགས་མྱུར་ངང་ནས་རག་གི་ཡོད། དེ་དང་མཉམ་དུ་སློབ་གྲྭ་དེ་ལ་ལག་རྩེད་སྤོ་ལོ་རྩེད་སའི་ཐང་དང་། རྐང་རྩེད་སྤོ་ལོ་རྩེད་སའི་ཐང་ཡང་ཡོད།

དཔེ་མཛོད་ཁང་།

[རྩོམ་སྒྲིག]

རཱང་པུར་བོད་ཁྱིམ་སློབ་གྲྭའི་དཔེ་མཛོད་ནི་ཐོག་གཉིས་ལྡན་པའི་ཁང་པ་ཞིག་ཡིན་ལ། ཁོངས་ཀྱི་ས་ཆ་ནི་ཁ་ཁུ་སིམ་པོའི་ཀློག་དེབ་ཀློག་པ། ངལ་གསོ་བྱེད་པ་དང་། སློབ་སྦྱོང་བྱེད་པར་འདང་ངེས་ཡོད། དཔེ་མཛོད་ནང་ལ་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་CC བརྙན་མཐོང་དང་། མེ་སྲུང་ཡོ་ཆས་བཞག་ཡོད། དཔེ་མཛོད་ནང་དུ་དཔེ་དེབ། དུས་དེབ། དྲ་རྒྱ་འབྲེལ་མཐུད་ཡོད་པའི་ཁ་པར་གྱི་་ཐོན་ཁུངས་ལྟ་བུའི་རིགས་མང་པོ་ཡོད། ང་ཚོའི་དཔེ་མཛོད་ནང་དུ་དཔེ་སྒྲོམ། འགྲེམས་སྟོན་སྒྲོམ། ཀློག་པ་དང་ངལ་གསོ་བྱེད་པའི་ཆེད་དུ་ས་ཐོག་ཏུ་་གདན་ཡོད། སློབ་སྦྱོང་རྟེན་འཁོར་དང་རྐུབ་གདན་ཡོད་པའི་ཅོག་ཙེ་དང་། དཔེ་དེབ་བསྐྱར་ཞིབ་དང་། གསར་འབྱོར་དཔེ་དེབ་ཀྱི་ཐོ་གཞུང་འགྲེམས་སྟོན་བྱེད་པའི་བརྡ་ལན་ཤོག་བྱང་ཡང་ཡོད། ང་ཚོས་ལོ་རེའི་སློབ་ལོ་རེ་རེའི་ནང་དུ་བྱ་འགུལ་མང་པོ་བསྒྲུབས་ཡོད། སློབ་ཕྲུག་ཚོའི་ཀློག་སྤྱོད་ལ་དོ་སྣང་དང་ཡིག་རྩལ་ལག་རྩལ་འཕེལ་བའི་ཆེད་དུ། ལོ་ལྟར་ཟླ་༤ ནས་༨ བར་དུ་དཔེ་དེབ་བདུན་ཕྲག་དང་དཔེ་མཛོད་བྱ་འགུལ་ཁག་སྤེལ་བ་བྱས་ཀྱི་ཡོད།

གློག་ཀླད་ཁང་།

[རྩོམ་སྒྲིག]

རཱཇ་པུར་བོད་ཁྱིམ་་སློབ་གྲྭ་ལ་མཐོ་རིམ་གློག་ཀླང་ཁང་གཉིས་ཡོད་པ་ཡིན། གཅིག་ནི་སློབ་མ་ཆེ་བའི་ཆེད་དུ་བཞག་པ་དང་། གཞན་གཅིག་ནི་སློབ་མ་ཆུང་བའི་ཆེད་དུ་ཡིན་པས། ལོ་ཚད་དང་མཐུན་པའི་སློབ་སྦྱོང་ལ་བརྩོན་པའི་ཁོར་ཡུག་ཤིག་བསྐྲུན་་ཡོད། དེ་མིན་སློབ་ཁང་ཚང་མར་གློག་ཀླད་དང་། ཐབ་ལེཊ།(tablet) པར་འཕྲིན་འཕེལ་འགྲོའི་འཕྲུལ་ཆས (projector) དང་། སྒྲ་འབུལ་ལམ་སྒྲ་སྤེལ་ཆས་སོགས་ཡོད་པའི་ICT འབྲེལ་ལས་ཡོ་ཆས་སྤྱད་དེ་དྲ་རྒྱ་ཐོག་ནས་སློབ་སྦྱོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་དང་མཉམ་དུ་སློབ་ཕུག་ཚོས་ལས་འཆར་བཟོས་པའི་སྐབས་དྲ་རྒྱ་དང་གློག་ཀླད་རྣམས་བདེ་སྤྱོད་བྱེད་ཀྱི་ཡོད་ལ། སློབ་མ་རྣམས་ལ་ཤེས་ཡོན་ཡང་མང་པོ་སྤེལ་གྱི་ཡོད།

ཚན་རིག་ཞིབ་འཇུག་ཁང་།

[རྩོམ་སྒྲིག]

རཱཇ་པུར་བོད་ཁྱིམ་སློབ་གྲྭ་ལ་ཚན་རིག་ཞིབ་འཇུག་ཁང་གཉིས་ཡོད། གཅིག་ནི་རྫས་སྦྱོར་རིག་པའི་ཆེད་དུ་ཞིབ་འཇུག་ཁང་དང་། གཞན་ནི་དངོས་ཁམས་རིག་པའི་ཆེད་དུ་ཞིབ་འཇུག་ཁང་བཅས་གཉིས་ཡོད། དེ་ནང་ལ་སློབ་ཕྲུག་རྒན་པ་རྣམས་ཀྱི་སློབ་ཚན་དང་འབྲེལ་བའི་སྐོར་ལ་བརྟག་དཔྱད་བྱེད་པ་དང་། སློབ་ཕྲུག་གཅིག་པུས་ཡི་གེ་མི་སྦྱངས་བར་དངོས་ཡོད་ནས་བརྟག་དཔྱད་བྱེད་ནས་ཡི་གེ་ཡང་སྦྱངས་ཀྱི་ཡོད། དེ་རྒྱུད་ནས་སློབ་ཕྲུག་རྣམས་ལ་ཤེས་ཡོན་སྤེལ་བ་དང་། སློབ་མ་རྣམས་ལ་རྫས་གཉིས་ཕན་ཚུན་བསྲེས་ནས་གང་ཆགས་ཀྱི་ཡོད་པ་དེ་ཡང་བསླབ་ཀྱི་ཡོད།

བྱེད་སྒོ་སྣ་ཚོགས།

[རྩོམ་སྒྲིག]

རཱཇ་པུར་བོད་ཁྱིམ་སློབ་གྲྭ་ལ་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད། ངེ་ཡང་སློབ་ཕྲུག་རྣམས་ལ་བོད་ཀྱི་རིག་གཞུང་སྐོར་ལ་ཤེས་རྟོགས་ལ་སོགས་སྤེལ་ཀྱི་ཡོད། དེ་ཡང་རིག་གཞུང་གཞས་སྣ་འཁྲབ་སྟོན་བྱེད་པ་དང་། རྩེད་མོ་སྣ་ཚོགས་རྩེད་པ་ལ་སོགས་རྣམས་ཕྲུ་གུ་རང་མོས་ནས་བྱེད་སྒོ་རྣམས་ལ་འཛུལ་བཞུགས་བྱེད་ཀྱི་ཡོད། བྱེད་སྒོ་སྣ་ཚོགས་རྣམས་སློབ་ཕྲུག་རྣམས་ལ་ཤེས་རྟོགས་སྤེལ་བ་དང་། སློབ་ཕྲུག་རྣམས་ལ་གོ་སྐབས་བཟང་པོ་ཞིག་སྤྲད་ཀྱི་ཡོད།