Pemsel17/sandbox/མ་སུ་རི་བོད་ཁྱིམ་སློབ་གྲྭ།
མ་སུ་རི་བོད་ཁྱིམ་སློབ་གྲྭ་ནི་ཨུ་ཏར་ཁན་(Uttarakhand)ནང་དུ་ཡོད་པའི་སློབ་གྲྭ་གྲགས་ཆེན་ཞིག་ཡིན། མ་སུ་རི་བོད་ཁྱིམ་སློབ་གྲྭ་ནི་༡༩༦༢་ལོའི་ཟླ་༡༡ནང་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གིས་གསར་འཛུགས་བྱས་པའི་བོད་ཁྱིམ་སློབ་གྲྭ་དེ་༡༩༦༣ལའི་ཟླ་༤པའི་ནང་སྤྱི་ཚོགས་ཐོ་འགོད་ཁྲིམས་XXI(Punjab amendment)འོག་ཐོ་འགོད་བྱས་པ་རེད། རྒྱ་གར་གྱི་དབྱར་དུས་ཀྱི་ཡུལ་སྐོར་ཡག་ཤོས་དང་ཆེ་ཤོས་ཤིག་ཡིན་པའི་མ་སུ་རི་དེ་ཞི་བདེ་དང་ཤིང་ནགས་ཀློང་དུ་ཆགས་ཡོད། སློབ་གྲྭ་དེ་ནི་རྒྱ་གར་གྱི་སྤྱི་ཚོགས་པ་CBSEདང་འབྲེལ་བ་ཡོད་ལ་སློབ་སྦྱོང་ནི་སྔ་སློབ་ནས་བཅུ་གཉིས་བར་སྤྲོད་ཀྱི་ཡོད། སློབ་གྲྭ་དེ་ནང་ཚན་རིག་(science) ཚོང་ལས་(commerce) མི་རིགས་ཚན་པ་(humanity)སོགས་ཀྱི་ལམ་ཁ་ཡང་སྤྲོད་ཀྱི་ཡོད། སློབ་གྲྭ་དེ་ནང་སློབ་སྦྱོང་ཙམ་མ་ཡིན་པར་རྩེད་མོ་དང་། རིག་གནས་འགུལ། གླུ་དབྱངས། སྒྱུ་རྩལ་སོགས་ཀྱི་ཐོག་ལ་དོ་སྣང་སྤྲད་ཀྱི་ཡོད།
ཁོར་ཡུག།
[རྩོམ་སྒྲིག]རྒྱ་གར་གྱི་དབྱར་དུས་ཀྱི་ཡུལ་སྐོར་ཡག་ཤོས་དང་ཆེ་ཤོས་ཤིག་ཡིན་པའི་མ་སུ་རི་དེ་ཞི་བདེ་དང་ཤིང་ནགས་ཀློང་དུ་ཆགས་ཡོད། སློབ་གྲྭ་དེ་ནི་ཧི་མ་ལ་རི་རྒྱུད་ཀྱི་འདབས་སུ་ཡོད་པས་ཁོར་ཡུག་ནི་ལྗང་ཡུལ་ཆེན་པོ་དང་། རླུང་གཙང་མ་ཡོད་པ་གང་ཞིག་ལ་རི་བོ་མཛེས་སྡུག་ལྡན་པའི་ཁོར་ཡུག་ཡོད། དབྱར་ཁའི་ཚ་བ་སྐབས་ལ་ཚ་ཾབ་མི་ཆེ་ཞིང་རླུང་བསིལ་བུ་སྤྲད་ཀྱི་ཡོད། དགུན་ཁའི་སྐབས་སུ་གནམ་གཤིས་གྲང་མོ་ཡོད་པ་དང་མཚམས་རེ་ཁ་བ་ཡང་འབབ་ཀྱི་ཡོད། དཔྱིད་ཀའི་དུས་སུ་ས་ཁུལ་ཚང་མ་ལྗང་ཁུ་དུ་གྱུར་ཏེ་ཤིན་ཏུ་མཛེས་པོ་ཆགས་ཀྱི་ཡོད།
ཁྱིམ་ཚང་།
[རྩོམ་སྒྲིག]མ་སུ་རི་བོད་ཁྱིམ་སློབ་གྲྭ་ནང་དུ་ཁྱིམ་ཚང་སུམ་བཅུ་དང་། ཨེས་ཨོ་ཨེས་བཅུ་གཅིག། བུ་མོ་ཆེ་བའི་སྡོད་ཁང་གཅིག། བུ་ཆེ་བའི་སྡོད་ཁང་གཅིག་ཡོད། ཁྱིམ་ཚང་རེ་རེ་ལ་ཕ་མ་ཡིས་བལྟ་སྐྱོང་འོག་ལ་ཡོད་ལ་དེ་ནང་དུ་སློབ་ཕྲུག་ཚོས་རང་ཉིད་ལས་དོན་བྱེད་པ་དང་། ཞལ་ལག་བཟོས་པ། སློབ་ཕྲུག་ཕན་ཚུན་འབྲེལ་བ་བྱེད་སྟངས་ལ་སོགས་ཀྱང་བསླབ་ཀྱིས་ཡོད། ཁྱིམ་ཚང་སུམ་ཅུ་ནང་དུ་སློབ་ཕྲུག་རྒན་པ་རྣམས་བསྡད་པ་དང་། ཨེས་ཨོ་ཨེས་ནང་དུ་སློབ་ཕྲུག་ཆུང་བ་རྣམས་བསྡད་ཀྱི་ཡོད། བུ་མོ་སྡོད་ཁང་དང་བུ་སྡོད་ཁང་དུ་འཛིན་གྲྭ་བཅུ་གཉིས་སློབ་རྣམས་བསྡད་ཀྱི་ཡོད་དོ།
སློབ་ཕྲུག།
[རྩོམ་སྒྲིག]མ་སུ་རི་བོད་ཁྱིམ་ནང་དུ་སློབ་ཕྲུག་མང་པོ་སླེབས་ཀྱི་ཡོད། དེ་ཡང་ས་ཆ་མི་འདྲ་བ་ནས་ཡོང་གི་ཡོད། ས་ཆ་འགའ་ཞིག་གི་མིང་ཞུ་ན་ ལ་དྭགས་ མེའོ་ མོན་རྟ་དབང་ ལྷོ་ཕྱོགས་ ཧི་མ་ལ་ཡ་རིག་རྒྱུད་ནས་ཡོང་བ་ལ་སོགས་མང་པོ་ནས་ཡོང་ཡོད། ཡིན་ཡང་སློབ་མང་ཆེ་བ་ཧི་མ་ལ་ཡ་རིག་རྒྱུད་ནས་མ་སུ་རི་སློབ་གྲྭ་ལ་ཡི་གེ་སྦྱང་པར་སླེབས་ཡོོད། སློབ་ཕྲུག་འགའ་ཞིག་ནི་ཆུང་དུས་རང་ཉིད་ཕ་མ་ཁ་བྲལ་ནས་སློབ་སྦྱོང་བྱེད་དུ་ཡོང་ཡོད།
དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་ཐོབ་མཁན་སློབ་མ།
[རྩོམ་སྒྲིག]ད་བར་མ་སུ་རི་ལ་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་བཞི་ཐོབ་ཡོད། དེ་རྣམས་མིང་ཞུ་ན་
- བསྟན་འཛིན་བདེ་སྐྱིད་ལགས་ཕྱི་ལོ་༢༠༢༣ ལ་ཐོབ་པ་རེད།
- ཀུན་དགའ་ཆོས་དར།
- བསྟན་འཛིན་དཔལ་སྒྲོན།
- བསྟན་འཛིན་མཛོ་ཤི། དེ་གསུམ་ལ་ཕྱི་ལོ་༢༠༢༥ ལོར་ཐོབ་པ་རེད།
བོད་དོན་རང་དབང་འཐབ་རྩོད།
[རྩོམ་སྒྲིག]མ་སུ་རི་བོད་ཁྱིམ་སློབ་གྲྭ་རུ་སློབ་ཕྲུག་གཅིག་གི་བོད་དོན་ཆེད་དུ་རང་ལུས་མེར་བསྲེགས་བཏང་ཡོད། ཕྱི་ལོ་༢༠༡༦ ལོར་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་རྡོ་རྗེ་ཚེ་རིང་ལགས་འཛིན་བཅུ་པའི་སློབ་མ་ཞིག་ཡིན་པས། ཁོང་གི་རང་ལུས་མེར་བསྲེགས་བཏང་པ་རེད།
དཔེ་མཛོད་ཁང་།
[རྩོམ་སྒྲིག]མ་སུ་རི་བོད་ཁྱིམ་སློབ་གྲྭའི་དཔེ་མཛོད་ཁང་ནི་སློབ་ཕྲུག་དང་ལས་བྱེད་ཚོར་ཕེབས་བསུ་ུསའི་ལ་ཆ་ཞིག་ཡིན་པ་དང་། སློབ་སྦྱོང་དང་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཱཔའི་ཐོན་ཁུངས་དང་ཞབས་ཞུ་སྣ་ཚོགས་མཁོ་སྤྲོད་བྱེད་ཀྱི་ཡོད། མ་སུ་རི་བོད་ཁྱིམ་སློབ་གྲྭ་རུ་དཔེ་མཛོད་ཁང་གཉིས་ཡོད་པའི་དེ་ཡང་སློབ་ཕྲུག་རྒན་པ་དང་རྒན་ལགས་རྣམས་ཀྱི་ཆེད་དུ་གཅིག་དང་། སློབ་ཕྲུག་ཆུང་བའི་ཆེད་དུ་གཅིག་བཟོས་ཡོད། དཔེ་མཛོད་ཁང་གི་ནང་དུ་སློབ་ཕྲུག་རྣམས་ལ་དགོས་པའི་དེབ་ཆས་ཆ་ཚང་ཡོོད་པ་དང་ མཐུན་རྐྱེན་ཆ་ཚང་ཡང་ཡོད།