Category talk:རྫས་འགྱུར་རིག་པ།

Page contents not supported in other languages.
ཡོང་ཁུངས་Wikipedia

ཕྱེད་བརྒྱུད་དངོས་པོའི་རྣམས་དབྱེ།[རྩོམ་སྒྲིག]

རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཕྱེད་བརྒྱུད་དངོས་པོར་དབྱེ་ན་གཉིས་སུ་ངེས་པ་ནི། རང་འབྱུང་ཕྱེད་བརྒྱུད་དངོས་པོ།(Intrinsic Semiconductor) བཅོས་འབྱུང་ཕྱེད་བརྒྱུད་དངོས་པོ།(Extrinsic Semiconductor)

རང་འབྱུང་ཕྱེད་བརྒྱུད་དངོས་པོ་ནི་བཅོས་ལྷད་མ་བཞུགས་པར་རང་བཞིན་གྱིས་ཕྱེད་བརྒྱུད་དངོས་པོའི་ངོ་བོ་ལྡན་པ་ཞིག་ཡིན། དཔེར་ན། ཤེལ་རྫས་དང་ཇེར་མི་ནམ་སོགས་ཡིན། རང་འབྱུང་ཕྱེད་བརྒྱུད་དངོས་པོའི་ནང་གི་སྡེབ་བྱེད་གློག་རྡུལ་གང་རུང་ཞིག་ལ་ཕྱི་རོལ་གྱི་དྲོད་ཟུངས་སྣོན་འཕེལ་བྱུང་ཚེ། གློག་རྡུལ་དེ་ཉིད་ཀྱིས་སྡེབ་བྱེད་གློག་རྡུལ་སྣོལ་སྒྲིག་གི་སྡོད་གཞི་ལས་གྱེས་ཏེ་ཡན་པོར་རྒྱུ་བ་ཡིན། གང་སྡེབ་བྱེད་གློག་རྡུལ་གྱི་སྣོལ་སྒྲིག་ལས་གྱེས་པའི་གློག་རྡུལ་དེ་ཉིད་ཀྱི་ཤུལ་དུ་ཕོ་ཟུངས་ཅན་གྱི་སྟོང་ཤུལ་ཞིག་ལྷག་ཡོད། ཕྱི་རོལ་གྱི་དྲོད་ཤུགས་ཇི་ཙམ་སྣོན་འཕེལ་བྱུང་བ་དེ་ཙམ་གྱིས། ཡན་རྒྱུའི་གློག་རྡུལ་དང་སྟོང་ཤུལ་དེ་མང་དུ་ཕྱིན་ནས་བརྒྱུད་ཁྲིད་དངོས་པོའི་རང་བཞིན་སྟོན་པ་ཡིན། རང་འབྱུང་ཕྱེད་བརྒྱུད་དངོས་པོར་སྤྱིར་བཏང་གི་དྲོད་ཚད་ཐོག་གློག་རྒྱུན་བརྒྱུད་ཁྲིད་བྱེད་པའི་ནུས་པ་ཆུང་ངུ་ཞིག་ལས་མེད། དེའི་ཕྱིར་རང་འབྱུང་ཕྱེད་བརྒྱུད་དངོས་པོར་དངོས་པོ་གཞན་གྱི་བཅོས་ལྷད་བཏང་ནས། གློག་རྒྱུན་བརྒྱུད་ཁྲིད་ཀྱི་ནུས་པ་འཕེལ་ཐབས་བྱེད་པའི་ཕྱེད་བརྒྱུད་དངོས་པོ་ཞིག་ལ་བཅོས་འབྱུང་ཕྱེད་བརྒྱུད་དངོས་པོ་ཞེས་ཟེར། བཅོས་འབྱུང་ཕྱེད་བརྒྱུད་དངོས་པོའི་ནང་དངོས་པོ་གཞན་གྱི་གློག་རྡུལ་བསྲེས་ལྷད་བཏང་ཏེ། ཡན་རྒྱུའི་གློག་རྡུལ་གྱི་ཁ་གྲངས་འཕེལ་ཐབས་བྱེད་པ་ཡིན།

འདེབས་འགྱུར།(dopping)

ཕྱེད་བརྒྱུད་དངོས་པོ་ཞིག་ནང་དངོས་པོ་གཞན་ཞིག་ལྷད་བསྲེས་གཏོང་བའི་བྱེད་ཐབས་དེ་ལ་འདེབས་འགྱུར་ཟེར། ཕྱེད་བརྒྱུད་དངོས་པོའི་རྡུལ་ཕྲན་ 108 རེར་ལྷད་བསྲེས་རྡུལ་ཕྲན་གཅིག་རེས་འདེབས་འགྱུར་བྱེད་ཀྱི་ཡོད་པ་དེ་ནི་བསྡུར་ཚད་ 108:1 ཡིན། རྒྱུན་གཏན་ཕྱེད་བརྒྱུད་དངོས་པོའི་ནང་སྡེབ་བྱེད་གློག་རྡུལ་གསུམ་ལྡན་དང་ལྔ་ལྡན་གང་རུང་གི་མ་རྡུལ་གྱིས་འདེབས་འགྱུར་བྱེད་ཀྱི་ཡོད།


འདེབས་འགྱུར་བྱེད་པའི་རྡུལ་ཕྲན་གྱི་ངོ་བོ་ལ་ལྟོས་ཏེ་བཅོས་གྲུབ་ཕྱེད་བརྒྱུད་དངོས་པོར་རྣམས་གཉིས་སུ་ངེས་པ་ནི།

མོ་ཁྲིད་ཕྱེད་བརྒྱུད་དངོས་པོ།(n-type Semiconductor) ཕོ་ཁྲིད་ཕྱེད་བརྒྱུད་དངོས་པོ།(p-type Semiconductor)

1༽མོ་ཁྲིད་ཕྱེད་བརྒྱུད་དངོས་པོ།

མོ་ཁྲིད་ཕྱེད་བརྒྱུད་དངོས་པོ་ནི་སྡེབ་བྱེད་གློག་རྡུལ་ལྔ་ལྡན་མ་རྡུལ་གྱིས་འདེབས་འགྱུར་བྱས་པ་ལས་གྲུབ་པ་ཞིག་རེད། སྡེབ་བྱེད་གློག་རྡུལ་ལྔ་ལྡན་གྱི་རྡུལ་ཕྲན་དཔེར་ན་འོད་ཀྱི་མ་མ་དང་བ་བླ་དེ་བཞིན་མིག་སྨན་ལ་སོགས་པ་བཞིན་གྲུབ་ཕྱེད་བརྒྱུད་དངོས་པོའི་ནང་སྣོན་འདེབས་བྱེད་སྐབས་སྡེབ་བྱེད་གློག་རྡུལ་བཞིས་ཕྱོགས་བཞིའི་བཞིན་གྲུབ་ཕྱེད་བརྒྱུད་དངོས་པོའི་རྡུལ་ཕྲན་བཞི་དང་ལྷན་དུ་སྣོལ་སྒྲིག་བྱེད་ཀྱི་ཡོད། དེ་བྱིངས་སྡེབ་བྱེད་གློག་རྡུལ་གཅིག་པོ་དེ་སྣོལ་སྒྲིག་བྱེད་ཡུལ་མེད་པར་རིམ་པས་ཡན་རྒྱུར་རོལ་ནས་ཕྱེད་བརྒྱུད་དངོས་པོ་དེས་གློག་རྒྱུན་བརྒྱུད་ཁྲིད་བྱེད་པར་རམས་འདེགས་བྱེད་བཞིན་ཡོད།་ཕྱེད་བརྒྱུད་དངོས་པོ་འདི་རིགས་ནང་གློག་རྒྱུན་བརྒྱུད་ཁྲིད་བྱེད་པོ་གཙོ་བོ་ནི་མོ་ཟུངས་ཅན་གྱི་གློག་རྡུལ་ཡིན་རྐྱེན་བཅོས་གྲུབ་ཕྱེད་བརྒྱུད་དངོས་པོ་འདི་རིགས་ལ་མོ་ཁྲིད་བཅོས་གྲུབ་ཕྱེད་བརྒྱུད་དངོས་པོ་ཞེས་འབོད་ཀྱི་ཡོད།



2༽ ཕོ་ཁྲིད་ཕྱེད་བརྒྱུད་དངོས་པོ།

ཕོ་ཁྲིད་ཕྱེད་བརྒྱུད་དངོས་པོ་ནི་སྡེབ་བྱེད་གློག་རྡུལ་གསུམ་ལྡན་མ་རྡུལ་གྱིས་འདེབས་འགྱུར་བྱས་པ་ཡིན། སྡེབ་བྱེད་གློག་རྡུལ་གསུམ་ལྡན་གྱི་མ་རྡུལ་ཞིག་རང་འབྱུང་ཕྱེད་བརྒྱུད་དངོས་པོའི་ནང་འདེབས་འགྱུར་བྱེད་སྐབས། སྡེབ་བྱེད་གློག་རྡུལ་མཉམ་སྤྱོད་ཀྱི་སྣོལ་སྒྲིག་ནང་ཡོད་པའི་རང་འབྱུང་ཕྱེད་བརྒྱུད་དངོས་པོའི་མ་རྡུལ་གཅིག་གི་གནས་ས་ཟིན་ནས། ཕྱོགས་བཞིའི་རང་འབྱུང་ཕྱེད་བརྒྱུད་དངོས་པོའི་མ་རྡུལ་ལས། ཕྱོགས་གསུམ་གྱི་མ་རྡུལ་དང་ལྷན་དུ་སྡེབ་བྱེད་གློག་རྡུལ་མཉམ་སྤྱོད་ཀྱིས་སྣོལ་སྒྲིག་བྱེད་ཀྱི་ཡོད། ཕྱོགས་མཐའ་མའི་རང་འབྱུང་ཕྱེད་བརྒྱུད་དངོས་པོའི་མ་རྡུལ་དང་སྡེབ་བྱེད་གློག་རྡུལ་མཉམ་སྤྱོད་བྱེད་ཚབ་ན། ཕོ་ཟུངས་ཅན་གྱི་སྟོང་ཤུལ་ཞིག་ལས་སྡེབ་བྱེད་གློག་རྡུལ་མཉམ་སྤྱོད་བྱེད་པའི་གློག་རྡུལ་ལྡན་མེད། ཕོ་ཟུངས་ཅན་གྱི་སྟོང་ཤུལ་དེས་མཐའ་འཁོར་གྱི་སྡེབ་བྱེད་གློག་རྡུལ་གཞན་དག་འཐེན་འདུ་བྱས་ནས། སྣོལ་སྒྲིག་གི་སྟོང་ཆ་འགེངས་ཐུབ་པ་བྱེད་ཀྱི་ཡོད། སྣོལ་སྒྲིག་གི་སྟོང་ཆ་བསྲུབ་མཁན་གྱི་གློག་རྡུལ་དེ་དག་ནི། ཉེ་འཁོར་གྱི་སྡེབ་བྱེད་གློག་རྡུལ་སྣོལ་སྒྲིག་ལས་ཁ་བྲལ་བ་ཞིག་ཡིན་རྐྱེན། ཕོ་ཟུངས་ཅན་གྱི་སྟོང་ཤུལ་དེ་ནི་སྣོལ་སྒྲིག་གི་གནས་ས་གཅིག་ལ་གཅིག་རྒྱུད་ཀྱིས་བརྒྱུད་སྤོ་བྱེད་པ་དང་ཆབས་གཅིག། སྡེབ་བྱེད་གློག་རྡུལ་དེ་དག་ལུ་གུ་ལྟར་རྒྱུད་ཀྱིས་འདར་འགུལ་བྱེད་ཀྱི་ཡོད། སྡེབ་བྱེད་གློག་རྡུལ་དེ་དག་ལུ་གུ་ལྟར་རྒྱུད་ཀྱིས་འདར་འགུལ་བྱས་པ་དེས། གློག་རྒྱུན་བརྒྱུད་ཁྲིད་བྱེད་པར་རམས་འདེགས་བྱེད་པ་ཡིན། འོན་ཀྱང། སྡེབ་བྱེད་གློག་རྡུལ་གསུམ་ལྡན་མ་རྡུལ་གྱིས་འདེབས་འགྱུར་བྱེད་པའི་བཅོས་འབྱུང་ཕྱེད་བརྒྱུད་དངོས་པོ་འདིའི་ནང། ཕོ་ཟུངས་ཅན་གྱི་སྟོང་ཤུལ་ཇི་ཙམ་མང་བ་དེ་ཙམ་གྱིས་གློག་རྒྱུན་བརྒྱུད་ཁྲིད་བཟང་བ་ཡོད་རྐྱེན། ཕོ་ཟུངས་ཅན་གྱི་སྟོང་ཤུལ་དེ་ནི་གློག་རྒྱུན་བརྒྱུད་ཁྲིད་བྱེད་ལྟེ་ཡིན་པས་ན། ཕོ་ཁྲིད་ཕྱེད་རྒྱུད་དངོས་པོ་ཞེས་ཟེར།

མ་རྡུལ་གྱི་སྣོལ་སྒྲོག།(atomic bond)[རྩོམ་སྒྲིག]

མ་རྡུལ་གྱི་སྣོལ་སྒྲོག

ང་ཚོའི་འདྲེན་བྱེད་ཀྱི་སྣང་ཡུལ་དུ་འགྱུར་པའི་དངོས་རྫས་དང། ཉིན་རེའི་འཚོ་བའི་ནང་སྤྱོད་བཞིན་པའི་དངོས་རྫས་ཡོད་དོ་ཅོག་མ་རྡུལ་ཕན་ཚུན་སྣོལ་སྒྲིག་བྱས་ནས་གྲུབ་པ་ཞིག་རེད། དཔེར་ན། རྩི་ཤིང་དང་སྲོག་ཆགས་ཀུན་གྱི་འཚོ་གནས་ལ་མེད་ན་མེད་དུ་མི་རུང་བའི་ཆུ་ལྟ་བུ་ནི། ཡང་རླུང་གི་མ་རྡུལ་དང་འཚོ་རླུང་གི་མ་རྡུལ་གཉིས་ཕན་ཚུན་སྣོལ་སྒྲིག་བྱས་ནས་གྲུབ་པ་ཞིག་རེད།

དེ་ཡང་མ་རྡུལ་ཕན་ཚུན་སྣོལ་སྒྲིག་བྱེད་སྟངས་ལ་རྣམ་པ་གསུམ་ཡོད་པ་གཤམ་གསལ།

ཀ༽ ལྕགས་རིགས་ཀྱི་སྣོལ་སྒྲོག(Metallic bond)༼བརྒྱུད་དངོས།༽

སྤྱིར་མ་རྡུལ་ཅི་འདྲ་ཞིག་ཡིན་ཡང་ཕོ་རྡུལ་དང་མོ་རྡུལ་གྱི་གྲངས་འབོར་སྙོམས་ཤིང། ནུས་ཟུངས་ཕྱོགས་སུ་མ་ལྷུང་པའི་བར་གནས་པ་ཞིག་རེད། འོན་ཀྱང་མ་རྡུལ་གང་ཞིག་གི་ཕོ་རྡུལ་དང་མོ་རྡུལ་གྱི་གྲངས་འབོར་ངེས་སྙོམས་མ་བྱུང་ཚེ་མ་རྡུལ་དེ་ཉིད་ཕོ་མོ་གང་རུང་གི་ནུས་ཟུངས་ཕྱོགས་རིས་ཅན་དུ་འགྱུར་འགྲོ་བ་རེད། དེ་འདྲའི་མོ་རྡུལ་དེ་ལ་རིས་རྡུལ་ཞེས་ཟེར།


ལྕགས་རིགས་སྣོལ་སྒྲིག་གི་རྣམ་པ་འདིའི་ནང་ཆ་ཤས་བསླངས་པའི་རྩ་རྫས་ཕལ་མོ་ཆེར་ཆེས་ཕྱི་མའི་འཁོར་ལམ་དེའི་ནང་སྡེབ་བྱེད་གློག་རྡུལ་གཅིག་དང་གཉིས་ཡང་ན་གསུམ་ལས་མང་བ་མེད། རྩ་རྫས་དེ་ཚོས་འཁོར་ལམ་ཆེས་ཕྱི་མའི་ནང་གི་སྡེབ་བྱེད་གློག་རྡུལ་དེ་དག་མ་རྡུལ་འཚོགས་པའི་བར་ཤུར་དུ་སློད་ནས། གློག་རྡུལ་གྱི་ཕུང་འཚོགས་ཤིག་ཆགས་ཐབས་བྱེད་པ་དང་ཆབས་གཅིག། མ་རྡུལ་རང་ཉིད་ཕོ་ཤས་ཅན་གྱི་རིས་རྡུལ་དུ་འགྱུར་བ་རེད། དེས་ན་ལྕགས་རིགས་སྣོལ་སྒྲིག་གི་རྣམ་པ་འདི་ནི་ཕོ་ཤས་ཅན་གྱི་རིས་རྡུལ་དང་གློག་རྡུལ་ཕུང་འཚོགས་བར་གྱི་སོར་གནས་གློག་རྒྱུན་ནུས་པས་སྣོལ་སྡེབ་བྱས་པ་ཞིག་ཡིན། འདི་འདྲའི་སྣོལ་སྒྲིག་གིས་གྲུབ་པའི་དངོས་པོ་རྣམས་མཉེན་གྱོང་སྙོམས་ཤིང་གློག་རྒྱུན་བརྒྱུད་ཁྲིད་བྱེད་པར་མཆོག་ཏུ་བསྔགས། དངོས་པོ་དེ་རིགས་ལ་བརྒྱུད་དངོས་སམ་བརྒྱུད་ཁྲིད་དངོས་པོ་ཟེར། དཔེར་ན། ཟངས་དང་ཧ་ཡངས། ཏི་ཚ་ལ་སོགས་པའི་ལྕགས་རིགས་རྣམས་ཡིན།

ཁྱད་ཆོས། གློག་རྒྱུན་བརྒྱུད་ཁྲིད་བཟང་བ། གློག་རྒྱུན་བརྒྱུད་ཁྲིད་ཀྱི་འགོག་ཚད་དམའ་བ། དེ་ནི་ཕལ་ཆེར། 10-8 ནས་ 18-6 Ω-m བར་ཡིན། དངོས་པོ་དེ་རིགས་ནི་འགོག་ཚད་མཐོ་དམའ་གཉིས་སུ་དབྱེ་བ་ཡིན། འགོག་ནུས་ཀྱི་ཚ་དྲོད་འགྱུར་གྲངས་དམའ་བ། བརྒྱུད་ཁྲིད་དངོས་པོ་རྣམས་ནི་མཉེན་གྱོང་སྙོམས་ཤིང་རྡུང་སྣོན་རུང་བ་ཡིན། བཙའ་གཡའ་དང་འཚོ་རླུང་སྡེབ་སྒྲིག་གི་ཤུགས་རྐྱེན་ལ་འགོག་ནུས་ལྡན་པ་ཡིན།


ཁ༽ སྡེབ་བྱེད་གློག་རྡུལ་མཉམ་སྤྱོད་ཀྱི་སྣོལ་སྒྲོག(Covalent bond)༼ཕྱེད་བརྒྱུད་དངོས་པོ།༽

དངོས་པོ་གང་ཞིག་གི་མ་རྡུལ་གྱི་ཆེས་ཕྱི་མའི་འཁོར་ལམ་ནང། སྡེབ་བྱེད་གློག་རྡུལ་བཞི་ལྡན་ཡོད་ཚེ། དངོས་པོ་དེ་རིགས་ཀྱིས་སྡེབ་བྱེད་གློག་རྡུལ་བཞི་པོ་དེ་རྡུལ་ཕྲན་ཕན་ཚུན་དབར་མཉམ་སྤྱོད་བྱས་ཏེ། རྡུལ་ཕྲན་སོ་སོའི་ཆེས་ཕྱི་མའི་འཁོར་ལམ་ནང་སྡེབ་བྱེད་གློག་རྡུལ་བརྒྱད་ཚང་བ་བྱེད་ཀྱི་ཡོད། འདི་ལྟ་བུའི་སྣོལ་སྒྲིག་གིས་གྲུབ་པའི་དངོས་པོ་རྣམས་ལ་ཡན་རྒྱུ་ཅན་གྱི་གློག་རྡུལ་མེད་རྐྱེན། གློག་རྒྱུན་བརྒྱུད་ཁྲིད་བྱེད་པའི་ནུས་ཚད་ཧ་ཅང་དམའ་བ་ཡིན། འོན་ཀྱང་འདི་ལྟ་བུ་དངོས་པོ་ལ་ཕྱི་རོལ་གྱི་དྲོད་དང་འོད་ཕོགས་ཚེ། སྡེབ་བྱེད་གློག་གློག་རྡུལ་དེ་དག་ལ་ནུས་པ་འཕར་བསྐྱེད་བྱུང་ནས། ཡན་པོར་རྒྱུ་བ་སྟེ། གློག་རྒྱུན་བརྒྱུད་ཁྲིད་ཕྲན་བུ་རེ་བྱེད་ཀྱི་ཡོད། དེའི་ཕྱིར་སྡེབ་བྱེད་གློག་རྡུལ་མཉམ་སྤྱོད་ཀྱིས་གྲུབ་པའི་དངོས་པོ་དེ་རིགས་ལ་ཕྱེད་བརྒྱུད་ཁྲིད་དངོས་པོའམ་ཕྱེད་བརྒྱུད་དངོས་པོ་ཟེར། དཔེར་ན་ ཤེལ་རྫས་དང་ནག་རྫས་ལ་སོགས་པ་ཡིན།

ཁྱད་ཆོས། ཕྱེ་བརྒྱུད་དངོས་པོས་གློག་རྒྱུན་བརྒྱུད་ཁྲིད་བྱེད་པའི་འགོག་ཚད་ནི་བརྒྱུད་བཀག་དངོས་པོ་ལས་དམའ་བ་དང་བརྒྱུད་ཁྲིད་དངོས་པོ་ལས་མཐོ་བ་ཡིན། དེ་ནི་ 104 ནས་ 0.5 Ω-m ཕྱེད་བརྒྱུད་དངོས་པོའི་ནང་སྡེབ་བྱེད་རྒྱུད་ལམ་དང་བརྒྱུད་ཁྲིད་རྒྱུད་ལམ་གཉིས་བར་ནུས་ཁྱད་ 1ev གློག་ནུས་ལས་མེད། ཕྱེད་བརྒྱུད་དངོས་པོའི་འགོག་ནུས་ནི་ཚ་དྲོད་ཀྱི་ལྡོག་གྲངས་ཡིན། དེ་ནི་ཕྱེད་བརྒྱུད་དངོས་པོའི་ནང་ཚ་དྲོད་ཇི་ཙམ་འཕེལ་བ་དེ་ཙམ་གྱིས་འགོག་ནུས་ཇེ་ཞན་དུ་འགྲོ་བ་དང་ཚ་དྲོད་ཇི་ཙམ་དམའ་བ་དེ་ཙམ་གྱིས་འགོག་ནུས་ཇེ་མཐོར་འགྲོ་བ་རེད།


ག༽ རིས་རྡུལ་གྱི་སྣོལ་སྒྲོག།(Ionic bond) ༼བརྒྱུད་བཀག་དངོས་པོ།༽

རྩ་རྫས་ཁག་གཅིག་གི་མ་རྡུལ་གྱི་སྡེབ་བྱེད་གློག་རྡུལ་གང་ཡོད་པ་དེ་དག་མ་རྡུལ་གཞན་ལ་སྤོ་སྤྲོད་བྱས་ནས་རང་ཉིད་ཀྱི་ཆེས་ཕྱི་མའི་འཁོར་ལམ་དེ་བརྟན་ཚུགས་འཕེར་བ་བྱེད་ཀྱི་ཡོད། དཔེར་ན། བུལ་རྫས་ཚྭ་ལྡན་ལྟ་བུ་ཡིན། བུལ་རྫས་ཚྭ་ལྡན་ནི་བུལ་རྫས་དང་ཚྭ་རླུང་གཉིས་མཉམ་བསྡེབས་བྱས་ནས་གྲུབ་པ་ཞིག་ཡིན། འདིའི་ནང་བུལ་རྫས་ཀྱི་ཆེས་ཕྱི་མའི་འཁོར་ལམ་ནང་ཡོད་པའི་སྡེབ་བྱེ་གློག་རྡུལ་གཅིག་པུ་དེ་ཚྭ་རླུང་ལ་སྤྲད་ནས། ཕྱོགས་གཉིས་ཀའི་འཁོར་ལམ་ཕྱི་མའི་ནང་གློག་རྡུལ་བརྒྱད་རེ་ལྡན་པ་བྱས་ཡོད། བུལ་རྫས་ཀྱིས་གློག་རྡུལ་ཞིག་ཚྭ་རླུང་ལ་སྤྲོད་སྐབས། བུལ་རྫས་ཀྱི་མ་རྡུལ་དེ་ཕོ་ཤས་ཅན་གྱི་རིས་རྡུལ་དུ་འགྱུར་བ་དང་། ཚྭ་རླངས་ཀྱི་མ་རྡུལ་དེ་མོ་ཤས་ཅན་གྱི་རིས་རྡུལ་དུ་འགྱུར། དེར་བརྟེན་ཕོ་མོའི་ཟུངས་རིས་ཅན་གྱི་མ་རྡུལ་གཉིས་ཀྱི་བར་བསྐྱེད་སོར་གནས་གློག་རྒྱུན་ནུས་པས་མ་རྡུལ་གཉིས་པོ་སྣོལ་སྒྲིག་བྱེད་པ་རེད། འདི་ལྟའི་སྣོལ་སྒྲིག་གིས་གྲུབ་པའི་དངོས་པོ་རྣམས་ལ་བརྒྱུད་བཀག་དངོས་པོ་ཞེས་ཟེར། དཔེར་ན་ རླུང་དང་ནག་རྫས་འཚོ་རླུང་ཟུང་ལྡན་ དེ་བཞིན་འགྱིག་རིགས་ལ་སོགས་པ་ཡིན།

ཁྱད་ཆོས། བརྒྱུད་བཀག་དངོས་པོའི་གློག་རྒྱུན་བརྒྱུད་ཁྲིད་བྱེད་པའི་འགོག་ཚད་ཧ་ཅང་དམའ་བ་ཡིན། དེ་ནི་ 1012 ནས་1018Ω-m བར་ཡིན། བརྒྱུད་བཀག་དངོས་པོས་གློག་རྒྱུན་ཕྲན་བུ་རེ་བརྒྱུད་ཁྲིད་བྱེད་པར་ཕྱི་རོལ་གྱི་གློག་ཤུགས་ངེས་ཅན་ཞིག་བེད་སྤྱད་དགོས། བརྒྱུད་བཀག་དངོས་པོ་གང་ཞིག་གི་ནང་སོར་གནས་གློག་ནུས་ཁྱབ་ར་དེ། ཆ་སྙོམས་གཞི་མཚུངས་ཤིག་ཡོད་ཚེ། བརྒྱུད་བཀག་དངོས་པོ་ཕུལ་བྱུང་དུ་ངོས་འཛིན་པ་ཡིན། བརྒྱུད་བཀག་དངོས་པོས་འཕྲུལ་འཁོར་འཛུགས་བསྐྲུན་གྱི་མ་ལག་དང་བརྒྱུད་ཁྲིད་དངོས་པོར་བརྒྱུད་འགོག་གི་རམ་འདེགས་བྱེད་ཀྱི་ཡོད།