Jump to content

Category:བོད་པ།

ཡོང་ཁུངས་Wikipedia

བོད་པ་ནི་ཨེ་ཤེ་ཡ་དབུས་མའི་བོད་ཀྱི་ས་མཐོའི་ཡུལ་དུ་བྱུང་བའི་མི་རིགས་ཤིག་ལ་ཟེར། བོད་པའི་མེས་པོ་ནི་ལོ་རྒྱུས་ལྟར་ན། སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་གཉིས་ལས་ཆད་པར་གྲགས། ད་ལྟའི་ཆར་འཛམ་གླིང་སྟེང་བོད་པའི་མི་འབོར་ཁྱོན་བསྡོམས་བྱས་ན་ས་ཡ་དྲུག་ལྷག་ཙམ་ཡོད།

༡ ས་ཁམས་ཁྱབ་ཁོངས།

[རྩོམ་སྒྲིག]

བོད་པ་རྣམས་གཙོ་བོ་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཀྱི་བོད་རིགས་རང་སྐྱོང་ས་ཁུལ་ཁག་ཏུ་གནས་ཡོད། དེ་བཞིན་རྒྱ་གར་དང་། ནེ་པ་ལ། འབྲུག་ཡུལ་སོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་། ཡོ་རོབ་དང་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུའང་བོད་པ་གནས་སྡོད་བྱེད་ཀྱི་ཡོད།

༢ སྐད་ཡིག་དང་ཆོས་ལུགས།

[རྩོམ་སྒྲིག]

བོད་པའི་ཕ་སྐད་ནི་བོད་སྐད་ཡིན་ལ། ཡི་གེ་ནི་དུས་རབས་བདུན་པའི་ནང་སློབ་དཔོན་ཐོན་མི་སཾ་བྷོ་ཊས་བཟོས་པའི་བོད་ཡིག་དེ་ཡིན། བོད་སྐད་ལ་ཡུལ་སྐད་གཙོ་བོ་གསུམ་ཡོད་པ་ནི་དབུས་གཙང་སྐད་དང་། ཁམས་སྐད། ཨ་མདོ་སྐད་བཅས་ཡིན། ཆོས་ལུགས: བོད་པ་རྣམས་ཀྱི་དད་མོས་གཙོ་བོ་ནི་ནང་པ་སངས་རྒྱས་པའི་ཆོས་ (ས་དགེ་བཀའ་རྙིང་བཞི་) དང་། གནའ་བོའི་བོད་ཀྱི་ཆོས་ལུགས་བོན་པོ་བཅས་ཡིན། ཆོས་ལུགས་ནི་བོད་པའི་འཚོ་བ་དང་རིག་གནས་ཀྱི་སྙིང་པོ་ལྟ་བུ་ཆགས་ཡོད།

༣ རིག་གནས་དང་འཚོ་བ།

[རྩོམ་སྒྲིག]

བོད་པར་ཐུན་མོང་མ་ཡིན་པའི་རིག་གནས་ཕུན་སུམ་ཚོགས་པོ་ཡོད། དཔེར་ན། བོད་ཀྱི་གསོ་བ་རིག་པ་ (Sowa Rigpa) དང་། ལྷ་མོའི་ཟློས་གར་། ཐང་ག བོད་ཀྱི་ལོ་གསར་སོགས་ཡོད། བོད་པའི་གཞི་རྩའི་འཚོ་བ་ནི་ས་མ་འབྲོག་གི་ལས་ཀ་སྟེ། ས་ཁུལ་མང་ཆེ་བར་ནས་དང་སྲན་མ་འདེབས་ལས་བྱེད་པ་དང་། འབྲོག་པས་གཡག་དང་ལུག་འཚོ་སྐྱོང་བྱེད་ཀྱི་ཡོད། རྩམ་པ་དང་ཇ་བསྲུབས་མ་ནི་བོད་པའི་ཐུན་མོང་མ་ཡིན་པའི་ཟས་སྐོམ་གཙོ་བོ་ཡིན།

༤ ལོ་རྒྱུས་མདོར་བསྡུས།

[རྩོམ་སྒྲིག]

བོད་པའི་ལོ་རྒྱུས་ནི་ཡུན་རིང་ལྡན་པ་ཞིག་ཡིན་ཞིང་། ཁྱད་པར་དུ་དུས་རབས་བདུན་པ་ནས་དགུ་པའི་བར་བོད་ཀྱི་བཙན་པོ་རིམ་བྱུང་གིས་བོད་འདི་ཉིད་ཨེ་ཤེ་ཡའི་ནང་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་བཟོས། དེ་རྗེས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དང་། དགའ་ལྡན་ཕོ་བྲང་གི་སྲིད་གཞུང་སོགས་རིམ་པར་བྱུང་ཡོད། སྤྱི་ལོ་༡༩༥༩ལོ་ནས་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་འཛུལ་བྱས་ནས་གནས་ཡོད།

"བོད་པ།"ནང་་གི་ཤོག་ངོས།

སྡེ་ཚན་འདིར་གཤམ་གྱི་ཤོག་ངོས་ཁོ་ན་བསྡུས་ཡོད།