**བློ་སྦྱོང་ཚིག་བརྒྱད་མ་
བློ་སྦྱོང་ཚིག་བརྒྱད་མ་ནི་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེང་གེ་ (༡༠༥༤-༡༡༢༣) མཆོག་གིས་མཛད་པའི་བློ་སྦྱོང་གི་གཞུང་གལ་ཆེ་ཤོས་ཤིག་ཡིན། གཞུང་འདིའི་ནང་བྱང་ཆུབ་སེམས་དཔའི་ཉམས་ལེན་གྱི་སྙིང་པོ་ཚིག་རྐང་བརྒྱད་ཀྱི་ནང་དུ་མ་ལུས་པ་བསྡུས་ཡོད།
ནང་དོན་སྙིང་པོ།
[མ་ངོས་ཞུ་དག]འདིར་བློ་སྦྱོང་ཚིག་བརྒྱད་མའི་རྩ་བ་བཞུགས་སོ།།
༡ བདག་ནི་སེམས་ཅན་ཐམས་ཅད་ལ།། ཡིད་བཞིན་ནོར་བུ་ལས་ལྷག་པའི།། དོན་མཆོག་སྒྲུབ་པའི་བསམ་པ་ཡིས།། རྟག་ཏུ་གཅེས་པར་འཛིན་པར་ཤོག། ༢. གང་དུ་སུ་དང་འགྲོགས་པའི་ཚེ།། བདག་ཉིད་ཀུན་ལས་དམན་བལྟ་ཞིང་།། གཞན་ལ་བསམ་པ་ཐག་པ་ཡིས།། མཆོག་ཏུ་གཅེས་པར་འཛིན་པར་ཤོག། ༣. སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ།། ཉོན་མོངས་སྐྱེས་མ་ཐག་ཏུ་ཡང་།། བདག་གཞན་མ་རུངས་བྱེད་པས་ན།། བཙན་ཐབས་གདོང་ནས་བཟློག་པར་ཤོག། ༤. རང་བཞིན་ངན་པའི་སེམས་ཅན་ནི།། སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།། རིན་ཆེན་གཏེར་དང་འཕྲད་པ་བཞིན།། རྙེད་པར་དཀའ་བས་གཅེས་འཛིན་ཤོག། ༥. གཞན་གྱིས་བདག་ལ་ཕྲག་དོག་གིས།། གཤེ་བསྐུར་ལ་སོགས་མི་རིགས་པའི།། ཕམ་ཁ་རང་གིས་ལེན་པ་དང་།། རྒྱལ་ཁ་གཞན་ལ་འབུལ་བར་ཤོག། ༦. གང་ལ་བདག་གིས་ཕན་བཏགས་པའི།། རེ་བ་ཆེ་བ་གང་ཞིག་གིས།། ཤིན་ཏུ་མི་རིགས་གནོད་བྱེད་ནའང་།། བཤེས་གཉེན་དམ་པར་བལྟ་བར་ཤོག། ༧. མདོར་ན་དངོས་སམ་བརྒྱུད་པ་ཡིས།། ཕན་བདེ་མ་རྣམས་ཀུན་ལ་འབུལ།། མ་ཡི་གནོད་དང་སྡུག་བསྔལ་ཀུན།། གསང་བས་བདག་ལ་བླང་བར་ཤོག། ༨. འདི་ཀུན་ཆོས་བརྒྱད་རྣམ་གཡེང་གི།། དྲི་མས་མ་བགོས་ཡོན་ཏན་ནི།། ཆོས་ཀུན་སྒྱུ་མར་ཤེས་པའི་བློས།། ཞེན་མེད་འཆིང་བ་ལས་གྲོལ་ཤོག།
ལོ་རྒྱུས་རྒྱབ་ལྗོངས། དགེ་བཤེས་གླང་རི་ཐང་པ་ནི་དགེ་བཤེས་པོ་ཏོ་བའི་ཞལ་སློབ་ཡིན། ཁོང་ནི་ཐུགས་རྗེ་ཆེ་ཞིང་བསམ་པ་བཟང་བས་གླང་རི་ཐང་པ་ཞལ་ནག་པོ་ཞེས་ཀྱང་གྲགས། གང་ལགས་ཤེ་ན། འཁོར་བའི་སྡུག་བསྔལ་ལ་བསམ་ནས་བཞད་མོ་མི་བཞད་པར་རྟག་ཏུ་ཐུགས་ངུ་བྲོ་བའི་རྣམ་པ་མཛད་པས་སོ།།