Jump to content

ཨོ་ཏན་ཏ་པུ་རི་

ཡོང་ཁུངས་Wikipedia

རྒྱ་གར་གྱི་གནས་མཆོག་ཅིག་སྟེ་མཁས་དབང་་དགེ་འདུན་ཆོས་འཕེལ་གྱིས“པ་ཌ་ཎ་ནས་ར་ཇི་གི་རི་ལ་འགྲོ་བའི་ལམ་དུ་བི་ཧར་ཤ་རིབ་ཟེར་བའི་གྲུ་ཟན་ལ་སླེབས་ཤིང་དེ་ནས་ནུབ་ཏུ་བལྟས་ན་བྲག་རི་ལེབ་མོ་ཞིག་མཐོང་བ་དེ་ཨོཏནྟཔུརིའི་གཙུག་ལག་ཁང་གི་ཤུལ་ཡིན་ཟེར། སྔོན་གཙུག་ལག་ཁང་དེ་རྒྱ་གར་ན་གྲགས་པ་ཤིག་ཡིན་ཅིང་རང་རེའི་བོད་ཀྱི་བསམ་ཡས་ཀྱང་དེ་ལ་དཔེ་བྱས་ཏེ་བཞེངས་པ་ཡིན། ས་འདི་ཡིན་ཟེར་བ་ཙམ་ལས་གནས་ཀྱི་ཤུལ་ལ་སོགས་པ་ནི་མི་སྣང་། རི་འདི་ནི་ནཱ་རོ་པའི་བཞུགས་གནས་ཕུ་ལ་ཧ་རི་བྱ་བ་དེ་ཡིན་པར་ཐེ་ཚོམ་མི་འདུག་སྟེ། ཆག་ལོའི་རྣམ་ཐར་དུ་ན་ལན་ཌཱའི་བྱང་ངོས་ཚ་འབོག་གཅིག་གི་ས་ན་རི་དེ་ཡོད་གསུངས་ཤིང་། ན་ལན་ཌཱའི་བྱང་ན་རི་འདི་གཅིག་པུ་མ་གཏོགས་ཡེ་མེད་ལ། རིའི་དབྱིབས་ཀྱང་བོད་ཀྱི་ཕྱོགས་སུ་མགོ་གུག་པ་ལྟར་ཡོད་པས་མི་ལའི་རྣམ་ཐར་དང་ཡང་འགྲིག”གཅེས་གསུངས་སོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།