Jump to content

ཨེ་ཛིའི་ནད་ལ་ནད་རྟགས་ཅི་འདྲ་ཡོད་དམ་

ཡོང་ཁུངས་Wikipedia

ཨེ་ཛིའི་ནད་ཀྱི་འཕེལ་རིམ་ལ་དུས་རིམ་ཆེན་པོ་བཞི་རུ་དབྱེ་རྒྱུ་ཡོད་དེ།ཨེ་ཛིའི་ནད་དུག་གི་ཐོག་མ་དང་ཐ་མའི་དུས་རིམ་དང་། ཨེ་ཛིའི་ནད་ཀྱི་ཐོག་མ་དང་ཐ་མའི་དུས་རིམ་སྟེ་བཞིའོ།། ཡིན་ནའང་། ཨེ་ཛིའི་ནད་རྟགས་ལ་དུས་རིམ་གསུམ་དུ་དབྱེ་སྲོལ་ཡོད་དེ། མྱུར་ནད་གནས་སྐབས་དང་གབ་པའི་གནས་སྐབས། ན་བའི་གནས་སྐབས་བཅས་བཞིའོ། ། དང་པོ་མྱུར་ནད་གནས་སྐབས་ཀྱི་དུས་ཚད་ནི་གཟའ་འཁོར་གཅིག་ནས་གཟའ་འཁོར་གསུམ་བར་ཡིན་ཞིང་།དུས་རྒྱུན་ནད་རྟགས་ལ་ལུས་ཡོངས་མི་བདེ་བའི་ཚོར་བ་སྐྱེས་པ་དང་། ཤ་རྒོད་དང་ཚིགས་མཚམས་མི་བདེ་བ།རྨེད་མདུད་སྐྲེངས་བ། ཕོ་ཁའི་ནད་བྱུང་བ། མཚན་མའི་མགོར་ཆུ་ཐོར་བྱུང་བ།པགས་ནད་བྱུང་བ་སོགས་སོ། ། མྱུར་ནད་གནས་སྐབས་སུ་སྨན་ཁང་ནས་ཁྲག་གཤེར་ལ་བརྟག་བཤེར་བྱས་ཀྱང་ནད་འགོས་ཡོད་མེད་རྟོགས་མི་ཐུབ། ཡིན་ནའང་། དུས་སྐབས་དེ་འགོ་མཆེད་བྱེད་ཚད་ཆེས་རྒོད་པའི་དུས་སྐབས་ཡིན། གཉིས་པ་གབ་པའི་གནས་སྐབས་ནི་ཆ་སྙོམས་ལོ་བདུན་ཙམ་གྱི་རིང་ལ་ནད་རྟགས་ཅི་ཡང་མི་མངོན་པར་གབ་པའི་རང་བཞིན་དུ་གནས་སྲིད།དེའི་སྐབས་ཁྲག་གཤེར་བརྟག་བཤེར་ལས་ནད་འགོས་ཡོད་པ་རྟོགས་ཐུབ་ཅིང་། འགོ་མཆེད་ཀྱི་ནུས་པ་མྱུར་ནད་གནས་སྐབས་ལྟར་དྲག་པོ་མེད་རུང་།ད་དུང་འགོ་མཆེད་ནུས་པ་མ་ཡལ་བར་ཡོད་དོ། ། གསུམ་པ། ན་བའི་གནས་སྐབས་སུ་མི་སོ་སོར་ནད་རྟགས་མི་འདྲ་བ་ཡོད་ལ།ས་ཁུལ་དང་མི་རིགས་མི་འདྲ་བར་ས་གནས་རང་བཞིན་གྱི་རྒྱུགས་ཆེས་རིམས་ནད་མི་འདྲ་བ་ཡོད་པ་བཞིན་དུ་འགོས་ནད་དང་ནད་རྟགས་ཀྱང་མིན་འདྲ་བར་ཡོད་ལ།རིམས་འགོག་མ་ལག་ལ་གཏོར་བརླག་ཐེབས་རྐྱེན་རིམས་ནད་འགོག་པའི་བྱེད་ལས་ཉམས་ཏེ། ནད་སྲིན་སྣ་ཚོགས་ཀྱིས་འཚེ་ཞིང་། དུས་གཅིག་ཏུ་རིམས་ནད་མང་པོའི་ནད་རྟགས་མངོན་པའང་ཡོད་ཕྱིན།ནད་འདིའོ་ཞེས་ནད་རྟགས་ཁེར་རྐྱང་བ་ཞིག་སྟོན་རྒྱུ་མེད་པའང་ཡོད། སྤྱིར་བཏང་དུ། དུས་ཡུན་རིང་བོར་ཚ་བ་རྒྱས་པ་དང་དུས་ཡུན་ཐུང་ངུའི་ནང་ལུས་པོའི་ལྗིད་ཚད་བཅུ་ཆའི་གཅིག་ལྷག་མར་འཆད་པ།ལུས་པོ་རིད་པ། ལུས་སྟོབས་ཟད་པ། རྔུལ་ཆུ་ཐོན་པ། རྒྱུན་དུ་ཁོག་བཤལ་བ། གློ་ལུ་བྱེད་པ། ལུས་ཡོངས་ཀྱི་རྨེན་མདུད་སྐྲངས་པ། ལྕེ་དང་མཚན་མ་སོགས་ལ་འབྲུམ་ཐོར་འབུད་པ།མགོ་ཡོམ་འཁོར་བ། ཚ་བ་རྒྱས་པ། མགོ་ན་བ། རྣམ་རིག་དང་མིག་མི་གསལ་བ། རྣམ་འགྱུར་དལ་བ་སོགས་ཀྱི་ནད་རྟགས་མངོན་པ་ཡིན།ཡིན་ནའང་། ངེས་པར་ཏུ་ཤེས་དགོས་པ་ཞིག་ལ། གོང་གི་ནད་རྟགས་དག་ལས་གང་རུང་ཞིག་བྱུང་བ་ཙམ་གྱིས་མི་དེ་ཨེ་ཛིའི་ནད་པ་ཡིན་པས་མ་ཁྱབ་ཕྱིན།གལ་ཏེ་འགོས་མིན་གྱི་དོགས་གཞི་ཡོད་ཚེ་ལམ་སང་སྨན་ཁང་དུ་སོང་སྟེ་འབྲེལ་ཡོད་ཀྱི་བརྟག་བཤེར་བྱ་འོས་ཀྱི།ནམ་ཡང་ཨེ་ཛི་འགོས་ཟིན་པའི་ཞེད་སྣང་གི་ཁོར་ཡུག་ནས་འཚོ་དགོས་ཚེ། ཨེ་ཛི་མ་ཡོད་རུང་། ཨེ་ཛི་འགོས་སོང་བ་ཅི་བཞིན་གྱི་ནད་རྟགས་འབྱུང་བའི་ཉེན་ཁ་ཡོད་ལ།འགོས་སོང་བ་ནང་བཞིན་གྱི་སྡུག་ཡུས་དང་དོགས་འཚེར་གྱི་སྡུག་བསྔལ་ཡོད་པ་ཡིན།