Jump to content

ཨེ་ཛི་དང་འབྲེལ་བའི་ཁྲིམས་ལུགས་ཅི་ཞིག་ཡོད་དམ་

ཡོང་ཁུངས་Wikipedia

དང་པོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༢༠༠༦ལོའི་༡པོའི་ཚེས་༡༨ཉིན་མིང་རྟགས་བཀོད་པའི་༼ཨེ་ཛི་འགོག་བཅོས་ཁྲིམས་སྲོལ་༽གྱི་དོན་ཚན་གསུམ་པའི་ནང་དུ། ལས་ཁུངས་དང་མི་སྒེར་སུ་ཡིན་རུང་ཨེ་དུག་ཅན་དང་ཨེ་ནད་ཅན།ཨེ་ནད་ཅན་གྱི་ཁྱིམ་མིར་མཐོང་ཆུང་བྱ་མི་ཆོག་པ་དང་། ཨེ་དུག་ཅན་དང་ཨེ་ནད་ཅན། ཨེ་ནད་ཅན་གྱི་ཁྱིམ་མི་སུ་ཡིན་རུང་།ཁོང་ཚོས་གཉེན་བསྒྲིགས་དང་ལས་ཞུགས། སྨན་པར་བསྟེན་པ་དང་སློབ་གྲྭར་འགྲོ་བ་སོགས་ཁྲིམས་མཐུན་གྱི་ཁེ་དབང་ལ་ཁྲིམས་ལུགས་ཀྱིས་རྒྱབ་སྐྱོར་ཐོབ་ཅེས་བསྟན་ཡོད། 《艾滋病防治条例》第三条明确指出: “任何单位和个人不得歧视艾滋病病毒感染者、艾滋病病人及其家属。艾滋病病毒感染者、艾滋病病人及其家属享有的婚姻、就业、就医、入学等合法权益受法律保护”。 གཉིས་པ།༼ཨེ་ཛི་འགོག་བཅོས་ཁྲིམས་སྲོལ་༽གྱི་དོན་ཚན་བདུན་པའི་ནང་།རིམ་པ་ཁག་གི་ལས་ཁུངས་ཀྱིས་ཚོགས་པ་དང་མི་སྒེར་གྱིས་ཁྲིམས་སྲོལ་འདིའི་ནང་གཏན་འབེབས་བྱས་པའི་ནང་དོན་དང་།རྒྱལ་ཁབ་ཀྱི་ཨེ་ཛི་འགོག་བཅོས་འཆར་འགོད་དང་། རྒྱལ་ཁབ་ཀྱི་ཨེ་ཛི་འགོག་བཅོས་འགུལ་སྐྱོད་འཆར་གཞིའི་དགོངས་དོན་དང་མཐུན་པའི་སྒོས་ཨེ་ཛི་འགོག་བཅོས་ལས་དོན་དུ་ཞུགས་པ་དང་།ཨེ་ཛི་འགོག་བཅོས་ལས་དོན་ལ་ཐེབས་རྩ་འབུལ་བ། ཨེ་ཛི་འགོ་སླའི་ཉེན་ཆེན་མི་སྣའི་སྤྱོད་ལམ་ལ་ཐེ་གཏོགས་བྱེད་པ།ཨེ་དུག་ཅན་དང་ཨེ་ནད་ཅན། ཨེ་ནད་ཅན་གྱི་ཁྱིམ་མི་བཅས་ལ་ཐུགས་ཁུར་དང་རོགས་སྐྱོབ་བྱ་བར་སྐུལ་མ་དང་རྒྱབ་སྐྱོར་ཡོད་ཅེས་བསྟན་ཡོད།

 《艾滋病防治条例》第七条:“各级人民政府和政府有关部门应当采取措施,鼓励和支持有关组织和个人依照本条例规定以及国家艾滋病防治规划和艾滋病防治行动计划的要求,参与艾滋病防治工作,对艾滋病防治工作提供捐赠,对有易感染艾滋病病毒危险行为的人群进行行为干预,对艾滋病病毒感染者、艾滋病病人及其家属提供关怀和救助”。

གསུམ་པ།༼ཨེ་ཛི་འགོག་བཅོས་ཁྲིམས་སྲོལ༽གྱི་དོན་ཚན་སུམ་ཅུ་སོ་དགུ་པའི་ནང་། རིམས་འགོག་ཚོད་འཛིན་ལས་ཁུངས་དང་རྒྱལ་ཕྱི་ནང་འགྲོ་འོང་བརྟག་དཔྱད་ལས་ཁུངས་ཀྱིས་ཨེ་ཛིའི་ཁྱབ་མཆེད་གནས་ཚུལ་རྟོག་ཞིབ་བྱེད་སྐབས།རྟོག་ཞིབ་བྱ་ཡུལ་དུ་གྱུར་བའི་ལས་ཁུངས་དང་མི་སྒེར་གྱིས་འབྲེལ་ཡོད་གནས་ཚུལ་དྲང་བཤད་བྱེད་དགོས།ལས་ཁུངས་དང་མི་སྒེར། ཡང་ན་ནད་པའི་ལྟ་སྐྱོང་མཁན་གྱི་ཆོག་མཆན་མ་ཡོད་ན། ལས་ཁུངས་དང་མི་སྒེར་གང་ཞིག་ཡིན་རུང་ཨེ་དུག་ཅན་དང་ཨེ་ནད་ཅན།ཨེ་ནད་ཅན་གྱི་ཁྱིམ་མི་སོགས་ཀྱི་རུས་མིང་དང་། སྡོད་གནས། ལས་ཁུངས། འདྲ་པར། ནད་ཐོའི་རྒྱུ་ཆ་སོགས་ཕྱིར་བསྒྲགས་བྱ་མི་རུང་བར་མ་ཟད།མི་དེའི་ཐོབ་དབང་མཚོན་ཐུབ་པའི་ཆ་འཕྲིན་གཅིག་ཀྱང་ཕྱིར་བསྒྲགས་བྱ་མི་ཆོག་ཅེས་བསྟན་ཡོད། 第三十九条指出:“疾病预防控制机构和出入境检验检疫机构进行艾滋病流行病学调查时,被调查单位和个人应当如实提供有关情况。未经本人或者其监护人同意,任何单位或者个人不得公开艾滋病病毒感染者、艾滋病病人及其家属的姓名、住址、工作单位、肖像、病史资料以及其他可能推断出其具体身份的信息”。 བཞི་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རིན་མི་ལེན་པ་བཞི་དང་ཐུགས་གཅིག་(四免一关怀)ཅེས་པ་གཏན་འབེབས་བྱས་ཡོད་དེ།དཔེར་ན། མཐའ་ཁུལ་གྱི་གཞི་རིམ་ས་ཁུལ་ནས་རིན་མི་ལེན་པར་ཨེ་ཛིའི་ནད་དུག་གི་མགོ་གནོན་སྨན་རྫས་འགྲེམ་པ་དང་།རྒྱལ་ཡོངས་ནང་ཁུལ་དུ་རིན་མི་ལེན་པར་ཨེ་ཛི་འགོས་ཡོད་མེད་ཀྱི་ཞིབ་བཤེར་བྱེད་པ། རིན་མི་ལེན་པར་ཨེ་ཛིའི་ནད་འགོས་ཡོད་པའི་མི་ལ་མ་བུ་བདེ་ཕྲལ་གྱི་སྨན་བཅོས་བྱེད་པ།རིན་མི་ལེན་པར་ཨེ་ཛིའི་ནད་ཀྱིས་དྭ་ཕྲུག་ཏུ་གྱུར་བའི་བྱིས་པར་སློབ་ཡོན་སྤྲོད་པ་བཅས་ཡིན་ལ།ཐུགས་ཁུར་གཅིག་ནི། འཚོ་བ་ཉམ་ཐག་ཡིན་པའི་ཨེ་ཛིའི་ནད་པ་སྲིད་གཞུང་གི་རོགས་སྐྱོབ་བྱ་ཡུལ་དུ་འཁོད་པ་དང་།རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ལྟར་འཚོ་བའི་དབུལ་སྐྱོབ་བྱེད་པ། ཐོན་སྐྱེད་ནུས་པ་ལྡན་པའི་ཨེ་ཛིའི་ནད་པར་རོགས་འདེགས་སྒོས་ལས་ཞུགས་ཀྱི་གོ་སྐབས་སྤྲོད་པ་དང་།ཨེ་དུག་ཅན་དང་ཨེ་ནད་ཅན་དག་ལ་མི་གཞན་གྱིས་མཐོང་ཆུང་བྱེད་པ་ལས་གཡོལ་རོགས་བྱེད་པ་སོགས་སོ།། “四免”指的是: 1) 对农村居民和城镇未参加基本医疗保险等保障制度的经济困难人员中的艾滋病病人免费提供抗病毒药物; 2) 在全国范围内为自愿接受艾滋病咨询检测的人员免费提供咨询和初筛检测; 3) 为感染艾滋病病毒的孕妇提供免费母婴阻断药物及婴儿检测试剂; 4) 对艾滋病病人的孤儿免收上学费用。 “一关怀”指的是:将生活困难的艾滋病病人纳入政府救助范围,按照国家有关规定给予必要的生活救济。积极扶持有生产能力的艾滋病病人。避免对艾滋病感染者和病人的歧视。