ཨིན་ཇིའི་གོང་མའི་རིག་ཚོགས་

ཡོང་ཁུངས་Wikipedia

ཨིན་ཇིའི་གོང་མའི་རིག་ཚོགས The Royal Society

ཨིན་ཇིའི་གོང་མའི་རིག་ཚོགས་ནི་ཨིན་ཇིའི་ཆེས་མཚན་སྙན་ལྡན་པའི་ཚན་རིག་རིག་གཞུང་གི་སྡེ་ཚན་ཡིན་ཞིང་། དེའི་ཁོངས་མི་རྣམས་ཡང་རྩེའི་ཚན་རིག་གི་ཕྱོགས་ལ་ཕྱག་རྗེས་ཤིན་ཏུ་ཆེ། ལོ་ན་གཞོན་ཞིང་ཏོག་ཏུ་གྱུར་བའི་ཨིན་ཇིའི་ཚན་རིག་པ་དང་བཟོ་བཀོད་པ། ཚན་རྩལ་པ་མི་ཉུང་བ་ཞིག་ལ་སྡེ་ཚན་འདིས་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་ལ། ཚན་རིག་སྲིད་ཇུས་གཏན་འབེབས་བྱེད་པར་ཡང་སྡེ་ཚན་འདིས་ནུས་པ་ངེས་ཅན་ཞིག་ཐོན་གྱི་ཡོད། དེས་མ་ཚད། ཚན་རིག་གནད་དོན་སྟེང་ལ་སྤྱི་ཡོངས་གྲོས་ཚོགས་སུ་བཞུགས་ཀྱི་ཡོད། ཨིན་ཇིའི་གོང་མའི་རིག་ཚོགས་ནི་དགེ་ལས་ལས་ཁུངས་ཀྱི་དམིགས་བསལ་དབང་ཆ་ཡོད་ཡོད་ཅིང་སྒེར་ཚུགས་ཡིན་པའི་རྩ་འཛུགས་ཤིག་ཡིན་ལ། ཁོངས་མིར་ཡོའན་ཧྲི༡༤༠༠དང་ཕྱི་རྒྱལ་པའང་ཡོད་པ་ལས་ཡོའན་ཧྲི་རྣམས་ནི་ཨིན་ཇི་རྒྱལ་ཁབ་དང་ཨིན་ཇི་མཉམ་འབྲེལ་རྒྱལ་ཕྲན་གྱི་མིང་དུ་གྲགས་པའི་ཚན་རིག་པ་དང་། བཟོ་བཀོད་པ་དང་ཚན་རྩལ་མི་སྣ་ཡིན།

ཨིན་ཇིའི་གོང་མའི་རིག་ཚོགས་ནི་རང་བདག་རང་སྐྱོང་ཐུབ་པའི་ཚོགས་པ་ཞིག་ཡིན་པས། རང་གི་སྒྲིག་ཡིག་གཏན་ལ་འབེབ་པའམ་སོ་སོའི་ཁོངས་མི་བསྐོ་བཞག་བྱེད་དུས་སྲིད་གཞུང་གི་ཆོག་མཆན་གང་ཡང་རེག་མི་དགོས་ནའང་། སྲིད་གཞུང་བར་གྱི་འབྲེལ་བ་ཧ་ཅང་དམ་པོ་ཡིན་ཏེ། ཪིག་གཞུང་སློབ་ཚོགས་ཀྱིས་ཚན་རིག་བྱ་གཞག་གཉེར་བ་ལ་སྲིད་གཞུང་གིས་ཆེད་དུ་རྒྱུ་དངུལ་སྦྱོར་གྱི་ཡོད། ཡིན་ནའང་ཪིག་གཞུང་སློབ་ཚོགས་ཀྱིས་སྒེར་གྱི་ཚན་རིག་ཞིབ་འཇུག་བྱ་ཡུལ་བཙུགས་མེད། དེ་མིན། ཪིག་གཞུང་སློབ་ཚོགས་ལ་ཚན་རིག་ཞིབ་འཇུག་པ་ཕུལ་བྱུང་བ་ངོས་འཛིན་པ་དང་དང་བྱ་དགའ་སྤྲོད་པ། རྒྱལ་སྤྱིའི་ཚན་རིག་བགྲོ་གླེང་དང་། ཚན་རིག་སློབ་གསོ་དང་ཚན་རིག་ཁྱབ་སྤེལ་བྱ་བ་རྩ་འཛུགས་བྱ་རྒྱུ། ཚན་རིག་ལོ་རྒྱུས་སོགས་འབད་རྒྱུ་སོགས་ཀྱི་ལས་འགན་ཡོད་པ་རེད།

རྒྱལ་སྤྱིའི་གནས་བབ།=[རྩོམ་སྒྲིག]

གོང་མའི་རིག་ཚོགས་ནི་ཨིན་ཇི་ཡི་རྒྱལ་ཁབ་ཚན་རིག་སློབ་གླིང་ཡིན་རྒྱལ་ཁབ་ཕྱི་ནང་ཀུན་ནས་ཨིན་ཇིའི་ཚན་རིག་པའི་སྡེ་ཡི་སྐུ་ཚབ་བྱེད་ཀྱི་ཡོད། ལོ་མང་པོའི་རིང་ལ་རིག་ཚོགས་འདིས་རྒྱལ་ཁབ་ཕྱི་ནང་གི་ཚན་རིག་རྩ་འཛུགས་བར་རང་གཞན་གཉིས་ཀར་ཕན་པའི་མཉམ་ལས་འབྲེལ་བ་བཙུགས། རིག་ཚོགས་ནི་རྒྱལ་སྤྱིའི་ཚན་རིག་མཉམ་འབྲེལ་རྒྱལ་ཚོགས་(ISCU)འཛུགས་མཁན་གྱི་རྒྱལ་ཁབ་དག་གི་ཡ་གྱལ་ཡིན་ཞིང་། ཡོ་རོབ་ཚན་རིག་ཐེབས་རྩ་ཚོགས་པ(ESF)པའི་ནུས་པ་གལ་ཆེན་ཐོན་གྱི་ཡོད། གོང་མའི་རིག་ཚོགས་ཀྱིས་ད་དུང་རྒྱལ་སྤྱིའི་རྩ་འཛུགས་གཞན་དང་འབྲེལ་བ་དམ་ཟབ་བྱེད་ཅིང་། འཛམ་གླིང་གི་ཚན་རིག་གོང་དུ་འཕེལ་བར་མཛད་རྗེས་འཇོག་བཞིན་ཡོད།

མཁས་པ་གྲགས་ཅན།[རྩོམ་སྒྲིག]

ཨིན་ཇིའི་གོང་མའི་རིག་ཚོགས་ལས་ད་ཆ་སྐད་གྲགས་ཆོད་ཤོས་ནི་རྩིས་རིག་པ་དང་དངོས་ཁམས་མཁས་པ་ཆེན་པོ་ཡིན་པའི་ཡོན་ཧྲི་ཧོ་ཁེན་དང་། སྦྲུམ་རྟེན་རྩ་སྤོས་དང་མཁྲིས་པའི་ཕྲ་ཕུང་ཞིབ་འཇུག་མཁས་དབང་ཨན་ཉི་མེ་ཁ་ལེ་ལུན། སྦྲེལ་དྲ་གསར་དུ་བཏོད་མཁན(Tim Berners-Lee)བཅས་ཡིན།

ཐོག་མའི་ལོ་རབས།[རྩོམ་སྒྲིག]

ཨིན་ཇིའི་གོང་མའི་རིག་ཚོགས་དེ་དང་ཐོག་ཚན་རིག་པ༡༢ཙམ་ཡོད་པའི་ཚོགས་པ་ཆུང་ཆུང་ཞིག་ཡིན་ཞིང་དེ་དུས་གཟུགས་མེད་སློབ་གླིང་ཟེར་གྱི་ཡོད། ཁོ་ཚོས་ས་ཆ་མང་པོ་རུ་འདུ་འཛོམས་བྱེད་ཅིང་ཁོངས་མི་རྣམས་སྡོད་པའི་ཀེ་ལི་ཧྲ་མུ་སློབ་གླིང་ཀྱང་ཚུད་ཡོད། དེའི་ནང་ནས་ཁོངས་མི་སྐད་གྲགས་ཆེ་བ་ནི་ཡོ་ཧན•ཨུས་ཨཱ་ཅིན་སེ(John Wilkins)དང་ཇོ་ན་སན་ཀེ་ཐ་ཏ(Jonathan Goddard) རོ་བྷོ་ཐྲི་ཧོ་ཁི(Robert Hooke) Sir Christopher Wren། William Petty། Robert Boyleབཅས་ཡོད།

ཧ་ལམ༡༦༤༥ལོའི་སྐབས་སུ། ཁོ་ཚོ་མཉམ་དུ་འཛོམས་ནསFrancis Bacon གྱི《新亚特兰提斯》ནང་དུ་བརྗོད་པའི་ཚན་རིག་གསར་པ་གླེང་བ་དང་། དང་ཐོག་ཚོགས་པ་དེར་སྒྲིག་སྲོལ་གང་ཡང་གཏན་ཁེལ་བྱས་མེད་དེ། དམིགས་ཡུལ་ནི་ཚང་མ་མཉམ་དུ་འཛོམས་ནས་ཚོད་ལྟ་ཞིབ་འཇུག་བྱ་རྒྱུ་དང་རང་སོ་སོའི་གསར་རྙེད་བགྲོ་གླེང་གྲོས་བསྡུར་བྱེད་རྒྱུ་དེ་ཡིན། དུས་ཀྱི་འགྱུར་བ་དང་བསྟུན་ནས༡༦༣༨ལོར་འགྲུལ་སྐྱོད་བར་ཐག་གི་དབང་གིས་ལོན་ཊོན་རིག་ཚོགས་དང་ཉུའུ་ཅིན་རིག་ཚོགས་ཞེས་ཚོགས་པ་གཉིས་སུ་གྱེས་ཤིང་། དེ་ལས་སློབ་གླིང་གི་མི་སྣ་ཉུའུ་ཅིན་དུ་སྡོད་མཁན་མང་བས་ཉུའུ་ཅིན་རིག་ཚོགས་དེ་ལོན་ཌོན་རིག་ཚོགས་ལས་ཅུང་ཟད་འཁྲུག་པོ་ཡོད་ལ“ཉུའུ་ཅིན་མཚན་ཉིད་རིག་པའི་རིག་ཚོགས” དབུ་བརྙེས་ཤིང་སྒྲིག་སྲོལ་གསལ་པོར་གཏན་ལ་ཕབ་ཅིང་། སྒྲིག་ཡིག་གི་རེག་ཟིག་དག་ད་ལྟའང་སྦོ་སྡ་ལི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད།

ལོན་ཌོན་རིག་ཚོགས་ནི་སྔར་བཞིན་དགེ་ལི་ཧྲམ་སློབ་གླིང་དུ་འཛོམས་ནས་གྲོས་བསྡུར་བྱེད་ཀྱི་ཡོད་ཅིང་། དེའི་སྐབས་ལ་ཚོགས་མི་ཡང་རིམ་གྱིས་མང་དུ་ཕྱིན། རྒྱལ་སྲུང་བདག་པོ་ཁ་ལུན་ཝི་འར་གྱི་དུས་སྐབས་ཀྱི་དམག་དོན་སྒེར་གཅོད་འོག༡༦༥༨ལོར་རིག་ཚོགས་བཙན་གྱིས་གཏོར། ཁྲ་ལི་གཉིས་པ་བསྐྱར་ལོག་བྱས་པའི་རྗེས་རིག་ཚོགས་གཞི་ནས་བསྐྱར་དུ་གསོས་ནས་དགེ་ལི་ཧྲའ་མུ་སློབ་གླིང་དུ་འདུས། ཚོགས་པ་འདིས་ཕྱིས་ཀྱི་གོང་མའི་རིག་ཚོགས་དབུ་ཚུགས་པར་སྐུལ་མ་ཐེབས་པ་རེད་ཅེས་མི་མང་པོ་ཞིག་གིས་འདོད་ཀྱི་ཡོད།

དབུ་བརྙེས་པའི་དུས་སྐབས།[རྩོམ་སྒྲིག]

༡༦༦༠ལོར་ཁྲ་ལི་གཉིས་པ་བསྐྱར་ལོག་བྱས་རྗེས་ལོན་ཌོན་སླར་ཡང་ཨིན་ཇིའི་ཚན་རིག་གི་བྱེད་སྒོའི་ལྟེ་བར་གྱུར་ཅིང་། སྐབས་དེར་ཚན་རིག་ལ་མོས་པའི་མི་ཧ་ཅང་མང་པོར་འཕར་བས། མི་རྣམས་ཀྱིས་ཨིན་ཇི་རྒྱལ་ཁབ་ཏུ་ཚན་རིག་ལས་ཁུངས་ངོ་མ་ཞིག་དབུ་བརྙེས་ན་བསམ་གྱི་ཡོད། དེ་བས་ལོན་ཌོན་གྱི་ཚན་རིག་པས་སྤྱི་ལོ༡༦༦༠ ལོའི་ཟླ༡༡པའི་ཚེས་ག་གེ་མོ་ཞིག་ལ། དགེ་ལི་ཧྲ་མུ་སློབ་གླིང་དུSir Christopher Wrenགྱི་སློབ་ཚན་མཇུག་སྒྲིལ་རྗེས་ཚོགས་འདུ་ཞིག་བསྐོངས་ཤིང་། དངོས་ཁམས་དང་རྩིས་རིག་ཚོད་ལྟ་གོང་དུ་སྤེལ་བའི་སློབ་གླིང་ཞིག་འཛུགས་རྒྱུའི་གྲོས་མགོ་དངོས་སུ་བཏོན། ཡོ་ཧན་ཨུས་ཨཱ་ཅིན་སི་ཀྲུའུ་ཞིར་བདམས། “འཆར་གཞི་འདིར་རང་མོས་ཀྱིས་ཤུགས་ཤིང་འཚམ་པའི”མི་ཞེ་གཅིག་གི་མིང་ཐོ་ཟིན་ཐོར་བཀོད།

མི་རིང་བར་ལོ་པོ་ཐ་མུའུ་ལེན་གྱིས་རྒྱལ་པོའི་བཀའ་ཁྱེར་ནས་འོང་སྟེ “སློབ་གླིང” འཛུགས་རྒྱུ་མོས་མཐུན་བྱས། མུའི་ལེན་འདུ་ཚོགས་དེའི་ཚོགས་གཙོར་འོས་སྦྱོར་བྱས། ལོ་གཉིས་རྗེས་སུ་ཁྲ་ལི་གཉིས་པས་ཆོག་མཆན་དཔང་ཡིག་ཐོག་ཐམ་ཀ་བརྒྱབ། “རང་བྱུང་ཤེས་བྱ་འཕེལ་རྒྱས་གཏོང་བ་དམིགས་ཡུལ་བྱས་པའི་གོང་མའི་རིག་ཚོགས”དངོས་སུ་འཛུགས་རྒྱུའི་ཆོག་མཆན་སྤྲད། སྦུ་ལུ་ཁ་འར་གོང་མའི་རིག་ཚོགས་ཀྱི་ཚོགས་གཙོ་དང་པོར་གྱུར་བ་དང་། རིག་ཚོགས་མགོ་མ་གཉིས་ཀྱི་དྲུང་ཡིག་ནི་ཡོ་ཧན་ཨུས་ཨཱ་ཅིན་སེ་དང་ཧང་ལི་ཨའོ་འར་ཏང་སྦོ་ཀའ་ཡིན།

གོང་མའི་རིག་ཚོགས་ཀྱི་ཚོགས་མི༡༦༦༠ལོར་དབུ་བརྙེས་སྐབས་མི༡༠༠ཙམ་ཡོད། ལོ་རབས་བདུན་བཅུ་བར་མི་གྲངས་ཉིས་བརྒྱའི་ཡན་དུ་སླེབས་ཡོད། ཡིན་ན་ཡང་དུས་རབས་བཅུ་བདུན་མཇུག་ཏུ་མི་རྣམས་ཚན་རིག་ལ་དགའ་ཞེན་བྱེད་ཚད་དམའ་རུ་ཕྱིན་ཙང་། ༡༧༠༠ལོའི་དུས་སུ་ཚོགས་མི༡༢༥ལས་ལྷག་མེད། ཡང་དེའི་རྗེས་སུ་ཚོགས་མི་མང་དུ་ཕྱིན་ཡོད་དེ། ༡༨༠༠བར་མི་གྲངས་ལྔ་བརྒྱ་ཙམ་ཡོད་མོད་དོན་དམ་གྱི་ཚན་རིག་པ་ཕྱེད་ཀ་ཙམ་ཡང་མི་ཟིན་ལ་གཞན་དག་མིང་ཙམ་གྱི་ཚོགས་མི་ཡིན།

འཕེལ་རྒྱས།[རྩོམ་སྒྲིག]

དང་ཐོག་རིག་ཚོགས་ཀྱི་ཡོའན་ཧྲི་ནི་འདེམས་བསྐོ་བྱས་པ་ལས་བྱུང་བ་དང་སྒྲིག་སྲོལ་གསལ་པོ་མེད། ཡོའན་ཧྲི་མང་དག་ཅིག་ཚན་རིག་ཆེད་མཁས་པ་མིན། ༡༧༣༡ ལོར་སྒྲིག་སྲོལ་གཏན་འབེབས་བྱས་ཤིང་ཡོའན་ཧྲི་གདམ་བྱའི་འོས་མི་ཚང་མ་ངེས་པར་དུ་ཡིག་ཐོག་ནས་མིང་འདོན་འཐོབ་དགོས་ཤིང་དེས་མ་ཚད་རྒྱབ་སྐྱོར་མཁན་གྱི་མིང་རྟགས་ཀྱང་ཡོད་དགོས། ༡༨༤༧ལོར་སླེབས་དུས་རིག་ཚོགས་ཀྱིས་མ་འོངས་པའི་ཡོའན་ཧྲིའི་གདམ་བྱའི་མིང་འདོན་ངེས་པར་དུ་ཁོ་ཚོའི་ཚན་རིག་བྱས་རྗེས་ལ་བལྟ་རྒྱུའི་ཐག་བཅད།

གཏན་འཁེལ་དེས་རིག་ཚོགས་དེ་སྡེ་ཚོགས་ཤིག་ནས་མྱུར་དུ་ངེས་པ་དོན་གྱི་ཚན་རིག་མཁས་པའི་རིག་ཚོགས་སུ་གྱུར་བ་དང་། ༡༨༥༠ལོར་ཨིན་ཇི་སྲིད་གཞུང་གིས་ཚན་རིག་པ་རྣམས་ལ་ཚོད་ལྟ་དང་སྒྲིག་ཆས་ཉོ་བར་རིག་ཚོགས་ལ་ཨིན་སྒོར་ཆིག་སྟོང་གནང་སྟེ་རོགས་སྐྱོར་བྱས་ཤིང་། དེ་ནས་བཟུང་སྲིད་གཞུང་གིས་རོགས་དངུལ་སྟེར་བའི་ལམ་ལུགས་ཚུགས་པ་དང་། རིག་ཚོགས་དང་སྲིད་གཞུང་བར་གྱི་འབྲེལ་བ་ཡང་དེ་ནས་བཟུང་བརྩམས་པ་རེད།

༡༨༥༧ལོར་རིག་ཚོགས་སླར་ཡང་བི་ཁ་སྡ་ལིའིBurlington Houseདུ་གནས་སྤོས་ཤིང་ལས་བྱེད་པ་གཉིས་ཡོད། ༡༩༦༧ལོརCarlton House Terrace དུ་སྤོས། ལས་བྱེད་པ ༡༢༠ ཡོད།