Jump to content

ཨན་བན་

ཡོང་ཁུངས་Wikipedia

གོང་མས་ས་གནས་ཁགདང་ཞིང་ཆེན་ཁག་ཏུ་ཆེད་མངགས་ཀྱིས་ལས་དོན་སྒྲུབ་པར་བཏང་བའི་སྐུ་ཚབ་བློན་ཆེན་ཞིག ཆིང་རྒྱལ་རབས་ཀྱི་གོང་མ་ཡུང་ཀྲེང་ཁྲི་ལོ་དངཔོ་ཆུ་ཡོས(༡༧༢༣)ལོར་མཚོ་སྔོན་གྱི་དཔོན་རིགས་ཆིང་ཝང་བསྟན་འཛིན་ནས་ངོ་ལོག་ཟིང་འཁྲུག་བསླངས་པར་བརྟེན་དམག་དཔུང་བཏང་ནས་ལྷིང་འཇགས་བྱས་རྗེས། ཡུང་ཀྲེང་ཁྲི་ལོ་གསུམ་པ་མེ་རྟ(༡༧༢༦)ལོར་མཚོ་སྔོན་ཞིང་ཆེན་དུ་གོང་མའི་སྐུ་ཚབ་ཨམ་བན་གཏོང་འགོ་ཚུགས་ཤིང་། ཡུང་ཀྲེང་ཁྲི་ལོ་ལྔ་པ་མེ་ལུག(༡༧༢༧)ལོར། བོད་ས་གནས་ཀྱི་བཀའ་བློན་ང་ཕོད་པ་དང་། ལུམ་པ་བ། སྦྱར་ར་བ་གསུམ་གྱིས་བཀའ་བློན་དའི་ཆིང་སྦ་དུར་དམར་གསོད་བཏང་ནས་ཟིང་འཁྲུག་བསླང་རྐྱེན། བོད་ས་གནས་སུ་གོང་མའི་སྐུ་ཚབ་ཨམ་བན་རྒྱུན་སྡོད་བྱེད་པའི་འགོ་ཚུགས། རབ་བྱུང་བཅོ་ལྔ་པའི་ཆུ་བྱི(༡༩༡༢)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་ནས་ཕྱིར་ལོག་ཕེབས་རྗེས་བོད་ས་གནས་སུ་ཨམ་བན་སྡོད་མི་དགོས་པར་ཕྱིར་འཐེན་བྱས་པའོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

"https://bo.wikipedia.org/w/index.php?title=ཨན་བན་&oldid=83298"ལས་སླར་རྙེད་སོང།