ཨ་ཨུ་པར་པ་ཏ་པུ་ཡིན་དུ་
མཐོང་རིས་
(爱育黎拔力八达普颜笃汗即元仁宗)ཤིང་བྱ་ལོ་པ། རང་ལོ་ཉེར་བརྒྱད་ལ་སླེབས་པ་རབ་བྱུང་ལྔ་པའི་ལྕགས་སྤྲེལ(༡༣༢༠)ལོའི་བར་ཧོང་ཁིང་ལོ་གཉིས། པིན་བེའུ་ལོ་བདུན་བཅས་ལོ་དགུ་རིང་སྲིད་བཟུང་། མིང་ལ་བུ་ཡན་ཐུ་ཟེར། འདིས་འཇམ་དགག་པཀྴི་གདན་དྲངས་ཤིང་། འདིའི་རིང་ལ་སྣར་ཐང་གི་བཀའ་འགྱུར་དང་བསྟན་འགྱུར་བྱུང་། རང་ལོ་སོ་དྲུག་པ་ལ་འདས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།