Jump to content

ཨ་ལགས་རྗེ་སྤྲུལ་

ཡོང་ཁུངས་Wikipedia

ལོ་རྒྱུས་མདོར་བསྡུས། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་། ཕྱི་ལོ་ ༡༩༩༧ ནས་རྡ་ས་རིགས་ལམ་སློབ་གཉེར་ཁང་དུ་ (Institute of Buddhist Dialectics. Mcloed Ganj) གཞུང་ཆེན་ཁག་ཏུ་སློབ་གཉེར་འགོ་བཙུགས། ཕྱི་ལོ་ ༢༠༠༣ ལོར་ཕར་ཕྱིན་རབ་འབྱམས་པའི་ལག་འཁྱེར་བླངས། Equivalent to BA ཕྱི་ལོ་ ༢༠༠༦ ལོར་དབུ་མ་རབ་འབྱམས་པའི་ལག་འཁྱེར་བླངས། Equivalent to MA ཕྱི་ལོ་ ༢༠༡༠ ལོར་རིས་མེད་སློབ་དཔོན་གྱི་ལག་འཁྱེར་ཐོབ། Equivalent to M. Phil ཕྱི་ལོ་ ༢༠༡༢ ལོའི་མཇུག་ཏུ་རིས་མེད་དགེ་བཤེས་ཀྱི་ཡིག་རྒྱུག་ཆེན་མོ་དང་དཔྱད་རྩོམ་ཡིག་རྒྱུག Dissertation of Ph.D སྤྲད། ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༨ ཚེས་ ༡༤ ཉིན་སཱ་ར་མཐོ་སློབ་དབུ་རྙེད་པའི་མཛད་སྒོ་སྐབས་དཔལ་ལྡན་སྲིད་སྐྱོང་གི་ཕྱག་ནས་རིས་མེད་དགེ་བཤེས་ཀྱི་ལག་འཁྱེར་དངོས་སུ་བླངས། ( Equivalent to Ph. D) ཕྱི་ལོ་ ༢༠༠༨ ལོར་ ( ཀུན་གཞིའི་མཆན་འགྲེལ་རྣམ་རིག་རྒྱན་ ) ཞེས་པའི་དཔེ་དེབ་བརྩམས། ཕྱི་ལོ་ ༢༠༡༠ ལོར་ ( ནང་པའི་ཚན་རིག་དང་དེང་དུས་ཀྱི་ཚན་རིག་བར་གྱི་དཔྱད་གཏམ། ཀླད་པ་ལས་འདས་པ་དང་ཤི་བའི་ རྗེས་ཀྱི་གནད་དོན་) ཞེས་པའི་དཔེ་དེབ་བརྩམས། ཕྱི་ལོ་ ༢༠༡༦ ལོར་ནོར་ཝེར་སྐོང་ཚོགས་བྱས་པའི་རྒྱལ་སྤྱི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་བཅུ་བཞི་པའི་( 14th IATS ) ཚོགས་ཐོག་ ( སིངྒལའི་ཡུལ་ལས་རྙེད་པའི་རླབས་ཆེན་གྱི་བོད་མི་) ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱས། ཕྱི་ལོ་ ༢༠༡༧ ལོར་ ( སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི་ ) ཞེས་པའི་དཔེ་དེབ་བརྩམས། ཕྱི་ལོ་ ༢༠༡༨ ལོར་( རང་རིག་གི་བསྟན་བཅོས་ ) ཞེས་པའི་དཔེ་དེབ་བརྩམས། ཕྱི་ལོ་ ༢༠༡༩ ལོར་ ( ཨ་རི་བ་བླ་མ་དཀར་པོ་ ) ཞེས་པའི་དཔེ་དེབ་བརྩམས། ཕྱི་ལོ་༢༠༢༥ ལོར་(ལས་དང་པོ་བའི་ཞི་གནས་སྒོམ་ཚུལ) ཞེས་ལས་དང་པོ་བ་ཞིག་གིས་ཞི་གནས་ཇི་ལྟར་སྒོམ་མིན་གྱི་དཔེ་དེབ་བརྩམས། ཕྱི་ལོ་ ༢༠༡༩ རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོར་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་དང་། དགའ་ལྡན་ཁྲི་ཐོག་ཁང་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་རྗེ་ཐམས་ཅད་མཁྱེན་པའི་ལྟ་སྤྱོད་སྒོམ་སོགས་ཀྱི་བརྗོད་བྱ་འབྲེལ་བའི་དཔྱད་རྩོམ་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་བླངས། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ལྔ་པ་དང་དྲུག་པའི་ཐོག་ངོ་བཅར་གྱིས་གཏམ་བཤད་བྱས་དང་། རྒྱལ་སྤྱིའི་བོད་ཀྱི་རིག་པའི་ཚོགས་འདུ་ཆེ་ཆུང་གཉིས་ཀར་ཐེངས་འགའ་མཉམ་བཞུགས་བྱས། ཕྱི་ལོ ༢༠༠༩ ནས་ཀིརྟིའི་བྱེས་པ་གྲྭ་ཚང་དུ་དཔེ་འཁྲིད་དགྱེ་རྒན་བྱེད་མུས་བཅས། སློབ་སྦྱོང་གི་བརྒྱུད་རིམ་ཀྱི་ལོ་རྒྱུས་མདོར་བསྡུས་སུ། མིང་། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་། ལས་གནས། དཔེ་འཁྲིད་དགེ་རྒན། གྲྭ་ཚང་། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་།