Jump to content

ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན།

ཡོང་ཁུངས་Wikipedia

1982་ལོར་ཨ་རིའི་གཞུང་གིས་འགྲོ་གྲོན་བཏང་སྟེ་རྒྱང་སྲིང་འགན་འཛིན་ལྷན་ཚོགས་ཀྱི་བཀོད་འདོམས་འོག ཆེས་ཐོག་མར་ཨ་རིའི་རླུང་འཕྲིན་ཁང་འདི་སྐད་རིགས་སྣ་མང་ལ་རྒྱང་སྲིང་བྱེད་པའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཞིག་ལ་གྱུར་ཅིང་། གཟའ་འཁོར་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་1500་ཙམ་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གནས་བཅས་ཀྱི་ལེ་ཚན་རྒྱང་སྲིང་བྱེད་བཞིན་པ་དེ་ལ་ཉན་མཁན་མི་གྲངས་125000000་ཙམ་ཡོད།

ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་1990་ཕྱི་ཟླ་2་ཚེས་16་ཉིན་ཨ་རིའི་གྲོས་ཚོགས་ཀྱིས་བོད་མི་དམངས་ལ་རང་གི་སྐད་ཡིག་གི་རྒྱང་སྲིང་ལས་རིམ་ཞིག་འཛུགས་དགོས་པའི་བཅའ་ཁྲིམས་གཏན་འབེབས་གནང་སྟེ་ཚུགས་པ་ཞིག་ཡིན།

ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་བདུན་ཕྲག་རེར་ཆུ་ཚོད་གཉིས་རེའི་བརྙན་འཕྲིན་དང་ཆུ་ཚོད་༢༤་རེའི་རླུང་འཕྲིན་བོད་ལ་ཐད་ཀར་རྒྱང་སྲིང་བྱེད་བཞིན་ཡོད་ཅིང་། ང་ཚོའི་རླུང་འཕྲིན་དང་བརྙན་འཕྲིན་གྱི་ལས་རིམ་རྣམས་རྒྱང་སྲིང་བྱེད་པའི་སྐབས་སུ་དབྱིན་བོད་སྐད་ཡིག་གཉིས་ཀྱི་དྲ་རྒྱ་བརྒྱུད་ནས་ལྟ་ཉན་བྱེད་ཐུབ་པ་མ་ཟད། ཐད་ཀར་རྒྱང་སྲིང་བྱེད་ཀྱི་མེད་པའི་དུས་སུའང་དྲ་མཛོད་ནང་དུ་ལྟ་ཉན་བྱ་ཐུབ་པ་དང་། རྣམ་པ་ཚོ་RSS དང་ Podcasts ཕབ་ལེན། ལག་འཁྱེར་ཁ་པར་དང་Twitter འཕྲུལ་སྒྲ་བཅས་བརྒྱུད་ནས་ཀྱང་ལྟ་ཉན་བྱ་ཐུབ།

དྲ་རྒྱའི་མཐུན་རྐྱེན་མེད་པའི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཆེད་དུ་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་བརྙན་འཕྲིན་ཡུ་ཊུབ་དྲ་རྒྱ་བརྒྱུད་ནས་བལྟ་ཐུབ་པའི་མཐུན་རྐྱེན་བསྒྲུབས་ཡོད།

རྣམ་པ་ཚོའི་ཉིན་རེའི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ངོ་དེབ་ནང་དུའང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ལེ་ཚན་གསར་པ་ཅི་ཡོད་དབྱིན་བོད་སྐད་ཡིག་གཉིས་ཀར་བཀོད་ཡོད།

ང་ཚོ་བོད་སྐད་སྡེ་ཚན་གྱིས་ཨ་རིའི་རླུང་འཕྲིན་ཁང་གི་སྒྲིག་གཞི་ལ་རྩ་འཛིན་ཚུལ་བཞིན་བྱེད་དགོས་པས་གསར་འགྱུར་རྣམས་དྲང་བདེན་དང་ཕྱོགས་ལྷུང་མེད་པ། གསར་འགྱུར་རྣམས་ཆད་ལུས་མེད་པར་ཞིབ་རྒྱས་ཤིག་སྤེལ་དགོས་སོ།