ཨ་མྱེས་རྒོད་རྩེ་

ཡོང་ཁུངས་Wikipedia

ཨ་མྱེས་རྒོད་རྩེ Mt Amnye Gudtse

ཨ་མྱེས་རྒོད་རྩེ་འདིའི་གནས་རི་ནི་ཀ་རིང་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ3ཙམ་གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4489ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད36°05′ནས36°23′ཀྱི་མཚམས་དང་། ཤར་གྱི་གཞུང་ཚད101°27′ནས101°29′ཡི་མཚམས་ན་ཡོད། གནས་འདིར་རི་དྭགས་ཀྱི་རིགས་ལ་གླ་བ་དང་། གནའ་བ། དགོ་བ། ཤྭ་བ། ཁ་ཤྭ སྤྱང་ཀི ཝ། རི་བོང་། སྲེ་མོང་སོགས་ཡོད། འདབས་ཆགས་ཀྱི་རིགས་ལ་རྒོད་ཐང་དཀར་དང་། ཐང་ནག གླག ཁྲ་སོགས་ཡོད། སྐྱེ་དངོས་ཀྱི་རིགས་ལ་གསོམ་པ་དང་། ཤུག་པ། གླང་མ། སྐྱེར་བ། ཐང་ཕྲོམ། དབྱར་རྩྭ་དགུན་འབུ་སོགས་ཡོད། ཨ་མྱེས་རྒོད་རྩེ་ནི་སྲིད་པ་ཆགས་པའི་ལྷ་དགུའི་ནང་ཚན་ཞིག་ཡིན་པའི་ངག་རྒྱུན་ཡོད་པར་མ་ཟད། རྨ་ཆེན་སྦོམ་རའི་སྲས་ཤིག་ཀྱང་ཡིན་པར་གྲགས་ལ། སྒོ་མེ་ཚོ་དགུའི་བླ་རིའང་ཡིན་པར་གསུངས། སྒོ་མེ་ཚོ་བ་དག་གིས་ད་ལྟའི་བར་ལོ་རྒྱུན་དུ་མཆོད་བཀུར་བྱེད་ཀྱི་ཡོད་དོ། །གཞན་ཡང་། ཡུལ་འདི་གའི་སྔགས་རྒན་ཁྲོད་དུ་ཨ་མྱེས་རྒོད་རྩེ་ཡིས་ཟླ་བ་འབྱུང་ངོ་ཅོག་གི་དུས་ཆེན་དག་ཏུ་མཆོག་གསུམ་ལ་གར་འཆམ་གྱི་མཆོད་པ་འབུལ་བཞིན་པ་མངོན་སུམ་དུ་མཐོང་མྱོང་བའི་བཤད་རྒྱུན་ཡང་ཡོད་དེ། འདིའི་མཚན་ལ་དཀར་ཕྱོགས་སྐྱོང་བའི་གཞི་བདག་དགྲ་ལྷ་རྒོད་པོ་རྩེ་ཞེས་ཞུ་ལ། རྒོད་རྩེ་མར་མེ་རང་འབར་ཞེས་ཀྱང་བྱའོ། །གནའ་བོའི་དུས་སུ་ཨ་མྱེས་རྒོད་རྩེ་ཡི་ཉེ་འཁོར་ཀུན་ཏུ་ལྷ་ཤིང་ཤུག་པའི་ཚལ་ཚང་ཚིང་དུ་འཁྲིགས་ཡོད་པ་ལ། རྗེས་སོར་རྒྱུ་རྐྱེན་ཅི་ཡིན་ཆ་མ་འཚལ་བར་ནགས་ཚལ་དེ་མེ་དཔུང་གི་ཁྲོད་དུ་ཐིམ་གསུངས་ཤིང་། དེའི་རྟགས་སུ་ཁོ་ཚོས་ཆུང་ངུའི་དུས་སུ་རྒོད་རྩེ་རི་ཟོམ་དུ་ད་དུང་ཤུག་སྡོང་གི་རྩད་པ་ཚིག་རོ་དངོས་སུ་མཐོང་མྱོང་ཟེར།

ངག་རྒྱུན་ཁག་དང་པོ[རྩོམ་སྒྲིག]

སྔོན་དུས་ཨ་མྱེས་རྒོད་རྩེ་ཡིས་རང་ལ་ཆུང་མ་ཞིག་ལེན་དགོས་པར་བསམ་ནས་ཡར་མར་ལ་རྩད་བཅད་ཅིང་། ཉིན་ཞིག་ཁོས་གཞན་པའི་ཁ་ནས་ཙོང་ཁའི་སྐྱེས་རི་ལ་སྲས་མོ་ཡིད་དུ་འོང་བ་ཞིག་ཡོད་པ་ཤེས་ཏེ་རང་གི་ཆུང་མར་བསུ་བར་སེམས་ཐག་བཅད། དེ་བས་ཁོ་དང་ཙོང་ཁའི་སྐྱེས་རིའི་བར་ན་ཡོད་པའི་མགོན་པོ་བྲག་ནག་སྐྱེས་སྣ་གྱ་ནོམ་པ་དང་བཅས་སྲས་མོ་སློང་བར་མངགས། དེ་ནས་མགོན་པོ་བྲག་ནག་གིས་ཙོང་ཁའི་སྐྱེས་རིར་སྲས་མོ་བསླངས་པས། ཨ་མྱེས་རྒོད་རྩེ་ལ་མནའ་མར་སྟེར་རྒྱུའི་ཁས་བླངས། མགོན་པོ་བྲག་ནག་གིས་སྲས་མོ་དེའི་མཚར་སྡུག་གི་ལང་ཚོ་མཐོང་བས་རང་གི་ཆུང་མར་ལེན་ཐུབ་ན་ཅི་མ་རུང་སྙམ། ཕྱིར་ལོག་པའི་ལམ་དུ་མགོན་པོ་བྲག་ནག་གིས་རང་གི་གཡོ་འཕྲུལ་གྱི་མཐིལ་བརྟོལ་བར་དོགས་ཏེ་འཚབ་འཚུབ་ཀྱིས་སམ་བྷའི་བྲག་སྣེ་དང་མཚོ་འཁྱིལ་སྒང་བསྐོར་ནས་འགྲོ་སྐབས། ཙོང་ཁའི་སྐྱེས་རིས་ཁོ་ལ་བསྐུར་བའི་གཉེན་རྟགས་ཀྱང་སྟབས་མ་ལེགས་པར་སར་ལྷུང་བ་ལྕང་ར་སྐེ་ཀྱཱའི་ཕྱོགས་སུ་འགྲོ་བའི་ལམ་ཁར་དབྱིབས་ནར་མོ་ཅན་གྱི་ཕ་བོང་དཀར་པོ་ཞིག་ཡོད་པ་དེ་ཡིན་ཟེར། དུས་དེར་ཨ་མྱེས་རྒོད་རྩེ་ཡིས་མགོན་པོ་བྲག་ནག་འཚུབ་འཚུབ་ཀྱིས་རང་ལ་གཞའ་ནས་འགྲོ་བཞིན་ཡོད་པ་མཐོང་བའི་མོད་ལ་དེས་རང་ལ་མགོ་བསྐོར་གཏོང་གི་ཡོད་པ་མཁྱེན་ནས་མདའ་ཞིག་འཕངས་བ་མགོན་པོ་བྲག་ནག་གིས་མགོ་སྒུར་ཏེ་ཤོར་བས། དེང་སང་མགོན་པོ་བྲག་ནག་གི་དབུ་རྩེ་མར་ལ་སྒུར་འདུག་པ་ཡང་དེའི་རྐྱེན་གྱིས་ཡིན་ཟེར།

ངག་རྒྱུན་ཁག་གཉིས་པ[རྩོམ་སྒྲིག]

བསང་ཡིག་[རྩོམ་སྒྲིག]

རྒོད་རྩེ་གཞི་བདག་གི་བསང་མཆོད། ༄༅། །ཀྱེེ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནི། །སྤྲུལ་བ་ཀུན་གྱིས་རྣམ་རོལ་བ། །དངོས་གྲུབ་འདོད་དགུའི་སྦྱིན་མཛད་པ། །པདྨ་འབྱུང་གནས་སྤྱི་བོར་མཆོད། །མདོ་སྨད་ཡུལ་གྱི་ལྟེ་བ་ན། །ས་འཛིན་མཐོན་པོར་རབ་བརྩེགས་པ། །བརྟན་ཅིང་བརྗིད་ཆགས་རྒོད་རྩེ་ཆེ། །མང་དུ་ཆགས་པའི་སྤོ་བརྟེན་པའི། །རིན་ཆེན་གཞལ་མེད་ཁང་ཆེན་ནས། །དཀར་ཕྱོགས་སྐྱོངས་པའི་མཐུ་རྩལ་ཅན། །ལྷ་རྒྱལ་དགེ་བསྙེན་ཆེན་པོ་ནི། །འཁོར་དང་བཅས་བ་ད་ཚུར་བྱོན། །མདུན་དུ་སྤྲིན་དཀར་ཕུང་བོ་དང་། །འཁྲུགས་པའི་འཇའ་ཚོན་གུར་ཁྱིམ་དབུས། །རྫུ་འཕྲུལ་རྟ་མཆོག་འཕྱོ་བའི་སྟེང་། །ལྷ་ཡི་དགེ་བསྙེན་དམ་ཚིག་ཅན། །སྐུ་མདོག་རབ་དཀར་ཕྱག་གཡས་ཀྱིས། །མདུང་དར་ནམ་མཁའི་དབྱིངས་སུ་འཕྱར། །ཕྱག་གཡོན་ཞགས་པའི་དགྲ་བགེགས་འཆིང་། །འཇིགས་རུང་དཔའ་བོ་ཆོས་ཀྱིས་བརྒྱན། །རེ་འགའ་མ་རུང་འདུལ་བའི་ཕྱིར། །བཙན་དང་ཀླུ་སྲིན་ཁྲོས་པའི་ཚུལ། །ཅི་ཡང་སྟོན་པའི་དམག་འཕྲུལ་མཁན། །མཆེད་ལྕམ་བཙུན་མོ་སྲས་རྣམས་དང་། །ལྷ་སྲིན་དམག་དཔུང་འཁོར་ཚོགས་བཅས། །འཕྲིན་ལས་བསྒྲུབས་ཕྱིར་བརྟན་པོར་བཞུགས། །ཀྱེེ་ཨ་ཀར་ཙན་ཏན་སྤོས་ཤུགས་སོགས། །དྲི་ཞིམ་སྤོས་སྣ་བརྒྱ་ཕྲག་སོགས། །བསྲེགས་པའི་དུད་སྤྲིན་ནམ་མཁའི་ཁྱོན། །གང་ནས་ལྷ་རྒྱལ་འཁོར་བཅས་བསང་། །འབྲས་ཆང་རྒུན་ཆང་འབྲུ་སྣའི་ཆང་། །རོ་བརྒྱའི་བཅུད་ལྡན་གསེར་སྐྱེམས་སོ། །བཏུང་བ་མཚོ་ལྟར་འཁྱིལ་བ་འདི། །ལྷ་ཡི་དམག་དཔུང་འཁོར་བཅས་མཆོད། །མྱུར་བའི་བང་ལྡན་རྟ་མཆོག་དང་། །བརྗིད་ཆགས་སྟོབས་ཆེན་བཞོན་པའི་ཚོགས། །མཛེས་པའི་རྒྱན་ལྡན་ར་དང་ལུག །འཁོར་བཅས་དགྱེས་པ་སྐྱེད་ཕྱིར་འབུལ། །སྲ་བཙན་རྡོ་རྗེ་གོ་ཁྲབ་དང་། །ཕོ་རོལ་འཇོམས་པའི་མཚོན་ཆ་དང་། །རུ་མཚོན་ཕྱར་དང་སྣ་ཚོགས་དང་། །འཕྲིན་ལས་བསྒྲུབ་ཕྱིར་དབུལ་བར་བགྱི། །དཀར་གསུམ་མངར་གསུམ་གཙང་མས་ཕུལ། །ཤ་ཁྲག་མཆོད་གཏོར་རྒྱ་མཚོ་འདི། །ཟག་མེད་བདུད་རྩི་བྱིན་རླབས་ནས། །འབུལ་བར་དགྱེས་བཞིན་བཞེས་སུ་གསོལ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀྱིས། །ནད་གདོན་བར་ཆད་ཀུན་ཞི་ཞིང་། །ཚེ་དཔལ་བསོད་ནམས་རྒྱས་པ་དང་། །ཁམས་གསུམ་དབང་དུ་བསྡུད་པ་དང་། །གནོད་པའི་སེམས་འཆང་དགྲ་དང་བགེགས། །མི་དང་མི་མིན་བཅས་པ་ཀུན། །ལོ་ཟླ་ཞག་དུས་མ་བཞག་པར། །སྙིང་ཁྲག་འཐུང་ལ་ཚར་གཅོད་མཛོད། །མདོར་ན་སློབ་དཔོན་ཆེན་པོ་ཡི། །དངོས་བརྒྱུད་བླ་མའི་བཀའ་བསྒོས་ཤིང་། །ཁས་བླངས་དམ་བཅའ་མ་གཡེལ་བར། །འཕྲིན་ལས་མ་ལུས་གྲུབ་པར་མཛོད། །སརྦ་མངྒ་ལཾ། བཀྲ་ཤིས་པར་གྱུར་ཅིག །ཅེས་མཆོད་གསོལ་བྱེད། ཨ་མྱེས་རྒོད་རྩེ་མཐོན་པོ་ནི་སྒོ་མེ་ས་ཆའི་ཡུལ་ལྷ་གཞི་བདག་ཡིན་པ་དང་། ཨ་མྱེས་རྨ་ཆེན་གྱི་འཁོར་ལ་གཏོགས་ཤིང་། ལྷ་ཀླུ་གཉན་གསུམ་ལས་གཉན་གྱི་གྲས་སུ་འཇོག་དགོས་པའོ། །