ཨ་མྱེས་མཚོ་རྒན

ཡོང་ཁུངས་Wikipedia

ཨ་མྱེས་མཚོ་རྒན་ནི་ཚྭ་མེད་མཚོ་ཞིག་ཡིན་ཞིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཆ་སྐོར་ཡུལ་ཚོ་སྲིད་གཞུང་ནས་ཤར་ཕྱོགས་སུ་སྤྱི་ལེ7ཙམ་ཕྱིན་པའི་མཚམས་ཀྱི་མཚོ་རྒན་ཚོ་བའི་ས་ཐོག་ཏུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3681དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ500ལྷག་ཡོད།


ཨ་མྱེས་མཚོ་རྒན་ནི་ཚྭ་མེད་མཚོ་ཞིག་ཡིན་ཞིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཆ་སྐོར་ཡུལ་ཚོ་སྲིད་གཞུང་ནས་ཤར་ཕྱོགས་སུ་སྤྱི་ལེ7ཙམ་ཕྱིན་པའི་མཚམས་ཀྱི་མཚོ་རྒན་ཚོ་བའི་ས་ཐོག་ཏུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3681དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ500ལྷག་ཡོད། མཚོ་དབྱིབས་གྲུ་བཞི་ནར་མོའི་གཟུགས་སུ་སྣང་ཞིང་། ངག་རྒྱུན་ལ་མཚོ་སྔོན་མོ་གཡུ་ཡི་མེ་ལོང་། རི་རྨ་རྒྱལ་སྦོམ་རའི་ལྟེ་ཁྲག་ཟེར་སྲོལ་ཡོད་ལ། མཚོ་འདིར་འཕེལ་འགྲིབ་སྣ་ཚོགས་ཤིག་བྱུང་མྱོང་ཞིང་། ཤར་སྐྱབས་མགོན་དང་ཁྲི་རྒན་འཇམ་པའི་དབྱངས། ཨ་ལགས་གྲུབ་དབང་རྣམ་པ་སོགས་ཀྱིས་གྲིབ་སེལ་གནང་ནས་ཕན་ཆེན་པོ་ཐོགས་པར་བཤད། མཚོ་འདིར་ཡང་དབྱར་གྱི་དུས་སུ་ངང་ངུར་སོགས་ཆུ་བྱའི་རིགས་དང་། སྦལ་ལྕོང་སོགས་སྲོག་ཆགས་ཀྱི་རིགས་མང་པོ་ཡོད།