ཨ་མ་ཚེ་རིང་
མཐོང་རིས་
(ཨ་མ་སེ་རིལ) ཨ་མ་ཚེ་རིང་ནི་སྤྱི་ལོའི་དུས་རབས་ཉི་ཤུ་པའི་འགོར་མལ་གྲོ་གུང་དཀར་རྫོང་ཁོངས་འབྲི་གུང་ཁུལ་དུ་ཞིང་པའི་ཁྱིམ་ཚང་ཞིག་ཏུ་བཙས་ཤིང་། འབྲི་གུང་གི་ལྷ་མོ་བའི་ནང་ཞུགས་ནས་ལྷ་མོ་འཁྲབ། དེ་རྗེས་སྐྱོར་མོ་ལུང་གི་ལྷ་མོ་བའི་སྐྱིད་སྡུག་ལ་བཅུག་པ་དང་། ཁོང་གིས་ལྷ་མོའི་འཁྲབ་རྩལ་ལེགས་པར་སྦྱངས་ནས་ཕོ་འཁྲབ་མོ་འཁྲབ་ཚང་མ་ཤེས་པ་མ་ཟད། སྐད་གདངས་སྙན་ལ་མགྲིན་ཁུག་ཡག་པ་སོགས་ཡོད་སྟབས་ཕོ་མོའི་འཁྲབ་སྟོན་གང་ཡང་བྱེད་ལ་རྒྱ་ལུའི་འགན་ཡང་འཁུར་བ་རེད། རབ་བྱུང་བཅུ་དྲུག་པའི་ས་ཕག(༡༩༥༩)ལོར་སྐྱོར་མོ་ལུང་ལྷ་མོ་ཚོགས་པ་དེ་བོད་ལྗོངས་ལྷ་མོ་ཚོགས་པར་བསྒྱུར་བ་ནས་སྔ་རྗེས་སུ་ཨ་མ་ཚེ་རིང་གིས་ཚོགས་གཙོ་གཞོན་པ་དང་། ཚོགས་གཙོའི་འགན་འཁུར་ཏེ་བོད་ཀྱི་ལྷ་མོར་བཅོས་སྒྲིག་བྱེད་པའི་ནང་ཞུགས་པ། ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་སོགས་བྱས་ཤིང་། ཆུ་ཕག(༡༩༨༣)ལོར་སྐུ་འདས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།