ཨ་ཕོ་ལོ་རྟགས་ཅན་འཕུར་གྲུ་
མཐོང་རིས་
ཨ་མེ་རི་ཁའི་ཨ་ཕོ་ལོ་འཆར་གཞི་ཡི་ནང་གི་འཇིག་རྟེན་འཕུར་གྲུ་སྟེ། སྤྱིའི་མཐོ་ཚད་ལ་སྨི༢༥་ཡོད་ཅིང་ལྗིད་ཚད་ལ་ཏུན༥༠ཐམ་པ་ཡོད། དེ་ལ་ཟླ་འཛེག་གྲུ་ཤག་དང་བཀོད་འདོམས་གྲུ་ཤག་དང་རོགས་སྐྱོར་གྲུ་ཤག་དང་ཉེན་གཡོལ་བསྒྲིག་ཆས་ཏེ་ཆ་ཤས་བཞི་ཡོད། ༡༩༦༦ལོ་ནས༡༩༧༢བར་དུ་འདི་ལྟ་བུའི་འཕུར་གྲུ༡༧མཁའ་དབྱིངས་སུ་བཏང་ལ། ཨ་ཕོ་ལོ་ཞེས་པ་ནི་ཧེ་ལུན་(Hellene)གྱི་སྒྲུང་ནང་གི་ཉི་མའི་ལྷ་སྟེ། ཧེ་ལུན་རིག་གནས་ཀྱི་སྲུང་མ་ཡིན་ཞེས་ཟེར་རོ། །