ཨ་ནུ་རཀྟོ་
"ཨ་ནུ་རཀྟོ" ཞེས་པ་རྡོ་རྗེ་སེམས་དཔའི་ཡིག་བརྒྱའི་ནང་གི་སྔགས་ཚིག་ཞིག་གི་ཆ་ཤས་ཡིན།
སྒྲ་དོན།
[རྩོམ་སྒྲིག]"ཨ་ནུ་ནི་རྗེས་སུ། རཀྟོ་ནི་ཆགས་པར།"[༡] དེས་ན་"རྗེས་སུ་ཆགས་པར་"ཞེས་པའི་དོན་ཡིན།
གོ་དོན་གཏིང་ཟབ།
[རྩོམ་སྒྲིག]ཀུན་རྫོབ་ཀྱི་ངོས་ནས།
[རྩོམ་སྒྲིག]"ཀུན་རྫོབ་ཏུ་སྙིང་ནས་མོས་གུས་སྐྱོ་ཤས་དད་པ་ཚད་མེད་པའི་སྒོ་ནས་ཐུགས་རྗེ་ཆེན་པོས་སྐྱོབ་པར་བསྐུལ་བ།"[༢]
དོན་དམ་པའི་ངོས་ནས།
[རྩོམ་སྒྲིག]"དོན་དམ་པར་ནི་ཐ་མལ་པའི་འཁོར་གསུམ་རྟོག་པའི་ཆགས་པའི་དྲི་མ་སྤངས་པའི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཡེ་ཤེས་ཆོས་ཀྱི་སྐུ་ནམ་མཁའ་དང་དབྱེར་མེད་རོར་རོ་གཅིག་པར་ངང་དུ་སེམས་འཇོག་པ་ལ་བྱ་སྟེ།"[༣]
ཆགས་པ་ཆེན་པོའི་དོན།
[རྩོམ་སྒྲིག]"སྒྱུ་འཕྲུལ་ལས། ཆགས་བྲལ་ལ་སོགས་ཆགས་པ་ཆེ། ཞེས་གསུངས་པ་ལྟར་སྤྲུལ་སྐུ་ཆགས་བྲལ་གྱི་ཚུལ་མིན་པ་རྡོ་རྗེ་ཆགས་པ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་ཕུན་སུམ་ཚོགས་ངེས་པ་ལྔ་ལྡན་གྱི་སྒོ་ནས་ཆགས་པ་ཅན་གྱི་རྣམ་པར་བཞེངས་པའི་རྡོ་རྗེ་སེམས་དཔའ་ཁྱོད་བདག་ལ་རྗེས་སུ་བརྩེ་བར་མཛོད་ཅིག་ཅེས་པའོ།།"[༤]
"དོན་དུ་ཆགས་པའི་དྲི་མ་རིང་དུ་སྤངས་པའི་ཟུང་འཇུག་གི་སྙིང་རྗེས་ཆེན་པོ་ལ་རྡོ་རྗེ་ཆགས་ཆེན་ཞེས་བཏགས་པ་དེས་"[༥]
"བྱང་ཆུབ་མ་ཐོབ་བར་བདག་རྗེས་སུ་ཆགས་པའམ་བརྩེ་བས་མ་འདོར་ཞིང་།"[༦]
ཀློག་ཚུལ།
[རྩོམ་སྒྲིག]"ར་ཡིག་དང་ཝ་ཡིག་དག་དབྱངས་དང་ལྡན་པ་ཡིན་པས་རང་ཚོ་ཐུབ་པར་བཀླག་དགོས་ཀྱི། དེ་ལས་བཟློག་སྟེ་ཛར་དང་ཏོ་ཞེས་ཀློག་པ་ནི་རྣམ་པར་འཁྱམས་པའོ།"[༧]
གནད་བསྡུས་དོན་འགྲེལ།
[རྩོམ་སྒྲིག]"ཨ་ནུ་རཀྟོ"ཞེས་པ་ནི་"རྗེས་སུ་ཆགས་པར་"ཞེས་པའི་དོན་ཡིན་ཞིང་། འདིའི་"ཆགས་པ"ནི་ཐ་མལ་པའི་ཆགས་པ་མིན་པར། སེམས་ཅན་ཐམས་ཅད་ལ་དམིགས་པ་མེད་པའི་སྙིང་རྗེས་བརྩེ་བ། སངས་རྒྱས་རྡོ་རྗེ་སེམས་དཔའི་ཐུགས་རྗེ་ཆེན་པོའི་རྣམ་འགྱུར་ཞིག་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་།
- ↑ ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་།