Jump to content

ཨ་ཇན་ཏ་

ཡོང་ཁུངས་Wikipedia

དེ་ནི་རྒྱ་གར་གྱི་གནས་མཆོག་ཅིག་སྟེ། བྷོམ་བྷེ་དང་མི་རིང་བའི་སར་གནས་ཡོད་ཅིང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། དེ་ནི་དེང་སང་འཇིག་རྟེན་ན་གྲགས་པའི་གནས་ངོ་མཚར་ཅན་ཏེ་ཕྱི་བྲག་རི་ལ་ནང་གཙུག་ལག་ཁང་ཆེ་ཆུང་སྣ་ཚོགས་པར་ཡོད་པ། ལྡེབས་རིས་ལ་སྟན་པའི་རྣམ་ཐར་དང་སྐྱེས་རབས་ཀྱི་རི་མོ་ངོ་མཚར་བས་བརྒྱད་པ། ནང་གི་ཀ་གདུང་ལ་སོགས་པའི་ལྷ་ཁང་དེ་དག་ཐམས་ཅད་ཀྱང་བྲག་རིལ་པོ་གཅིག་ལས་བཟོས་པ་སོགས་བློའི་ཡུལ་ལས་འདས་པའི་ངོ་མཚར་ཅན་དེ་འཛམ་བུ་གླིང་གི་སའི་སྙིང་པོ་ལྟ་བུ་ཡིན་ནོ། །བྲག་ཕུག་དེར་དེང་སང་གླིང་ཆེན་དྲུག་གི་མི་ཐམས་ཅད་ཟམ་མ་ཆད་པར་འགྲོ་ཞིང་ནང་ཐམས་ཅད་དུ་གློག་ཡང་སྤར་ཡོང་ཞེས་གསུངས་སོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།