Jump to content

ཧྭང་ཇེའུ་

ཡོང་ཁུངས་Wikipedia

(杭州)སྔར་་ཀྲེ་ཅང་ཞིང་ཆེན་གྱི་ཧང་ཀྲའུ་ལ་སུང་རྒྱལ་རབས་ཀྱི་ཁའི་ཧོང་ཁྲི་ལོའི་དུས་དཀྱིལ་དུ་ཀྲའུ་རིམ་པའི་སྲིད་གཞུང་གི་གནས་ཡུལ་དང་ཐང་རྒྱལ་རབས་ཀྱི་སྐབས་ཆེན་ཐང་ཞེས་མིང་བསྒྱུར་བྱས། རྒྱལ་རབས་ལྔའི་(五代)སྐབས་སུ་ཝུ་གཡོད་(吴越)རྒྱལ་ཁབ་ཀྱི་རྒྱལ་ས་བྱས་ཤིང་མིང་ལ་ཤིས་ཧྥུ་(西府)ཟེར། སུང་ལྷོ་མའི་རྒྱལ་ཁབ་ཀྱི་སྐབས་སུ་ཅིའན་ཡན་(建炎)ཁྲི་ལོ་གསུམ་པར་ནན་ཅིན་ནས་འདིར་རྒྱལ་ས་སྤོས་ཤིང། མིང་ལ་ལོན་ཨན་(临安府)ཟེར། ཡོན་རྒྱལ་རབས་ཀྱི་སྐབས་སུ་ཀླུ་(路)རིམ་པའི་སྲིད་གཞུང་དུ་བསྒྱུར་ཏེ་ཧང་ཀྲའུ་ཀླུ་(杭州路)ཟེར། མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ་ཧྥུ་(府)རིམ་པའི་སྲིད་གཞུང་གནས་ཡུལ་ཡིན་ལ། རྒྱལ་ཡོངས་བཅིངས་འགྲོལ་ཐོབ་རྗེས་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གནས་ཡུལ་ཡིན། ས་གནས་དེར་སྔར་དར་གོས་འཐག་ལས་ཀྱི་ལྟེ་གནས་རེད།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།