ཧོར་སྟོན་ནམ་མཁའ་དཔལ་བ་
མཐོང་རིས་
རྗེ་འདི་ནི་མལ་གྲོ་ཡུལ་དུ་རབ་བྱུང་དྲུག་པའི་ཆུ་གླང་(༡༣༧༣)ལོར་སྐུ་བལྟམས། འཇམ་མགོན་བླ་མ་ཙོང་ཁ་ཆེན་པོས་དབུས་མཁས་གྲུབ་ཀྱི་བཤེས་གཉེན་ཆེན་པོ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་གཞུང་ལུགས་མཐའ་ཡས་པར་ཐོས་བསམ་དཔྱིས་ཕྱིན་གནང་བས་མཁས་པ་ཆེན་པོར་གྱུར། དགའ་ལྡན་བྱང་རྩེ་གྲྭ་ཚང་ཕྱག་བཏབ་སྟེ་ཆོས་ཟུར་འཆད་མཛད་པས་རྗེ་དགེ་འདུན་གྲུབ་པ་སོགས་མཁས་གྲུབ་མང་པོས་ཆོས་ཞུས། 《ཐེག་པ་ཆེན་པོའི་བློ་སྦྱོང་སྙན་རྒྱུད་ཆེན་མོའི་རྣམ་བཤད་ཉི་མའི་འོད་ཟེར་》ཞེས་བྱ་བ་བཀའ་རྩོམ་མཛད། འགོལ་གནས་སུ་ཡང་དབེན་བཏབ་སྟེ་དགུང་ལོ་དོན་ལྔ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་མེ་ཡོས་(༡༤༤༧)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།