ཧཱུྃ་
བོད་ཀྱི་ནང་པའི་རིག་གཞུང་ནང་དུ་ཧཱུྃ་ཞེས་པ་ནི་ཐུགས་རྡོ་རྗེའི་ས་བོན་དང་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་བྱེད་ཀྱི་ཡིག་འབྲུ་གལ་ཆེན་ཞིག་ཡིན། གསང་སྔགས་ཀྱི་གཞུང་ནང་ཧཱུྃ་ཡིག་གིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་དང་། ཡེ་ཤེས་ལྔ་འདུས་པའི་རང་བཞིན། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་བཅས་མཚོན་པར་བྱེད།
ངེས་ཚིག
[རྩོམ་སྒྲིག]སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། "ཧཱུཾ་ཞེས་པ་དེ་བཞིན་གཤེགས་པ་རིགས་ལྔ་ཀ་ལ་རྒྱས་འདེབས་པར་བྱེད་པ་རྡོ་རྗེ་སེམས་དཔའི་ས་བོན་ཏེ་ཕུང་པོ་ལྔ་ལ་སོགས་པ་རྣམ་པར་དག་པའི་རང་བཞིན།"[༡]
མཚོན་དོན
[རྩོམ་སྒྲིག]ཨ་ཁུ་ཤེས་རབ་རྒྱ་མཚོས་གསུངས་པ་ལྟར། "ཧཱུཾ་བདེ་ཆེན་གྱི་ཡེ་ཤེས།"[༢]
མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས། "ཧཱུྃ་ནི་ཐུགས་ཡེ་ཤེས་ཆེན་པོ་མཚོན་པའོ།"[༣] ཞེས་དང་།
"ཧཱུྂ་ནི་ཐུགས་སྲོག་ཡེ་ཤེས་ཀྱི་ངོ་བོ། སྡུག་བསྔལ་འཆོས་ཤིང་འཇོམས་པ། བདག་རྟོག་གསོད་ཅིང་སྲིད་པའི་འཆིང་ཞགས་གཅོད་པར་བྱེད་པའི་རང་བཞིན་ཏེ།"[༤]
ཡི་གེའི་ཆ་ཤས་ཀྱི་དོན
[རྩོམ་སྒྲིག]སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། "ཧ་ཡིག་བཞི་ནི་དགའ་བཞི་རྣམ་པར་དག་པའི་རང་བཞིན། ཧོཿཡིག་ནི་ཡུལ་གཟུགས་ལ་སོགས་པ་དང་ཡུལ་ཅན་མིག་ལ་སོགས་པ་དྲུག་རྣམ་པར་དག་པའི་རང་བཞིན་ཏེ།"[༥]
ཨ་ཁུ་ཤེས་རབ་རྒྱ་མཚོས "ཧ་བཞི་དང་ཉོ་སྟེ་ཡེ་ཤེས་ལྔ་དང་། དེ་ཐམས་ཅད་གཅིག་ཏུ་འདུས་པ་ཐུགས་རྡོ་རྗེ་བདེ་སྟོང་དབྱེར་མེད་གྱི་ས་བོན་བྷཱུཾ་མོ།"[༦]
རྒྱུད་གཞུང་གི་ལུང་དྲངས་པ
[རྩོམ་སྒྲིག]རྒྱུད་རྡོ་རྗེ་རྩེ་མོ་ལས། "ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། གདུག་པ་སྔགས་ཀྱིས་གསོད་བྱེད་ཅིང་། སྲིད་པའི་ཞགས་པ་གཅོད་པར་བྱེད། ཧཱུྂ་ནི་མཆོག་ཏུ་དྲན་པར་བྱས།"[༧]
ཡེ་ཤེས་ལྔ་དང་འབྲེལ་བ
[རྩོམ་སྒྲིག]མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས། "ཧཱུྃ་ནི་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་རྫོགས་པ་ཆེན་པོ་སངས་རྒྱས་ཀྱི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་མཚོན་ཏེ། དེ་ནི་ཡེ་ཤེས་ལྔ་དང་དེ་བཞིན་གཤེགས་པ་རིགས་ལྔ་ལ་རྒྱས་གདབ་པའམ་དེའི་ངང་དུ་གཞི་ལམ་འབྲས་གསུམ་རྫོགས་པའམ་དེའི་སྤྱི་གཟུགས་ཉིད་ཡིན་པར་མཚོན་ཏེ།"[༨]
ཡིག་བརྒྱ་ནང་གི་གནས་དང་དགོས་པ
[རྩོམ་སྒྲིག]པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། "དཔལ་དེ་ཇི་ལྟ་བུ་ཞེ་ན། ཧཱུཾ་ནི་ཐུགས་རྡོ་རྗེའི་ས་བོན་དང་། ཧ་བཞི་ཧོ་དང་ལྔས་ནི་ཡེ་ཤེས་ལྔ་མཚོན།"[༩]
མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས། "ཡིག་བརྒྱའི་ཐོག་མར་སྐུ་རྡོ་རྗེ་མཚོན་པའི་ཡིག་འབྲུ་ཨོཾ་དང་། མཇུག་ཏུ་གསུང་རྡོ་རྗེའི་ཡིག་འབྲུ་ཨཱཿདང་། ཐ་མར་ཐུགས་རྡོ་རྗེའི་ཡིག་འབྲུ་ཧཱུྃ།"[༡༠]
འབྲེལ་ཡོད་ཤོག་ངོས།
[རྩོམ་སྒྲིག]ལུང་ཁུངས།
[རྩོམ་སྒྲིག]- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ། ཤོག་གྲངས་༧།
- ↑ ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཤོག་གྲངས་༢།
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༥།
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༦།
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ། ཤོག་གྲངས་༨
- ↑ ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཤོག་གྲངས་༢།
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༦།
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༧།
- ↑ པཎ་ཆེན་བློ་བཟང་ཆོས་རྒྱན། ཡི་གེ་བརྒྱ་པའི་འགྲེལ་པ། ཤོག་གྲངས་༣།
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༢༧།
དཔྱད་གཞིའི་ཡིག་ཆ།
[རྩོམ་སྒྲིག]- པཎ་ཆེན་བློ་བཟང་ཆོས་རྒྱན། ཡི་གེ་བརྒྱ་པའི་འགྲེལ་པ།
- སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ།
- ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
- མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།