ཧཱུཾ་
ཧཱུཾ་ཡིག་ནི་གསང་སྔགས་ཀྱི་ཡི་གེ་གལ་ཆེན་ཞིག་ཡིན་ཏེ། ཡིག་བརྒྱ་པའི་སྔགས་ནང་དུ་མཇུག་ཏུ་འབྱུང་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ས་བོན་དང་། རྡོ་རྗེ་སེམས་དཔའི་སྙིང་པོའི་ཡི་གེ་ཡིན། འདི་ནི་བདེ་བ་ཆེན་པོའི་ཡེ་ཤེས་དང་། རིག་སྟོང་ཟུང་འཇུག་གི་དོན་གཉིས་ཀ་མཚོན་པར་བྱེད་པའི་གནད་ཅན་གྱི་སྔགས་ཡིག་ཅིག་ཡིན།
ཐུགས་རྡོ་རྗེའི་ས་བོན།
[རྩོམ་སྒྲིག]ཧཱུཾ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ས་བོན་ཡིན་ཏེ། "ཧཱུཾ་ནི་ཐུགས་རྡོ་རྗེའི་ས་བོན་དང་། ཧ་བཞི་ཧོ་དང་ལྔས་ནི་ཡེ་ཤེས་ལྔ་མཚོན།"[༡] ཞེས་གསུངས་པ་ལྟར་རོ། དེའང་"ཧཱུྂ་ནི་ཐུགས་སྲོག་ཡེ་ཤེས་ཀྱི་ངོ་བོ།"[༢] ཡིན་པར་གསུངས།
རྡོ་རྗེ་སེམས་དཔའི་ས་བོན།
[རྩོམ་སྒྲིག]"ཧཱུཾ་ཞེས་པ་དེ་བཞིན་གཤེགས་པ་རིགས་ལྔ་ཀ་ལ་རྒྱས་འདེབས་པར་བྱེད་པ་རྡོ་རྗེ་སེམས་དཔའི་ས་བོན་ཏེ་ཕུང་པོ་ལྔ་ལ་སོགས་པ་རྣམ་པར་དག་པའི་རང་བཞིན།"[༣] ཞེས་གསུངས་པ་ལྟར་རྡོ་རྗེ་སེམས་དཔའི་མཚན་བྱེད་ཀྱི་ཡི་གེ་གཙོ་བོ་ཡིན།
ཡེ་ཤེས་ཀྱི་མཚོན་དོན།
[རྩོམ་སྒྲིག]ཡེ་ཤེས་ལྔ་མཚོན་པ།
[རྩོམ་སྒྲིག]ཧཱུཾ་ཡིག་གིས་ཡེ་ཤེས་ལྔ་མཚོན་པར་བྱེད་དེ། "ཧ་བཞི་དང་ཉོ་སྟེ་ཡེ་ཤེས་ལྔ་དང་། དེ་ཐམས་ཅད་གཅིག་ཏུ་འདུས་པ་ཐུགས་རྡོ་རྗེ་བདེ་སྟོང་དབྱེར་མེད་གྱི་ས་བོན་བྷཱུཾ་མོ།"[༤] ཞེས་གསུངས།
བདེ་བ་ཆེན་པོའི་ཡེ་ཤེས།
[རྩོམ་སྒྲིག]"ཧཱུྃ་གིས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན།"[༥] ཞེས་དང་། "ཧྰུཾ་བདེ་ཆེན་གྱི་ཡེ་ཤེས།"[༦] ཞེས་གསུངས་པ་ལྟར་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་མཚོན་བྱེད་ཡིན།
རིག་སྟོང་ཟུང་འཇུག་གི་ཡེ་ཤེས།
[རྩོམ་སྒྲིག]"ཧཱུྃ་ནི་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་རྫོགས་པ་ཆེན་པོ་སངས་རྒྱས་ཀྱི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་མཚོན་པ་སྟེ།"[༧] ཞེས་གསུངས་པ་ལྟར་རྫོགས་པ་ཆེན་པོའི་ལྟ་བ་མཚོན་པར་བྱེད།
ནུས་པ་དང་བྱེད་ལས།
[རྩོམ་སྒྲིག]སྡུག་བསྔལ་འཇོམས་བྱེད།
[རྩོམ་སྒྲིག]རྒྱུད་རྡོ་རྗེ་རྩེ་མོ་ལས། "ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། གདུག་པ་སྔགས་ཀྱིས་གསོད་བྱེད་ཅིང་། སྲིད་པའི་ཞགས་པ་གཅོད་པར་བྱེད། ཧཱུྂ་ནི་མཆོག་ཏུ་དྲན་པར་བྱས།"[༨] ཞེས་གསུངས་པ་ལྟར་སྡུག་བསྔལ་དང་སྲིད་པའི་འཆིང་བ་འཇོམས་པའི་ནུས་པ་དང་ལྡན།
རིགས་ལྔ་ལ་རྒྱས་འདེབས་པ།
[རྩོམ་སྒྲིག]"དེ་ནི་ཡེ་ཤེས་ལྔ་དང་དེ་བཞིན་གཤེགས་པ་རིགས་ལྔ་ལ་རྒྱས་གདབ་པའམ་དེའི་ངང་དུ་གཞི་ལམ་འབྲས་གསུམ་རྫོགས་པའམ་དེའི་སྤྱི་གཟུགས་ཉིད་ཡིན་པར་མཚོན་ཏེ།"[༩] ཞེས་གསུངས།
ལུང་ཁུངས།
[རྩོམ་སྒྲིག]- ↑ པཎ་ཆེན་བློ་བཟང་ཆོས་རྒྱན། ཡིག་བརྒྱའི་འགྲེལ་པ། Wikisource
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། Wikisource
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་། Wkisource
- ↑ ཨ་ཁུ་དཔལ་ལྡན་ཤེས་རབ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། Wikisource
- ↑ པཎ་ཆེན་བློ་བཟང་ཆོས་རྒྱན། ཡིག་བརྒྱའི་འགྲེལ་པ། Wikisource
- ↑ ཨ་ཁུ་དཔལ་ལྡན་ཤེས་རབ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། Wikisource
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། Wikisource
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། Wikisource
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། Wikisource