Jump to content

ཧན་ཝན་ཧད་

ཡོང་ཁུངས་Wikipedia

བོད་རྒྱལ་སྲོང་བཙན་སྒམ་པིའི་སྙུན་གསོ་ཕྱིར་རྒྱ་ནག་ནས་གདན་དྲངས་པའི་སྨན་པ་མཁས་པ་ཞིག་འདིས་རྒྱ་ནག་གི་གསོ་རིག་གཞུང་《རྒྱ་དཔྱད་ཐོར་བུ་ཆེ་ཆུང་》ཞེས་པ་བོད་ཡིག་ཏུ་བསྒྱུར་བ་མ་ཟད། འདི་ཉིད་དང། བྷ་ར་ངྷ་ཛ། ག་ལེས་ནོས་གསུམ་བཀའ་བགྲོས་ཏེ་《མི་འཇིགས་པའི་མཚོན་ཆ་》ཞེས་པ་བམ་པོ་བདུན་ཡོད་པའི་གསོ་དཔྱད་ཀྱི་གཞུང་གསར་པ་ཞིག་བརྩམས་ནས་སྲོང་བཙན་ལ་ཕུལ་ཞིང། གསོ་དཔྱད་ཐམས་ཅད་ལུགས་སྡེ་གསུམ་དུ་བསྡུས་ནས་འཆད་པའི་སྲོལ་གཏོད། དེ་རྗེས་བོད་ཀྱི་རྒྱལ་པོས་བྱ་དགའ་ཕུལ་ཏེ་རང་ཡུལ་དུ་བཞུད་དོ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།